Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཐོ།

Posted on 2020-04-272020-04-28 By ཁ་བརྡ 1 Comment on ཉིན་ཐོ།

ཆང་སྐྱེས།

རང་གི་སྐད་ཡིག་ལ་རང་གིས་བཙན་གཡེམ་མ་བྱེད།

དེ་ཡང་མི་རིགས་ཤིག་ལ་མཚོན་ན་མི་རིགས་རང་ཉིད་ཀྱི་དར་རྒུད་ཡོད་ཚད་སྐད་དང་ཡི་གེ་གཙོ་བྱས་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་ལ་རག་ཡོད་པ་ནི་ཁོ་བོས་མ་བཤད་ཀྱང་ཚང་མས་མཁྱེན་གསལ་རེད། མི་རིགས་གཅིག་རྩ་མེད་དུ་གཏོང་དགོས་ན་དང་པོ་མི་རིགས་དེའི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་དགོས་ཟེར་བ་བཞིན་སྐད་དང་ཡི་གེ་གཉིས་ནི་མི་རིགས་གང་ཞིག་ཡིན་རུང་མི་རིགས་དེ་ཉིད་འཆི་གསོན་གྱི་སྲོག་ཤིང་ལྟ་བུ་ཡིན་པ་ཡང་བདག་གིས་མ་བཤད་ཀྱང་ཚང་མས་ལོས་ཤེས། ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་རང་རེའི་བོད་པ་ཚོར་མཚོན་ན་ཨ་གསར་ཆེ་སོང་བ་ཡིན་ནམ་ཡང་ན་བསམ་བློ་ཡི་ཕུགས་རྒྱང་ཐུང་སོང་བ་ཡིན་ནམ། གང་ལྟར་མི་རིགས་གཞན་ཞིག་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་དགའ་མདོག་མདོག་གིས་ཤི་འཐམ་རོ་འཐམ་བྱེད་མཁན་ཉུང་ཉུང་མིའདུག ལྷག་པར་ཏུ་སློབ་གྲྭ་ཆེན་པོ་འདྲ་འགྲིམ་ཁུལ་བྱེད་བཞིན་པའི་སློབ་ཆེན་སློབ་མའི་ཁྲོད་དང་གྲོང་ཁྱེར་ཁག་ཏུ་གནས་སྡོད་བྱས་ཏེ་ཚོང་ལས་ཆུང་ཆུང་རེ་གཉེར་བཞིན་པའི་བོད་མི་དེ་དག་གི་གྲལ་ན་དེ་བས་ཀྱང་ཉུང་ཉུང་མ་རེད། དེང་སྐབས་མང་པོ་ཞིག་གིས་རང་གི་བྱས་ཉེས་འདི་དག་ཁོར་ཡུག་གི་རྐྱེན་དང་དགོས་དབང་གི་དོན་དུ་ཡིན་སྐད་གསུང་གིན་འདུག ད་དུང་ཆབ་སྲིད་དང་སྲིད་ཇུས་ཀྱིས་བསྐྲུན་པ་རེད་ཞེས་ངན་ཁག་ཡོད་ཚད་གཞན་གྱི་མགོ་ལ་གཡོག་མཁན་ཡང་ཡོད་ཚོད་འདུག དེ་ལྟར་ཡིན་ན་རྒྱ་མི་རིགས་ལ་མཚོན་ན་ཡང་ཕྱི་ལོ་༡༢༨༠ ནས་༡༣༦༨ བར་གྱི་ལོ་ངོ་༨༨ རིང་ལ་སོག་པོ་ཡོན་རྒྱལ་རབས་ཀྱིས་དབང་བསྒྱུར་བྱས་ཏེ་སོག་པོའི་མངའ་འོག་ཏུ་གནས་པ་དང་ཐེ་ཝན་ཡང་ཕྱི་ལོ་༡༨༩༣ ནས་༡༩༤༥ བར་གྱི་ལོ་ངོ་༥༠ རིང་ལ་འབྱར་པན་གྱིས་དབང་བསྒྱུར་འོག་གནས་པ། རྒྱ་གར་བ་ཚོ་ཡང་ཕྱི་ལོ་༡༨༡༨ ནས་ ༡༩༤༧ བར་གྱི་ལོ་ངོ་༡༢༩ རིང་ལ་དབྱིན་ཇིས་དབང་བསྒྱུར་བྱས་པའི་ཉེ་རབས་ཀྱི་ལོ་རྒྱུས་མང་མོད། འོན་ཀྱང་རྒྱ་ནག་དང་རྒྱ་གར་སོགས་ཀྱི་མི་རིགས་དེ་དག་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་གཞན་གྱིས་དབང་བསྒྱུར་མངའ་འོག་ཏུ་ཡོད་པའི་དུས་སྐབས་དེ་དག་གི་རིང་ལ་རང་གི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་རྩ་བ་ནས་དོར་མི་འདུག་པ་མ་ཟད་དེ་ལས་ལྡོག་སྟེ་རྒྱུན་འཛིན་དང་སྲུང་སྐྱོབ་གང་ལེགས་བྱས་འདུག དེ་བས་ང་ཚོ་བོད་མི་རིགས་ལ་ཅི་ཞིག་བྱུང་སོང་། རྒྱ་ནག་གི་རྩོམ་པ་པོ་གྲགས་ཆེན་ལུའུ་ཞུན་ལགས་ཀྱིས་”གལ་ཏེ་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེ་སོགས་ལ་ཨ་གསར་བྱས་ནས་བེད་སྤྱོད་བཏང་ཚེ་མི་རིགས་དེ་ཉིད་རྩ་མེད་དུ་འགྲོ་བའི་སྔ་ལྟས་ཡིན་ཞེས་གསུང་ཡོད་པ་བཞིན་ང་ཚོས་གཞན་གྱི་སྐད་དང་ཡི་གེ་སོགས་ལ་དུངས་ཁུལ་དང་སྤྱོད་ཁུལ་བྱས་ཏེ་རང་གི་སྐད་ཡིག་དང་ཆོས་ལུགས་རིག་གནས་སོགས་གད་སྙིགས་ལྟར་གང་འདོད་དུ་དོར་རྐྱང་དང་གཡུག་རྐྱང་བྱས་ན་ནི་མི་འགྱངས་བར་ང་ཚོ་བོད་པ་ཟེར་བའི་མི་རིགས་འདི་ཉིད་གོ་ལ་ཟླུམ་པོ་འདིའི་སྟེང་ནས་རྩ་མེད་དུ་མི་འགྲོ་བའི་ངེས་པ་མེད་དོ ། མི་རིགས་དང་མི་རིགས་བར་གྱི་དབྱེ་བ་ནི་མི་རིགས་སོ་སའི་མཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ཆོས་ལུགས་དང་རིག་གནས་སོགས་ཀྱིས་འབྱེད་དགོས་པ་ཞིག་ལས་མིའི་གཟུགས་ཀྱི་རིང་ཐུང་དང་སྐྱི་པགས་ཀྱི་ཁ་དོག ཁ་མིག་སོགས་ཀྱི་ཆེ་ཆུང་ལ་བལྟས་ནས་དབྱེ་བ་འབྱེད་དགོས་པ་ཞིག་གཏན་ནས་མ་རེད །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཞལ་སྔ་ནས་ཀྱང་”སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་རང་གི་ཕ་སྐད་བརྗེད་ན་ཤིན་ཏུ་ཁྲེལ་ཞེས་བཀའ་སློབ་གསེར་ནག་གི་རིལ་བུ་འདྲ་བ་རབས་དང་རིམ་པ་མང་པོ་ཞིག་་གསུངས་མྱོང་ཡོད་པ་བོད་མི་ཚང་མའི་སེམས་ན་ཡོད་ཀྱིས་རེད་བསམ་བྱུང་ ། དེ་བས་ཤ་དང་རུས་རྒྱུད་གཅིག་པས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རང་རེའི་བོད་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ལ་ཁོག་གི་སྙིང་དང་ཐོད་པའི་མིག་བཞིན་དུ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་བོད་མི་ཡོངས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་པོ་དེ་རེད ། ང་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ཡང་དག་ཞིག་བྱེད་ཐུབ་སོང་ན་ད་བཟོད་ང་ཚོ་བོད་མི་རིགས་འདི་ཉིད་ཇི་སྲིད་བསྐལ་བ་མ་སྟོང་བར་དུ་གོ་ལ་ཟླུམ་པོ་འདིའི་སྟེང་དུ་གནས་ཐུབ་པས་སོ།།

སྣ་ཚོགས།

Post navigation

Previous Post: གནས་ལུགས་གོམ་འཇལ།
Next Post: ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། ( 8 )

Comment (1) on “ཉིན་ཐོ།”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-28 at 10:03 am

    རྒྱུ་ཚན་འདུག་ལ་གནས་ལུགས་ཡང་འདུག་ལ་བདེན་གཏམ་ངོ་མ་བཤད་འདུག་སྐད་ཡིག་ནི་མི་རིགས་དང་རྒྱལ་ཁབ་ཀྱི་འབྱུང་ཁུང་རེད་ལ་ངོ་བོ་ཡང་རེད་ང་ཚོ་བོད་མི་ཚོ་འཛམ་གླིང་གི་ལུང་པ་མང་པོའི་ནང་ཁ་འཐོར་ནས་བསྡད་པ་འདིའི་ང་ཚོའི་སྐད་ཡིག་དང་རིག་གཞུང་སོགས་ལ་ཉམས་ཆགས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་དང་མི་འབོར་ས་ཡ་དྲུག་ལས་མེད་པའི་མི་རིགས་དེ་ཡང་གཞིས་བྱེས་གཉིས་སུ་ཡོད་པ་ནས་བོད་ནང་རྒྱ་མིའི་བཙན་དབང་འོག་བོད་མི་ཚོ་རང་གི་སྐད་ཡིག་ལ་འགན་འཁུར་ཐུབ་པའི་རང་དབང་མེད་པ་དང་བཙན་བྱོལ་ནང་ཡོད་པའི་ང་ཚོ་བོད་མི་ཚོ་སོ་སོའི་ལྟོ་གོས་ཆེད་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་ལུང་པ་མང་པོའི་ནང་ཁ་འཐོོར་ནས་འཚོ་བ་སྐྱེལ་བཞིན་པ་སོགས་ལ་བལྟ་སྐབས་ང་ཚོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོོའི་སྐད་ཡིག་སྲུུང་སྐྱོབས་ཆེད་ལས་འཆར་གསར་པ་སྒྲ་སྒྲིག་བྱ་རྒྱུ་དེ་ཕྱི་མེད་ན་ཡང་སྔ་གང་ན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme