Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྗང་བུའི་༼Queens རྒྱལ་མོའི་ལམ་ཀ་༽རོགས་མཐུན་ཞིག་རེད་དམ།

Posted on 2020-05-042020-05-04 By ཁ་བརྡ No Comments on ལྗང་བུའི་༼Queens རྒྱལ་མོའི་ལམ་ཀ་༽རོགས་མཐུན་ཞིག་རེད་དམ།

ཁྲོ་གཏུམ།

རོགས་མཐུན་གཞས་ཚིག་འབྲི་སྟངས་ཤིག ཡང་ན་དོག་དབྱིབས་ནད་དུག་གིས་ལམ་ཁ་བཀག་པའི་ཝར་བ་ཞིག་གི་སེམས་པ། ཝར་བ། ཁྱི་ཁ་རྩེད་པ། ཧོ་ཉུག་གམ་ཕོ་ཉུལ་བྱེད་པ། འདི་ནི་རྩྭ་ཐང་གི་རྫི་བོ་གསར་བུ་རྣམས་ཀྱི་སྣང་བ་སྣ་རྩེར་འཛིན་པའི་དུས་ཤིག ལྗང་བུའི་ Queens, རྒྱལ་མོའི་ལམ་ཀ འདི་ཀློག་གིན་ཀློག་གིན་ཧོ་ཉུག་ལ་འགྲོ་སྟངས་ཤིག་གི་ཚོར་བ་ཡོང་ལ། རྩྭ་ཐང་ནས་ཧོ་ཉུག་ལ་འགྲོ་བའི་སྲོལ་དེ་དེང་རབས་ཀྱི་རླབས་མཐོ་བའི་ཨ་རིའི་ཚན་རིག་ལྡན་པའི་གྲོང་ཁྱེར་ནས་ཧོ་ཉུག་བྱེད་འགོ་བཙུགས་ཤིང་། སྣང་འགྲོ་བུ་མོ་ཞིག་གི་སྒོ་སྟེགས་ཨང་ཀི་ཚུན་ཆད་བཙལ་སྟེ། རེ་སྒུག་གང་ཞིག་ལ་དམིགས་པའི་དུས་དེར་ཏོག་དབྱིབས་ནད་དུག་གི་ཁྱབ་རྒྱས་ནང་སྡོད་བཀའ་བཏང་བའི་ལེ་ལན་གྱིས་ཧོ་ཉུག་ལ་འགྲོ་བའི་ལམ་ཁ་བཀག་ཅིང་། དྲན་ཤིང་གི་མཛེས་པ་སྣུམ་པོ་དག་རིམ་གྱིས་རང་མོས་སྙན་ངག་གི་སྒྱུ་རྩལ་ལ་དྲངས་པའི་རོགས་དྲན་པའི་སྐོར་གྱི་ལ་གཞས་ཤིག མཐའ་མའི་ཚིག་དེ་བསམ་བློའི་བློས་གཏོང་ཞིག་སྟེ། བདེ་སྐྱིད་ལྡན་པའི་སྨོན་ལམ་བརྒྱབ་པའི་བློ་སྟོབས་འདི་ལྟ་བུ་ཞིག་མི་ཁ་ཤས་སུ་མ་གཏོགས་མེད་པ་ཞིག་རེད་བསམ།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༠༥ ཉིན་བྲིས།

Queens, རྒྱལ་མོའི་ལམ་ཀ

རྩོམ་པ་པོ། ལྗང་བུ།

Queens, རྒྱལ་མོའི་ལམ་ཀ
སྒོ་རྟགས་བརྒྱ་དང་བཅུ་གསུམ
ཚེ་རིང་མཚོ་མོ་བཞུགས་ས
ཨུ་དུམ་ཝ་ར་འཁྲུངས་ས
རྨི་ལམ་ཚོན་གྱི་རི་མོ
ངོ་ནི་ཤེས་ཀྱིན་མེད་རུང
སེམས་ཀྱི་གཏིང་ལ་སྐྱེས་ཡོད
ཐེངས་མ་བརྒྱ་ཕྲག་སྟོང་ཕྲག
སྒོ་འགྲམ་བརྒྱུད་ནས་ཕྱིན་ཡིན
སེམས་པ་ཤོར་ཤོར་དེ་གཅིག་བྱས
སྙིང་ཁམས་འཕར་འཕར་དེ་གཉིས་བྱས

Queens, རྒྱལ་མོའི་ལམ་ཀ
སྒོ་རྟགས་བརྒྱ་དང་བཅུ་གསུམ
ང་ཡི་ཚེ་རིང་མཚོ་མོ
རྨི་ལམ་ཚོན་གྱི་རི་མོ
སྐུ་གཟུགས་བདེ་མོ་ཡིན་ནམ
ཐུགས་སེམས་སྐྱིད་པོ་ཡིན་ནམ
ཁོ་རོ་ན་ཡི་རྗེས་ལ
གྲིབ་མ་མཐོང་ཡ་མི་འདུག
སྙིང་ཁམས་འཕར་འཕར་དེ་གཅིག་བྱས
སེམས་ཁྲལ་ཆེ་ཆེ་དེ་གཉིས་བྱས

Queens, རྒྱལ་མོའི་ལམ་ཀ
སྒོ་རྟགས་བརྒྱ་དང་བཅུ་གསུམ
ཉི་མ་ཁོད་ལ་བབས་སོང
སྤྲིན་པ་བྱིན་རླབས་འབར་སོང
མཛེས་པའི་ཚེ་རིང་མཚོ་མོ
འཛུམ་པའི་སྒོ་ལས་ཐོན་བྱུང
ཕོ་གསར་སྣང་འགྲོ་ཞིག་དང
ལག་པ་དམ་པོར་འཆངས་འདུག
ཁྱེད་རང་འཚམ་འཚམ་དེས་གཅིག་དགའ
ཁྱེད་གཉིས་སྐྱིད་སྐྱིད་ཅིག་ཡོང་རོགས

2020/4

བསམ་ཚུལ།

Post navigation

Previous Post: ཁྱིམ་སྡོད་སྐབས་ཀྱི་སྙན་ངག་པའི་འཆར་སྣང་།
Next Post: ཆུང་འདྲིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme