Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་ཞར་མའི་སྒྲུང་།

Posted on 2010-07-032010-07-03 By ཁ་བརྡ་ 18 Comments on བུ་མོ་ཞར་མའི་སྒྲུང་།

girlནི་ཤཱན྄ྟིས་མཛད།
ཟ྄ླ་བ་གཞོན་ནུ་བས྄ྒྱུར།

བུ་མོ་ཞིག་ཡོད་པ་སྐྱེས་དུས་ནས་ལོང་བ་ཡིན་ལ་དེའི་སྟབས་གྱིས་མོ་རང་ཉིད་ལ་ཁོང་ནས་ཁྲོ་བཞིན་ཡོད་པ་རེད། མོས་མོའི་རོགས་པ་བུ་ཞིག་ཡོད་པ་དེ་མ་གཏོགས་གཞན་སུ་ལའང་དགའ་བོ་བྱེད་ཀྱི་མེད་ལ། བུ་དེ་ཡང་མོ་ལ་ཤིན་ཏུ་ནས་བརྩེ་ཞིང་། མོར་ཕྱོགས་གང་ཐད་ནས་གཅེས་སྐྱོང་བྱེད་ཅི་ཐུབ་བྱེད། ཉིན་ཞིག་ལ་བུ་མོ་དེས་ “གལ་ཏེ་ནམ་ཞིག་ངས་འཇིག་རྟེན་འདི་མཐོང་ཐུབ་པར་གྱུར་ན་དེ་དུས་ངས་ཁྱེད་དང་གཉེན་བསྒྲིག་རྒྱུ་ཡིན །”ཞེས་བུ་དེར་བཤད། ཉིན་ཞིག་ལ་མི་ཆེ་གེ་མོ་ཞིག་གིས་བུ་མོ་དེར་མིག་གི་སྦྱིན་པ་གནང་བ་རེད། བུ་མོ་དེའི་མིག་ལས་རྨ་རས་གྲོལ་དུས་མོས་ཡོད་ཚད་མཐོང་ཐུབ་པར་གྱྱུར་ཞིང་། མོས་བུ་དེའང་མཐོང་ཐུབ་པར་གྱུར་བ་རེད། བུ་དེས་ཁོ་མོར་“ད་ལྟ་ཁྱེད་ཀྱིས་ཡོད་ཚད་མཐོང་ཐུབ་ཀྱི་ཡོད་པ་རེད། ཅི་ཁྱེད་ཀྱིས་བདག་དང་གཉེན་བསྒྲིག་གི་ཡིན་ནམ།”ཞེས་དྲིས་པར། བུ་མོ་དེས་བུ་དེ་ཞ་ར་ཡིན་པ་ཤེས་ནས་ཧང་སངས་པ་སྟེ། ཁོ་མོར་འདི་ལྟ་བུ་ཞིག་ཡིན་རྒྱུ་ཡིན་པའི་རེ་བ་ཡོད་པ་མ་རེད། མོས་མི་ཚེ་བུ་ཞ་ར་ཞིག་གི་མཉམ་དུ་བསྐྱེལ་དགོས་འཁེལ་རྒྱུ་རེད་བསམས་ནས་གཉེན་བསྒྲིག་རྒྱུར་ཁས་ལེན་མ་བྱས་པ་རེད། བུ་དེའི་མིག་ལ་མཆུ་མ་འཁོར་བཞིན་དེ་ནས་ཁ་བྲལ་ཞིང་། ཉིན་འགའི་རྗེས་ནས་ཁོས་བུ་མོ་དེ་ལ་ཡི་གེ་ཞིག་བྲིས་པ་སྟེ། “ངའི་སྙིང་སྡུག་ལགས། ཁྱེད་ཀྱིས་རང་གི་མིག་གཉིས་ལ་བདག་གཅེས་གང་ཡག་བྱ་དགོས། རྒྱུ་མཚན་ནི་དེ་གཉིས་ངའི་མིག་ཡིན།”

༢༠༡༠/༠༧/༠༢་ཉིན་ངྷ་སར་ལེགས་པར་བསྒྱུར།

འགྱུར་རྩོམ།

Post navigation

Previous Post: སེང་རྡོར། གཞིས་བྱེས་དབར་ལ་འགལ་ཟླ་མ་བཟོ།
Next Post: ཨ་མ་ལགས། རྗེ་བཙུན་པདྨ།

Comments (18) on “བུ་མོ་ཞར་མའི་སྒྲུང་།”

  1. ཁང་གསར་རྡོ་རྗེ། says:
    2010-07-03 at 4:54 am

    ཨ་རོགས་འདི་ཡག་པོ་རང་བསྒྱུར་མི་འདུག་ག མ་དཔེ་འདིར་ཡོད། གཟིགས་དང་།
    There was a blind girl who hated herself just
    because she’s blind.

    She hated everyone, except her loving boyfriend. He’s always there for her.

    She said that if she could only see the world, she would marry her boyfriend.

    One day, someone donated a pair of eyes to her and then she can see everything, including her boyfriend.

    Her boyfriend asked her, “now that you can see the world, will you marry me?”
    The girl was shocked when she saw that her
    boyfriend is blind too, and refused to marry him.

    Her boyfriend walked away in tears, and later wrote a letter to her saying.
    “Just take care of my eyes dear.”

  2. རིག་བཟང་། says:
    2010-07-03 at 5:04 am

    འདི་དངོས་སྒྲུང་དང་། བརྩམས་སྒྲུང་གང་ཡིན་ནམ། གང་ལྟར་མིའི་ཁོག་མིས་མི་ལོན་། རྡོའི་ཁོག་ཆུས་མི་ལོན་ཟེར་བའི་གངས་ཅན་པའི་ཁ་དཔེ་དེ་དྲན་པའི་ཞོར་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱུང་།

  3. སྟག་སྨྱོན། says:
    2010-07-03 at 4:51 pm

    དེ་རིང་གུང་གསེང་དང་བསྟུན་བོད་ཡིག་གི་དྲ་རྒྱ་ཁག་ནང་སྐར་མ་ཁ་ཤས་ཀྱི་ཞལ་འདེབས་བརྒྱག་བསམ་ནས་ཡོང་མོད། རིག་པ་སྒྲིམ་ནས་བསམ་ཚུལ་འབུལ་དགོས་པའི་གླེང་གཞི་སྣང་བ་འགྲོ་བ་མ་མཐོང་བས། ཡོང་བའི་ཞོར་ལ་མཆན་རེ་གཉིས་སྟོང་ཙམ་བྱས་ནས་ཕུལ་བ་ཡིན། བུ་གླེན་པ་དེས་མིག་གཅིག་སྤྲད་ན་མོས་འཛམ་གླིང་ཡོངས་རྫོགས་མཐོང་གི་རེད། མོས་རེ་འདོད་ཀྱང་འཛམ་གླིང་ཡོངས་རྫོགས་མཐོང་འདོད་པ་ལས། མིག་གཉིས་བྱུང་ནས་འཛམ་གླིང་འདི་མཐོང་ཐུབ་རོགས་བྱས་ན་ལབ་མི་འདུག མིག་གཅིག་མོ་ལ་སྤྲད་གཅིག་ཁོ་རང་གིས་ཉར་ན་འགྲིག་འདུག་ག རྩེད་མོ་ཡིན། གང་ལྟར་བུ་དེས་གྱོང་རག་འདུག མིག་ཤོར་སྐྱེས་དམན་མ་རག བཅོས་སྒྲུང་འདིའི་སྤུས་ཞན་པ་དཔེ་འདུག

  4. རིན་ཆེན says:
    2010-07-03 at 7:29 pm

    སྒྲུང་འདི་ཀློག་ནས་ངུ་ཤོར་སོང་། ཨོ་ཡང་སེམས་སྐྱོ་དྲག་ནས་མ་རེད་ད་། སྒྲུང་འདི་ལ་ནང་དོན་དང་སློབ་སོ་གང་ཡང་མི་འདུག་པས་ཆོ་མེད་དྲག་ནས་རེད་། ཨ་རྐྱང་རྩེད་མོ་ཡིན་ད་། ཧཧཧ།

  5. ཀརྡོ་རབ་འབྱམས་པ་ says:
    2010-07-04 at 5:32 am

    སྒྲུང་གི་སྙིང་དོན་ནི། བུ་མོ་རང་ལ་མིག་མེད་དུས། དགའ་གྲོགས་ལ་མིག་མེད་པ་མི་ཤེས་པའི་ཀླད་མེད། རང་ལ་མིག་འབྱོར་དུས། དགའ་བོར་བརྩེ་བའི་སྙིང་མེད་པར་མཐོང་མཁན་མིག་མེད་མ་ཅིག་ཆགས་པ་ཡིན་པ་འདྲ།

  6. ཚེ་དབང་རིག་འཛིན། says:
    2010-07-04 at 7:57 am

    སྒྲུང་འདི་སྙན་པོ་ཞེ་དྲག་འདུག དེས་མོ་ཚོ་ཧ་ཅང་སྤྲང་གྲུང་གཡོ་རྒྱུ་ཅན་ཞིག་དང་། ཕོ་ཚོ་གླེན་པ་གླེན་ཀྱང་ཞིག་ཡིན་པ་མཚོན་ཐུབ། རྟག་ཏུ་ཟབ་དགོས་སྐྱེས་པ་ཚོ། ཧ་ཧ་ཀུ་རྩེད་ཡིན།།།།།།།། ང་རང་ཡང་དེ་ལྟར་བྱེད་ན་འདོད། ཨེ་རེད། བོུ་ལོང་པ་འདྲ་ཡོད་ན་གསུང་རོགས།

  7. ཀརྡོ་རབ་འབྱམས་པ་ says:
    2010-07-04 at 12:33 pm

    ཞ་རའི་ཚིག་ལ་དཔྱད་ན། ཞ་ར་མིག་གཅིག་ལོང་བ། ལོང་བ་མིག་གཉིས་ཀར་ལོང་བ། དམུས་ལོང་ནི་སྐྱེས་དུས་ནས་མིག་ལོང་བ་སོ་སོར་གོ་དགོས།

  8. མེ་ཏོག་དཀར་པོ། says:
    2010-07-04 at 12:53 pm

    སྒྲུང་འདི་སྙན་མི་སྙན་མང་པོ་ཞིག་གསུངས་སོང་།
    བུ་མོ་ཞ་རའི་སྒྲུང་གི་བརྙན་རིས་ལ་མིག་ཧ་ཅང་སྙིང་རྗེ་པོ་ཅན་ཞིག་བཀོད་འདུག
    དེ་ལྟར་ན་གོང་རྩོམ་འདི་ཟླ་འདིའི་རྩོམ་ཞན་ཤོས་རེད་ཅེས་བཤད་ཆོག
    མ་རེད་དམ།

  9. གཞོན་ནུ་ཟླ་མེད། says:
    2010-07-04 at 2:34 pm

    ད་དེ་ཁེགས་མེད་བུ་དེས་རང་གི་མིང་གཉིས་བུ་མོ་དེར་སྤྲད་པ། ང་ཚོ་ཕོ་རྒོད་ཚོ་ཚོགས་ནས་ནང་ཁུལ་སྐད་ཆ་བཤད་དུས་བུ་མོ་དེ་གཡོ་རྒྱུ་ཡོད། དེ་མགོ་སྐོར་གི་རེད། ང་གཅིག་གི་མགོ་སྐོར་འོག་ལ་ཡང་མི་འགྲོ་སོགས་དཔའ་གཏམ་ལུང་བ་གང་བཤད་རྒྱུ་ཡོད་མོད། བུ་མོ་ཞིག་ལ་ཐུག དེས་སྐད་ཆ་ཤ་བ་ཤུ་བེ་ཟིག་བཤད་ཚར་རྗེས་རང་གི་ཁ་འདི་ཡང་རང་གི་ལུས་པོ་སྒང་ན་མེད་པ་བཞིན་རང་དབང་ན་མེད་པར་ཁས་མི་ལེན་དགུ་ལེན་བྱེད་ནི་རེད་ཡ། ད་རུང་ཕ་མས་བཀག་ན་ཡང་ཕ་མར་མ་ཤེས་པ་བྱས་ནས་འགྲོ་བཞག་གི་རེད། རྐང་པ་སོགས་ཀྱང་རང་གི་མིན་པའི་བཟོ་འདྲ་ཡོད། མགོ་སྐོར་ཐེབས་པའི་ཉིན་མོ་ནས་བཟུང་། དེ་ནས་འདྲེ་མོ་རེད་སོགས་རྫོགས་རྒྱུ་མེད་པའི་གཏམ་ངན་ལུང་པ་གང་བཤད་ཀི་རེད། ཡང་གཞན་ཞིག་གིས་འཛུམ་བསྟན་པའི་ཉིན་མོར་ཡང་བསྐྱར་ འ་ཡོ་ཤུ་་་་་་་་་་་་་་་་་་་་་་་་་་

  10. རྡོ་རྗེ་ཚེ་ིརིང། says:
    2010-07-05 at 4:51 am

    དངོས་གནས་དེང་གི་སྤྱི་ཚོགས་དེར་སྒྲུང་དེའི་ནང་གི་བུད་མེད་འདི་འདྲ་བ་མང་དག་གཅིག་གིས་རང་ཉིད་ཀྱི་མི་འཚེ་མཉམ་དུ་རྐྱལ་ཁན་དེ་མི་བཟོ་ལྟ་ཡོད་མཁན་ཞིག་ལ་ལྟ་བ་ལས་སེམས་པ་བཟང་པོ་དང་ཤེས་ཡོན་ཡོད་མིན་ལ་ལྟ་གི་མིན་འདུག་ ངས་ཀྱང་བུད་མེད་ཁག་ཅིག་གི་གནས་སྟང་ཐབས་སྐྱོ་པོ་ཆག་འདུག་པ་དེ་ཚོར་སླབ་བྱ་བྱས་ནས། ཚེ་རོག་སེམས་བཟང་ཞིག་འཚོལ་ཞེས་བརྗོད་པར་ཁོ་མོས་སེམས་བཟང་པོ་ལས་བཟོ་ལྟ་ལེགས་པོ་ཡོད་པའི་ཕོ་གསར་ཞིག་འཚལ་གྱི་ཡིན་ཟེར་། ངའི་གྲོགས་མོ་རྣམས་ཀྱིས་ངར་ཁྱོ་ཀའི་དངུལ་ལ་ལྟས་པ་ཡིན་ས་རེད་མ་ཏོག་བཟོ་ལྟ་གང་ཡང་མི་འདུག་ཞེས་ཟེར་ཀྱི་རེད་ཞེས་བཤད་བྱུང།

  11. ཟླ་བ་གཞོན་ནུ། says:
    2010-07-05 at 6:59 am

    अंधी लड़की की कहानी
    जनवरी 31, 2009 Nishant द्वारा
    एक लडकी जन्म से नेत्रहीन थी और इस कारण वह स्वयं से नफरत करती थी। वह किसी को भी पसंद नहीं करती थी, सिवाय एक लड़के के जो उसका दोस्त था। वह उससे बहुत प्यार करता था और उसकी हर तरह से देखभाल करता था। एक दिन लड़की ने लड़के से कहा – “यदि मैं कभी यह दुनिया देखने लायक हुई तो मैं तुमसे शादी कर लूंगी”।

    एक दिन किसी ने उस लड़की को अपने नेत्र दान कर दिए। जब लड़की की आंखों से पट्टियाँ उतारी गयीं तो वह सब कुछ देख सकती थी। उसने लड़के को भी देखा।

    लड़के ने उससे पूछा – “अब तुम सब कुछ देख सकती हो, क्या तुम मुझसे शादी करोगी?”
    लड़की को यह देखकर सदमा पहुँचा की लड़का अँधा था। लड़की को इस बात की उम्मीद नहीं थी। उसने सोचा कि उसे ज़िन्दगी भर एक अंधे लड़के के साथ रहना पड़ेगा, और उसने शादी करने से इंकार कर दिया।

    लड़का अपनी आँखों में आंसू लिए वहां से चला गया। कुछ दिन बाद उसने लड़की को एक पत्र लिखा:

    “मेरी प्यारी, अपनी आँखों को बहुत संभाल कर रखना, क्योंकि वे मेरी ऑंखें हैं”।

    ཁང་གསར་ལགས། ང་རང་གི་མ་དཔེ་དེ་མ་རེད། མ་དཔེ་འདི་ཡིན།
    ཁྱེད་ཀྱིས་ལྷོད་ལྷོད་ངང་གཟིགས་གནང་རོགས།

  12. ཟླ་བ་གཞོན་ནུ། says:
    2010-07-05 at 7:02 am

    དྲ་གྲོགས་གང་མང་ཕེབས་གསུང་གང་མང་འབྱོན་འདུག་པ་ལ་དགའ་བསུ་ཞུ།

  13. ཟླ་བ་གཞོན་ནུ། says:
    2010-07-05 at 7:10 am

    Dear Kyab,

    You have all rights to copy and translate the stories of Hindizen.com
    Thanx for visiting my blog.

    —
    Nishant Mishra
    http://hindizen.com
    འདི་ཧིནྡཱི་ཟིན་བྲིས་པ་ནིཤཱནྟས་ང་རང་ལ་ཆོག་མཆན་གྱི་ཚུལ་དུ་བསྐུར་བའི་ཡི་གེ་ཡིན།

  14. ཀརྡོ་རབ་འབྱམས་པ་ says:
    2010-07-05 at 7:56 am

    བུ་མོ་ལོང་བ་མོའི་སྒྲུང་།
    བུ་མོ་ཅིག་ཡོད་པ་སྐྱེས་དུས་ནས་མིག་ལོང་བ་ཡིན་ལ་དེ་ཡིན་ཙང་མོས་མོ་རང་རང་ལ་ཁོང་ཁྲོ་ཟ་བགྱིན་ཡོད་རེད། མོ་རང་གི་རོགས་པ་བུ་ཞིག་ཡོད་པ་དེ་མ་གཏོགས་མོས་གཞན་སུ་ལའང་དགའ་བོ་བྱེད་དགྱིད་མེད་ལ། བུ་དེ་ཡང་མོ་ལ་ཤིན་ཏུ་ནས་བརྩེ་བ་དང་། མོ་ལ་ཕྱོགས་གང་ས་ནས་རོགས་རམ་གང་ཅི་ཐུབ་བྱེད་བགྱིན་ཡོད་རེད།ཉིན་ཞིག་བུ་མོས་ “གལ་ཏེ་ནམ་ཞིག་ངས་འཛམ་གླིང་འདི་མཐོང་ཐུབ་པ་ཡིན་ན་དེ་དུས་ངས་ཁྱེད་དང་མཉམ་དུ་ཆང་ས་བརྒྱག་བགྱི་ཡིན།”ཞེས་བུ་དེ་ལ་ལབ།
    ཉིན་ཅིག་ལ་མིག་ཅིག་གིས་བུ་མོ་དེ་ལ་མིག་གཉིས་སྦྱིན་པ་གནང་བ་རེད། བུ་མོ་དེའི་མིག་གི་རྨ་རས་བཀྲོལ་དུས་མོས་ཡོད་ཚད་མཐོང་ཐུབ་པར་གྱུར་པ་དང་། མོས་བུ་དེའང་མཐོང་པ་རེད།
    བུས་ཁོ་མོར་“ད་ལྟ་ཁྱེད་ཀྱིས་ཡོད་ཚད་མཐོང་ཐུབ་བགྱིད་ཡོད་པ་རེད། ཁྱེད་ཀྱིས་ང་དང་མཉམ་དུ་ཆང་ས་བརྒྱག་བགྱི་ཡིན་པེ།”ཞེས་དྲིས་པར། བུ་མོ་དེས་བུ་དེ་ལོང་བ་་ཡིན་པ་ཤེས་ནས་ཧང་སངས་ནས། ཁོ་མོར་ཁོ་ནི་འདི་ལྟ་བུ་ཞིག་ཡིན་བགྱིད་རེད་བསམས་ཡོད་པ་མ་རེད་ལ། མོས་མི་ཚེ་སྒང་པོ་བུ་ལོང་བ་ཞིག་གི་མཉམ་དུ་བསྐྱེལ་དགོས་འཁེལ་རྒྱུ་རེད་བསམས་ནས་ཆང་ས་བརྒྱག་རྒྱུར་ཁས་ལེན་མ་བྱས་པ་རེད། བུ་དེའི་མིག་ལ་མིག་ཆུ་འཁོར་བཞིན་དེ་ནས་ཁ་བྲལ་བ་དང། ཉིན་ཁ་ཤས་རྗེས་ལ་ཁོས་བུ་མོ་དེ་ལ་ཡི་གེ་ཞིག་བྲིས་པའི་ནང་ལ། “ངའི་དགའ་གྲོགས་ལགས། ཁྱེད་ཀྱིས་རང་གི་མིག་གཉིས་ལ་བདག་གཅེས་གང་ཡག་བྱོས་དགོས། གང་ཡིན་ཟེར་ན་དེ་གཉིས་ངའི་མིག་རེད།”ཅེས་བྲིས་ཡོད་པ་རེད།

  15. བཀྲ་ཤིས། says:
    2010-07-05 at 9:45 am

    དབྱིན་ཡིག་གི་མ་དཔེ་ལྟར་བསྒྱུར་ཁུལ་བྱས་པ་འགྲིག་འདུག་གམ།
    སྔོན་བུ་མོ་ཞར་བ་ཞིག་ཡོད་པ་ཁོ་མོ་ཞར་བ་ཡིན་པའི་རྒྱུ་མཚན་ཁོ་ནས་མོས་རང་ཉིད་ལ་སྡང་སེམས་བཅངས། མོ་རང་ཉིད་ཀྱི་བརྩེ་བའི་དགའ་རོགས་མ་གཏོགས་གཞན་སུ་ལའང་མི་དགའ་བ་རེད། ཁོ་ནི་རྟག་ཏུ་མོའི་ཆེད་དུ་གནས་ཡོད། ཁོ་མོས་བཤད་རྒྱུར། གལ་ཏེ་མོས་འཇིག་རྟེན་འདི་མཐོང་བ་ཙམ་བྱུང་ན། མོས་མོ་རང་གི་དགའ་རོགས་ལ་གཉེན་བསྒྲིག་རྒྱུ་ཟེར། ཉིན་ཞིག་མི་ག་གེ་མོ་ཞིག་གིས་མོ་ལ་མིག་ཟུང་གི་སྦྱིན་པ་བཏང་སྟབས། མོས་མོ་རང་གི་དགའ་རོགས་ཚུད་པའི་ཡོད་ཚད་མཐོང་ཐུབ་པར་གྱུར། མོའི་དགའ་རོགས་ཀྱིས་མོར་དྲིས་པ་“ད་ནི་ཁྱེད་ཀྱིས་འཇིག་རྟེན་མཐོང་ཐུབ་སོང་ན། ཁྱེད་ཀྱིས་བདག་ལ་གཉེན་སྒྲིག་གམ།” མོས་ཁོ་མོའི་དགའ་རོགས་ཀྱང་ཞར་བ་ཞིག་ཡིན་པ་རིག་ནས་ཧང་སང་པར་གྱུར་ཏེ། ཁོ་དང་གཉེན་སྒྲིག་བྱ་རྒྱུའི་ཁས་ལེན་དོར་སོང་། མོའི་དགའ་རོགས་ཀྱིས་མིག་ཆུ་གཏོང་གིན་རྒྱང་རིང་དུ་བཞུད་སོང་བ་ན། ཤུལ་དུ་ཁོ་མོར་ཡི་གེ་ཞིག་བྲིས་ཡོད་པའི་ནང་དུ་ན་རེ། “བརྩེ་གྲོགས་ལགས་བདག་གི་མིག་ཟུང་ལ་བདག་གཅེས་ཙམ་གནང་རོགས།”

  16. ཟླ་བ་གཞོན་ནུ། says:
    2010-07-05 at 9:49 am

    ཀ་རྡོ་རབ་འབྱམས་པ་ལགས་ནས་ཀྱང་བསྒྱུར་བར་དགའ་བསུ་ཞུ།
    ཁྱེད་ཀྱི་འབྲི་སྟངས་ལ་ལྟ་དུས།
    བྱེད་བགྱིན་ཡོད་རེད།
    བརྒྱག་བགྱི་ཡིན།
    ཡིན་བགྱིེད་རེད་ཅེས་བྲིས་གནང་ཡོད་པ་མཐོང་བས། སྔོན་མ་ཞིག་ལ་འདི་ལྟར་འབྲི་དགོས་ཚུལ་གསུང་མཁན་ཞིག་ཡོད་པ་དེ་ཁྱེད་རང་ཡིན་པ་འདྲ།
    འདིའི་སྐོར་ནས་བསྐྱར་དུ་འཐད་ལྡན་གྱི་རྩོམ་རེ་བྲིས་ན་མི་བཟང་ངམ།
    གོང་དུ་ཕྲད་ནོར་བ་དང་དག་ཆ་ནོར་བ་གང་མང་ཡོད་པ་ལ་བསྟན་འཛིན་ཚེ་དཔག་སོགས་ཕེབས་པའི་སྨོན་
    ལམ་ཡོད།

  17. ཀརྡོ་རབ་འབྱམས་པ་ says:
    2010-07-05 at 11:27 am

    ཟླ་བ་གཞོན་ནུ་ལགས་སུ།
    I went. ང་ཕྱིན་པ་ཡིན།
    I go. ང་འགྲོ་བགྱིད་ཡོད།
    I am going. ང་འགྲོ་”བཞིན་”བགྱིན་ཡོད།
    I will go. ང་འགྲོ་བགྱི་ཡིན།
    ལྟ་བུ་མི་དགོས་སམ། དཔྱད་གཞིར་ཙམ་མོ། །

  18. kunchok gyalpo says:
    2010-07-17 at 2:44 am

    Dasion
    In my thought this website is belonged only by tibetan lunguage. No much use diverse lunguages. If you love to preserve your grand culture and traditions, that is nothing to translate a paragraph and to copy.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme