Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་སའི་ལྕེ།

Posted on 2020-05-07 By ཁ་བརྡ No Comments on གནམ་སའི་ལྕེ།

རླུང་དམར།

ཁ་བའི་ལས་དོན་སྙིང་ལ་གཅེས་སུ་འཛིན།།
དམ་ལོག་དོལ་འདྲེ་སྔར་ནས་རྒོལ་པ་པོ།།
རྨོངས་སེལ་དཔྱོད་ཤེས་ཆེ་བའི་གནམ་སའི་ལྕེ།།
ནམ་མཁའི་ཐོག་མདའ་འདྲ་བའི་སྐྱེས་ཕོ་ཁྱེད།།

མ་རིག་མུན་ལ་མཆོངས་བའི་བོད་མྱི་ཚོར།།
ལེགས་སྟོན་ལམ་བཟང་རྟག་ཏུ་སྨྲ་བར་བྲེལ།།
ཆོས་སྲིད་འོད་འབར་གངས་ཀྱི་ནང་རྫོང་ཆེ།།
དཔའ་གཏམ་མི་ལྐུགས་གཏན་གྱི་བླ་སུག་ཡིན།།

གོང་མའི་གོང་གི་བླ་མའི་བཀའ་གསུང་རྣམས།།
ཁ་བཤད་ལག་སྟོང་མིན་པར་བློ་རྩེ་དཀར།།
ཐ་ཤལ་ངོ་ལོག་ཆེ་བའི་བླུན་ཚོགས་ལ།།
མིག་དཔེ་གསེར་འོད་བརྡར་བའི་གཟེངས་སུ་ཐོན།།

བཙན་བྱོལ་ཐུ་བྷོད་ཉག་ཕྲའི་དུས་ཡུན་འདིར།།
རང་འགན་རི་ལས་ལྕི་བ་ཐུགས་སུ་གཉེར།།
མི་ཕམ་རྣོ་དབལ་བློ་གྲོས་མཁའ་ལྟར་ཡངས།།
བདེན་སྐྱོང་རྫུན་བཀོག་ཁྱེད་ཀྱིས་ལེགས་པར་འབྱེད།།

གང་ལ་གང་མཁོ་རིགས་ཀྱི་ཕོ་ཉ་དེ།།
ཁྱེད་སྤྲུལ་གནམ་སའི་ལྕེ་ཐོགས་རྒྱལ་སྲས་མཆོག།
ཀུན་ཕན་བདེ་རྩའི་དཔལ་ཡོན་རྣམ་པར་བསུ།།
ཁ་ངོ་དངུལ་ལོས་མ་བསླུས་སྐྱེས་ཕོ་ཉིད།།

གདོང་མཆོངས་དཔའ་ཕོ་ཁྱེད་ནི་རྡོ་རིང་ཞིག།
གང་ནས་བལྟས་ན་གཟི་འོད་དགུང་ལ་མཉམ།།
ཁ་ལྕེ་གློད་པ་གསེར་སྲང་སྟོང་ལས་ལྷག།
དུས་ཐོག་ཀུན་ལ་ཕ་མའི་བུ་རྒོད་རེད།།

གཏམ་འཆད་བུམ་མཛོད་རིག་པའི་སེང་གེ་ཁྱེད།།
བློ་བསྐྱེད་ལྕགས་དབྱུག་མི་བཤིག་རབ་ཏུ་མཛེས།།
སྨྱོན་པའི་བློ་དྲི་ནག་པོ་འདུལ་པ་པོ།།
ཕྱི་ནང་མེ་ལོང་འདྲ་བའི་གཙུག་གི་རྒྱན།།

ང་མཁས་ཁྱོད་མཁས་ཟེར་བའི་ང་རྒྱལ་མེད།།
མི་གཞིའི་བདེན་རྫུན་གླེང་མཁན་དབུ་མ་པ།།
རང་གི་རིགས་ལ་སྲི་ཞུ་བསྒྲུབ་པ་རེར།།
འོད་ཀྱི་སྒོ་མོ་ཕྱེས་པའི་མ་འོངས་པ།།

རྟུལ་ཕོད་ཆེ་བའི་མི་གཤིས་རླབས་ཆེན་ཞིག།
རང་རེའི་རིགས་ལ་ཤ་ཚ་གཏམ་གྱིས་ཕྱུག།
ནམ་ཡང་འགྱེལ་མེད་སྒེར་ཚུགས་སྒམ་པོ་དེས།།
གནམ་ས་འགུལ་འདྲའི་བྱས་རྗེས་མང་པོ་བཞག།

ཐུབ་བསྟན་ལང་ཚོའི་རྒྱ་མཚོ་མཐོང་གྲོལ་ཆེ།།
ཐོགས་མེད་ལེགས་བཤད་རྣ་བའི་བུ་རམ་འཐུལ།།
༸རྒྱལ་བའི་བཀའ་གསུང་ཐམས་ཅད་བསྒྲུབ་ལ་རེམ།།
རྒྱང་འབོད་གཉིད་ལས་དཀྲོག་བྱེད་དུས་ཀྱི་ཅོང་།།

སྙན་ངག

Post navigation

Previous Post: ༄༅།།ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རྐྱེན་དང་མ་འོངས་ཁ་ཕྱོགས་སྐོར་ལ་ཅུང་ཟད་ལྟ་བ།
Next Post: ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (5)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme