Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྗང་བུ་དང་ཁོ་རོ་ན། ད་དུང་སྙན་ངག

Posted on 2020-05-052020-05-05 By ཡེ་ཤེས་ 2 Comments on ལྗང་བུ་དང་ཁོ་རོ་ན། ད་དུང་སྙན་ངག

ཀླུ་སྨྱོན་ཧེ་རུ་ཀ

ཉིག་ཡོར་ན་ཁོན་ཡུན་སི་Queensཟེར་བའི་ས་གནས་ཤིག་ཡོད།
དེ་རུང་བོད་པ་དང་རྒྱ་གར་བར་འཚང་ཀ་བྱས་ནས་བསྡད་ཡོད།
ངའི་གྲོགས་པོ་ཞིག་གི་འབོད་སྟངས་བཞིན་བྱས་ནས་མེག་སི་ཀན་སྐེ་ཐུང་ཚོ་ཡང་དེར་འཚངས་བསྡད་ཡོད།

དེ་རུ་སྔོན་མ་ནས་ཁང་གླ་ཆེན་པོ་ཡིན་མོད། དེ་ནི་ས་འོག་མེ་འཁོར་འབབ་ཚིགས་ལ་ཐག་ཉེ་ཞིང་།
ཇག་སིན་ཧ་ཡེ་ཟེར་བའི་ཤར་ཕྱོགས་པ་ཚོ་འདུ་ས་ཞིག་དང་།
ཧྥུ་ལ་ཞིན་ཟེར་བའི་རྒྱ་མོ་ཚོའི་ཨོང་དོར་ཅེར་ས་ཞིག་ཀྱང་ཡོད།

སྙན་ངག་པ་ལྗང་བུ་ཡང་ས་གནས་དེར་བསྡད་ཡོད་པ་འདྲ།
ཁོང་གིས་ཉེ་ལམ་སྙན་ངག་ཅིག་བྲིས་པ་ལགས།
སྙན་ངག་དེ་ལ་རྩེ་དཔེ་མཛོད་ཁང་གི་ཟླ་བཞི་པ་སྙན་ངག་གི་ཟླ་བར་མཐུད།
ལྗང་བུས་སྙན་ངག་དེ་འབྲི་དུས་ཁོང་གིས་གཅིན་པ་གཏོང་གི་ཡོད།
སྙན་ངག་དེ་གཅིན་བཏང་མ་ཚར་གོང་བྲིས་ཚར་བ་མ་ཟད་སྤེལ་ཀྱང་ཚར།
སྙན་ངག་དེ་ཇི་འདྲའི་ཐུང་བ་ལ་ཨང་།

ཡིན་ན་ཡང་།
སྙན་ངག་དེ་སྤེལ་པའི་རྗེས་སུ་དེ་ལ་རྔ་མ་སྐྱེས་བྱུང་།
རྔ་མ་དེའི་མིང་ལ་ཕྲན་བཤད་ཟེར་བཞིན་འདུག
རྔ་མ་དེ་ལྗང་བུའི་ཨོང་དོའི་སྟེང་དུ་སྐྱེས་པ་གཏན་ནས་མིན།
དེ་ནི་ཨ་མདོ་བ་ཨོང་དོ་མེད་པ་འགའི་ཨོང་དོའི་སྟེང་ནས་སྐྱེས་པ་ལགས།
དེ་ནི་གཏན་ཚིག་དང་འགལ་ཡོད་སྲིད་ཀྱང་སྒྱུ་རྩལ་དང་གཏན་ནས་འགལ་མེད།

ལྗང་བུས་སྙན་ངག་དེ་འབྲི་སའི་མེ་འཁོར་འབབ་ཚིགས་ཀྱི་མིང་ལ་ཁོ་རོ་ན་ཕི་ལ་ཟ་Corona Plaza་ཟེར།
དེ་ཉིག་ཡོར་ནས་ཤར་ཕྱོགས་སུ་བགྲོད་པའི་མེ་འཁོར་ས་ཚིགས་ 103 པ་དེ་ཡིན།
ལྗང་བུས་སྙན་ངག་དེ་འབྲི་ཞོར་དང་ཆབ་གསང་གནང་ཞོར་ད་དུང་འདར་སིག་ཅིག་ཀྱང་རྒྱག་ཞོར་བྱས།
གཅིན་པ་གཏོང་ཞོར་འདར་སིག་རྒྱག་པ་དེ་སྐྱེས་པ་ཕོ་ཁོ་ནའི་ཁྱད་ཆོས་ཤིག་ཀྱང་ཡིན་སྲིད།
ཡང་མིན་ན་ལྗང་བུས་ཁོ་རོ་ན་ཞེས་པའི་ལམ་རྟགས་དེ་ཆེས་ཐོག་མར་མཐོང་སྟེ་འདར་ཞིང་གསིག་པ་ཞིག་ཀྱང་ཡིན་ཆོག།

ངའི་གྲོགས་པོ་སྙན་ངག་པ་འགའ་ཕྲན་བཤད་འབྲི་རྒྱུར་ཧ་ཅང་དགའ།
ཕྲན་བཤད་ཟེར་བ་དེ་ཚོ་བྲིས་རྗེས་ཁོ་ཚོ་གཉིད་དུ་ཡུར་འགྲོ།
ཁོ་ཚོར་འདང་རྒྱག་ཅི་ཡང་མེད་ལ་འདང་རྒྱག་ཕྲན་བུ་རེ་ཡོད་དུས་ཀྱང་ཡོད།
ཁོ་ཚོ་རྒྱ་གར་ནས་ཨ་རིར་འབྱོར་ཡོད་ཀྱང་སྲིད།
ཁོ་ཚོ་ནམ་ཡང་རང་ཡུལ་མེད་པའི་འཁྱམ་པོ་ལྡོམ་པོ་འགའ་ཡིན།

གཅིག་བྱས་ན་ལྗང་བུ་ཡང་སྔོན་ཆད་་་གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གི་་་ཞེས་པའི་སྙན་ངག་དེ་འབྲི་དུས་བཞིན།
དབུ་ཆེན་པོ་དེའི་སྒང་ལ་སྐྲ་དཀར་རྫོགས་མེད་ཅིག་སྐྱེས་པའི་ཕོ་ཁྱོ་ག་ཞིག་ཡིན་ཆོག
ལྗང་བུའི་སྙན་ངག་དེ་ཚོའི་ནང་དུ་མངོན་མེད་ཡ་ཕེན་བསྲེས་ཡོད་ཁོ་ཐག་ཡིན།
དེས་གསར་བུ་མང་པོ་ཞིག་ཉིན་མང་པོར་ཉལ་སར་ལྷུང་དུ་བཅུག
ད་ཐ་ན་མིའི་དབང་རྩ་ཡང་འཁྲུགས་པར་བཟོས།
དེ་གློག་བརྙན་དུ་ཕབ་ཆོག་ལ་གད་སྙིགས་སུ་བརྩིས་ཀྱང་ཆོག
དེ་ནི་སྒྱུ་རྩལ་ལ་བཟུང་བའི་ལྟ་ཚུལ་རིགས་ཤིག་ཡིན་པས་ཚོན་སྣ་འདྲ་མིན་ཡོད་ཆོག

ངས་གྲ་སྒྲིག་ཅི་ཡང་མེད་པའི་སྒོ་ནས་སྙན་ངག་འདི་བྲིས་ཟིན།
འཆར་ཅན་བཞིན་བྲིས་ཟིན་པ་འདི་ཁ་བརྡ་དྲ་བའི་སྟེང་དུ་སྤེལ་རྒྱུ་ཡིན།
སྙན་ངག་འདི་ལྗང་བུས་ཀློག་ཆོག་ལ་མ་བཀླགས་ཀྱང་དེ་བས་ཆོག
ལྗང་བུ་ད་ལྟ་ཁོ་རོ་ན་ལམ་རྟགས་དེའི་སྟེང་དུ་ཡང་སྐྱར་འགྲེངས་ཡོད་སྲིད།
དེ་ནི་བཀྲ་ཤིས་ཟླ་བའི་་་བོད་ལྗོངས་་རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས་་ ནང་གི་མཐར་འཕེལ་ལམ་ཡང་ན་ཁྱུང་ཁྱུང་ཡིན་ཡང་ཆོག
་་་ ་་་

སྙན་ངག

Post navigation

Previous Post: ཆུང་འདྲིས།
Next Post: ༄༅།།ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རྐྱེན་དང་མ་འོངས་ཁ་ཕྱོགས་སྐོར་ལ་ཅུང་ཟད་ལྟ་བ།

Comments (2) on “ལྗང་བུ་དང་ཁོ་རོ་ན། ད་དུང་སྙན་ངག”

  1. བདེ་འཇགས་ཕོ་ཉ། says:
    2020-05-06 at 5:30 am

    ད་ལྟ་རང་ལྗང་བུའི་སྙན་ངག་དེ་དྲ་ཐོག་ནས་བཀླགས་རྒྱུ་རག་སོང་། ཉིན་ཤས་སྔོན་ཁིར་ཀིས་ཀློག་གིན་པ་དེ་མཐོང་བྱུང་། བྲོ་བ་ཅི་ཡང་མེད་པ་ཞིག་རེད་འདུག ལྗང་བུ་ཟེར་བ་དེ་མྱི་དགོད་སྤྱད་ཅིག་རེད། སྙན་ངག་མེ་ཏོག་འདྲ་བ་ཞིག་བྲིས་རྗེས། ཁིར་ཀིས་གཅིག་བཀླགས་ནས་ཅང་ར་མི་ཉན་ནི་ཟིག་ལ་བཏང་ཡོད་ཀི། ངས་ཁིར་ཀིས་བཀླགས་པ་དེ་མཐོང་ནས་བརྙན་མཚར་པོ་འདྲ་ཞིག་བཟོས་འདུག་མོད། སྙན་ངག་དེ་ཚྭ་ཁུ་མེད་པའི་ཐུག་པ་ཞིག་དང་འདྲ་བོ་བཟོས་འདུག་ཅེས་ལབ་ཡིན། སྙན་ངག་དེ་ལྗང་བུ་ཁིར་ཀིས་བཀླགས་པ་དེ་ལ་མི་ཉན་པར་སོ་སོ་གཅིག་པོ་ཁི་སུམ་མེར་བསྡད་ན་བཀླགས་ན། ཉིན་འགའི་སྔོན་ལྗང་བུ་ཁིར་ཀིས་བཀླགས་པའི་སྙན་ངག་དེ་མ་རེད།

  2. ཚང་མ། says:
    2020-05-14 at 12:26 am

    གངས་འཚོས་དཀར་ནག་གི་འཐབ་མོ་དང་་ལྗགས་མདའི་དྲན་པ་ཉེར་གཞག ཚ་བ་མདའ་སྨྱུག་གི་ཕྱིར་རྟོག སྐྱབས་ཆེན་བདེ་གྲོལ་གྱི་གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད་་དེབ་འདི་ཚོ་ཀློག་རིན་ཞིག་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme