Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟམ་གདོང་དང་བློ་སེང་བསྡུར་བ།

Posted on 2020-04-14 By ཁ་བརྡ 8 Comments on ཟམ་གདོང་དང་བློ་སེང་བསྡུར་བ།

ཤེས་རབ་མེ་འབར།

ཀ༽ ཟམ་གདོང་ནི་འཚོ་གནས་སྙིང་པོ་མེད་པ་སྨྲ་བཞིན་སྲིད་ཀྱི་སྟེགས་བུ་རུ་བགྲེང་མྱོང་ཞིང་། དེའི་ཆེད་དུ་འབད་བརྩོན་ཡང་བྱེད་མྱོང་། བློ་སེང་ནི་མི་ཡི་འཚོ་གནས་དང་པོར་བཞག་ཅིང་དེའི་ཆེད་དུ་འབད་པ་བྱས་ཤིང་། སྲིད་ཀྱི་སྟེགས་བུ་རུ་བུད་ནས་ཀྱང་མིའི་རིགས་ལ་ཆེས་དགོས་མཁོ་ཆེ་བའི་དཔལ་འབྱོར་འཚོལ་སྒྲུབ་ལ་ཤུགས་སྣོན་བརྒྱབས།

ཁ༽ ཟམ་གདོང་ནི་མི་ཟས་ཟ་ཞིང་མི་སྐད་བཤད་ཞོར་དུ་ལྷ་ཡི་རིག་གནས་ལ་བརྩོན་ཁུལ་བྱེད་ཅིང་མཐའ་ན་རང་ཉིད་ཀྱི་དབང་ཆ་ཡན་ཆད་ལྷ་ཡི་ཆེད་དུ་བེད་སྤྱད་པ་མ་ཟད། ཆབ་སྲིད་ཀྱི་གླེང་མོལ་དང་། དམག་འཁྲུག་གི་གནས་བབ་དང་ཤུགས་རྐྱེན་བཤད་དུས་ཀྱང་ལྷ་དང་ལྷ་མིན་གཡུལ་འཐབ་དེ་ཚོ་བཤད་ནས་མང་ཚོགས་མགོ་བོ་རྨོངས་སུ་འཇུག་མཁན་དེ་ཡིན་ལ། བློ་སེང་ནི་མི་ཟས་ཟ་བཞིན་མི་སྐད་བཤད་བཞིན་མི་དོན་གྱི་དམག་འཁྲུག་དེ་བཞིན་མི་དང་མིའི་བར་དང་། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དུ་ཅི་ཞིག་འབྱུང་བ་བཤད་ཅིང་རང་ཉིད་རྒྱུད་མྱོང་བའི་ཤེས་ཡོན་དང་རྣམ་དཔྱོད་བེད་སྤྱད་ནས་མི་དོན་སྨྲ་བར་བྱེད།

ག༽ཟམ་གདོང་ནི་སྲོལ་རྒྱུན་ལ་ཤི་འཐམ་རོ་མཐོམ་གྱིས་མཐའ་ན་རིག་གནས་གསར་པ་ལ་ངོས་ལེན་ཡང་མི་བྱེད་ལ་དེ་དག་བདུད་ཀྱི་ཆོ་འཕྲུལ་དུ་སྨྲ་བ་མ་ཟད། ཤེས་རབ་སྙིང་པོ་ནི་འཛམ་གླིང་དཔལ་ཡོན་ཡོན་ཚད་ཕྱོགས་གཅིག་ཏུ་བཞག་ཀྱང་ཁ་གཏད་མི་ཆོག་ཚུལ་བཤད་ཅིང་།། མ་འོངས་བསྐལ་བ་གྲངས་མེད་ཀྱི་དག་ཞིང་ལ་ལག་སྙོབ་བྱེད་བཞིན་ཡོད་ཀྱང་། སྟོན་པའི་བསྟན་པ་ཡི་ཚེ་ཚད་ནི་བསྐལ་བ་གཅིག་ཀྱང་མི་གནས་པ་ཡིན་པས་མ་འོངས་པའི་བསྐལ་བ་གྲངས་མེད་ལ་སྐྱིད་ཉལ་རྒྱག་ས་དེ་འདྲ་ཞིག་ཡོད་པ་སུས་བཤད་མི་ཐུབ། བློ་སེང་གིས་འཛམ་གླིང་དབང་སྒྱུར་བྱེད་པའི་ཤེས་ཡོན་ནི་མི་དོན་རིག་གནས་ཡིན་པ་ཁས་ལེན་ལ་དེ་བཞིན་དུ་ལམ་ལ་ཆས་ཤིང་། ལོ་ངོ་བཅུ་ཕྲག་གི་རྗེས་སམ་ལོ་ངོ་གཉིས་གསུམ་གྱི་རྗེས་སུ་ཅི་ཞིག་འབྱུང་རྒྱུ་ཡིན་པའི་ཚོད་དཔག་ཐིག་པོ་བྱེད་ཅིང་། དེ་ལྟར་འཆར་གཞི་བསྒྲིགས་ནས་ལམ་དུ་ཆས་ཡོད།

ང༽ ཟམ་གདོང་གིས་རང་ཉིད་སྲིད་སྟེགས་སུ་འགྲོ་ཐུབ་པའི་ཆེད་དུ་འོས་མང་ཤོས་ཀྱི་ཡོང་ཁུངས་ཡིན་པའི་དབུས་པ་ལ་ངོ་དགའ་སྤྲེའུ་ལད་འཁྲབ་ནས་བསྟོད་བསྔགས་གཏོང་ཁུལ་བྱེད་ཅིང་། བློ་སེང་ནི་མི་མང་གི་བསམ་པའི་ཁ་ལོ་སྒྱུར་བའི་ཆེད་དུ་དེང་དུས་ཀྱི་ཆབ་སྲིད་པ་དག་གིས་བྱེད་ཐབས་སྤྱད་ནས་རང་ཉིད་ལ་རྐུབ་སྟེགས་རག་ཐབས་བྱེད་པ་ལས་འོས་ཀྱི་ཆེད་དུ་མགོ་བདེ་དྲན་འཕྲུལ་དང་ངོ་དགའ་སྤྲེའུ་ལད་འཁྲབ་ཀྱི་མེད་པ་མ་ཟད། ཆོལ་ཁ་ཆོས་ལུགས་སོགས་ཀྱི་དབྱེ་བ་འབྱེད་ཀྱིན་མེད།

ཅ༽ ཟམ་གདོང་ནི་རང་གི་ཕྱོགས་ཁག་རྩ་འཛུགས་ཡོད་པ་བཟོས་ཤིང་། མུ་མཐུད་ནས་རང་གི་ཤུགས་རྐྱེན་དང་དབང་ཚད་གནས་ཐབས་བྱེད། འདི་ལ་ས་འོག་དར་ཐག་ཀྱང་ཟེར། ཁོ་རང་དངོས་སུ་ཆབ་སྲིད་ཀྱི་སྟེགས་བུ་མེད་ཀྱང་རྒྱབ་ཕྱོགས་ནས་གྲིབ་མ་བཞིན་དུ་རྗེས་སུ་འབྲང་གི་ཡོད། ཁོའི་ཕྱོགས་གཏོགས་དག་ལ་ཕམ་ཉེས་དང་པོ་དེ་མང་གཙོའི་སྲིད་སྐྱོང་དང་པོའི་འོས་བསྡུ་ནས་འགོ་བཙུགས་ཟིན་ཅིང་། ཆེས་ཕམ་ཉེས་ཚབ་ཆེ་ཤོས་དེ་སྲིད་སྐྱོང་འོས་བསྡུ་སྐབས་གཉིས་པའི་སྐབས་སུ་བྱུང་ཞིང་། སྔོན་མར་ཁོང་གིས་རེ་བ་མཐོན་པོ་བཅངས་མྱོང་སའི་དཔོན་པོ་དག་རུལ་དྲི་ཁ་བ་མ་ཟད་རིམ་བཞིན་མ་འོངས་སྲིད་སྟེགས་ལ་རེ་བ་ཧ་ལམ་མེད་པ་འདྲ་ཆགས་ཡོད། ལར་ནས་ཟམ་གདོང་ཕྱོགས་ཁག་གིས་བཟོས་པའི་དབུ་ལམ་ཚོགས་པ་དང་། དེའི་བསྡུས་གཟུགས་སམ་སྣང་བརྙན་དུ་གྲུབ་པའི་ཟླ་ཚེ་སོགས་ཀྱི་རྨི་ལམ་ལ་ཡང་གས་ཆག་ཚོད་མེད་ཅིག་ཤོར་ཡོད། དབུ་ལམ་ནི་གོང་ས་མཆོག་གིས་དབུ་འཛུགས་མཛད་པས་མི་དམངས་རྣམས་དགའ་མོས་བྱེད་སའི་ལྟ་བ་ཞིག་ཆགས་ཡོད་ཙང་གཡོ་སྒྱུར་ཅན་ཚོས་དེ་ལག་ཆར་བྱས་ནས་མི་དམངས་དབང་སྒྱུར་བྱེད་འདོད་ཡོད་ཀྱང་མགོན་པོ་ཁོང་གི་གསུང་གཅིག་གིས་གཡོ་ཅན་ཚོའི་རྨི་ལམ་ཐལ་བར་བསྒྱུར་ཡོད།།

མདོར་ན་ཟམ་གདོང་ནི་གཡོ་སྒྱུར་ཅན་དང་མཁྲེགས་འཛིན་པ་ཞིག་ཡིན་ལ། བློ་སེང་ནི་སྤྱང་དྲུང་ཅན་ཞིག་དང་། གུ་ཡངས་ཅན་ཞིག་ཡིན།།

བསམ་ཚུལ།

Post navigation

Previous Post: ལྡོང་བུའི་འགྱུར་དེབ《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག》 ཅེས་པ་པར་དུ་བཏབ་པ།
Next Post: ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། (1)

Comments (8) on “ཟམ་གདོང་དང་བློ་སེང་བསྡུར་བ།”

  1. gangseng zlamed says:
    2020-04-14 at 10:33 am

    བོད་མིའི་བསོད་ནམས་ཟད་རྟགས་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ལ་ཁ་གཏོང་བར་ཡ་ང་དང་བག་ཚ་མི་འདུག །དྲང་པོར་བཤད་ན། དབུ་མའི་ལམ་ལ་མི་མོས་པ་དང་། བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ལ་ཁ་གཏོང་མཁན། རང་བཙན་ཡིན་ཞེས་མདའ་དཀྲུགས་ཕུ་དཀྲུགས་བྱེད་མཁན་ཚང་མས་སློབ་བཟང་ལ་རྒྱབ་སྐྱོར་བྱེད་རྐྱང་རེད། བོད་མིའི་ཆིག་སྒྲིལ་དུམ་བུ་གཉིས་བཟོས་སོང་། ཀྱེ་མ་ཀྱེ་ཧུད་མི་འདི་རྣམས་ཀྱི་བློ་སྣ་དམ་པའི་ཆོས་ལ་འགྱུར་བར་ཤོག །

  2. ཀརྡོ་རབ་འབྱམས་པ་ says:
    2020-04-14 at 11:10 am

    རྩོམ་འཆལ་འདི་བཀླགས་ནས། གནའ་མི་བོད་ཀྱི་གཏམ་དཔེ་ལ། མི་ངན་གྱི་དཔོན་པོ་བྱས་པ་ལས། མི་བཟང་གི་གཡོག་པོ་བྱས་ན་བཟང་། ཟེར་བ་དྲན་དུ་བཅུག་སོང་།

  3. ཧོར་སྟོད་ཕུན་ཚོགས། says:
    2020-04-14 at 11:48 am

    ཞིབ་བསྡུར་ཡག་པོ་འདྲ་བྱེད་འདུག་གདའ་དོན་ངོ་མ་ནི་ཅི་མི་ཤེས་ཏེ་མཐོང་ཚད་ནི་འདི་འདྲ་པོ་རེད

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-14 at 9:02 pm

    འདྲ་པོ་འདྲ་པོ་མིན་ན་ཆི་མང་པོ་ཤེས་ལེ་མིན་ལ་བཤད་འདོད་ཡང་མི་འདུག་གང་ལྟར་དུས་ཚོད་ནི་འཕྲོོ་རླག་བཏང་སོང་གཅིག་གི་སྲོལ་རྒྱུན་གྱི་སྒྲུང་བཤད་གཅིག་གི་ལྔ་དང་ལྔ་བཅུའི་སྒྲུང་བཤད་ནས་བོད་རྒྱའི་འབྲེལ་ནི་ཆད་སོང་དུས་ཚོད་ནི་འགྲོ་སོང་ད་ཆི་ཡིན་མིི་ཤེས་འདའ་ཏོག་དབྱིབས་ནད་ཡམས་ལ་ང་ཚོ་ཚང་མས་ཁ་གཏད་བཅོག་ཐུབ་པའི་དུས་ཚོད་ལ་སླེབ་སོང་ཚང་མས་ཤུགས་རྒྱབ་ཤོག།

  5. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-14 at 9:03 pm

    འདྲ་པོ་འདྲ་པོ་མིན་ན་ཆི་མང་པོ་ཤེས་ལེ་མིན་ལ་བཤད་འདོད་ཡང་མི་འདུག་གང་ལྟར་དུས་ཚོད་ནི་འཕྲོོ་རླག་བཏང་སོང་གཅིག་གི་སྲོལ་རྒྱུན་གྱི་སྒྲུང་བཤད་གཅིག་གི་ལྔ་དང་ལྔ་བཅུའི་སྒྲུང་བཤད་ནས་བོད་རྒྱའི་འབྲེལ་ལམ་ནི་ཆད་སོང་དུས་ཚོད་ནི་འགྲོ་སོང་ད་ཆི་ཡིན་མིི་ཤེས་འདའ་ད་ཏོག་དབྱིབས་ནད་ཡམས་ལ་ང་ཚོ་ཚང་མས་ཁ་གཏད་བཅོག་ཐུབ་པའི་དུས་ཚོད་ལ་སླེབ་སོང་ཚང་མས་ཤུགས་རྒྱབ་ཤོག།

  6. བན་དེ་བ་ཉི་མ། says:
    2020-04-15 at 5:55 am

    སྒྲུང་བཤད་པས་ངོ་མ་བདེན་པ་འདྲ་གཅིག་བཤད་གདའ། ད་གང་ལྟར་ཆི་བཤད་མ་བཤད་བོད་དོན་ནི་ནམ་མཁའི་འཇའ་ལྟར་ཉིན་བཞིན་ཡལ་འགྲོ་བཞིན་འདུག ད་ཏོག་དབྱིབས་ལ་ཁ་གཏད་ང་ཚོས་གཅོག་ཐུབ་ལི་མ་རེད། དེ་ལས་ནང་དུ་འཛུལ་ནས་མགོ་བཏུམ་རོ་བཏུམ་བྱས་ནས་བསྡད་ན་ཡག་གི་རེད། ཏོག་དབྱིབས་རིམས་ནད་གང་ནས་བྱུང་བ་སོགས་ལ་ཞིབ་འཇུག་འདྲ་བྱས།

  7. ཅོ་རི་ཉི་མ། says:
    2020-04-16 at 8:47 am

    ཟམ་གདོང་བླ་མས་ཆོས་ལྕེ་སྤྱངས་ནས་ཏྭ་ལའི་བླ་མའི་རྐུབ་བལྡགས་ཞོར་རྒྱལ་བཙོང་བའི་སྲིད་དབང་འཛིན།
    བློ་བཟང་སངས་རྒྱས་ཀྱིས་སྲིད་ལྕེ་སྤྱངས་ནས་ཏྭ་ལའི་བླ་མའི་རྐུབ་བལྡགས་ཞོར་རྒྱལ་བཙོང་བའི་སྲིད་དབང་འཛིན། རྐུབ་ལྡག་པ་འདི་གཉིས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་ཁམས་པའི་མི་ལ་ནག་ཐིག་བཟོས་ཡོད།

  8. བློ་བཟང་། says:
    2020-04-16 at 11:45 pm

    ཅོ་རི་ཉི་མ་་་ཟེར་པའི་་་་མི་གཟུགས་འབྱུང་བོ་འདིས། རང་མགོ་གནམ་འོག་ལ་མེད་མདོགས་སྟོན་བཞིན་འདུག ད་བར་་་ཁམས་པ་ཚང་མ་་་་མ་ཡིན་པར་་་ཁམས་སྐྱག་མང་བོ་ཞིག་གིས།
    1 དོལ་འདྲེ་བསྟེན་ནས་་་་དགེ་སློང་་གསོན་པོ་གསུམ་དམར་གསོད་བཏང་བ།
    2 ལག་དམར་རྒྱ་དམར་གཞུང་ནས་ལྐོག་དངུལ་འཛད་མེད་བླངས་ཏེ་རང་གི་ཁ་རྒྱབ་་་གསོ་འགེབས་བྱེད་པ།
    3 བོད་ཀྱི་བདག་དབང་བཙན་འཕྲོག་བྱེད་བྱེད་མཁན་ཐེ་ཝན་བོད་སོག་ལས་ཁུངས་་་ལ་འགན་དབང་མེད་བཞིན་རྒྱལ་བཙོང་གི་གྲོས་ཆོད་བཞག་པ།
    4 འཇུ་ཆེན་ལྟ་བུ་་་རང་གི་ཕོར་པའི་ནང་ཟས་ཚར་ན་་་སྐྱག་པ་་་གཏོང་མཁན་དང་། ཉིན་མཚན་དུས་དྲུག་ཏུ་བཀྲ་མ་ཤིས་པའི་ལས་དོན་་་མི་གསོད་རྐུ་འཕྲོག་གི་ལས་ཀ་་་མི་གཞན་ལས་་་་ལྡབ་འགྱུར་གྱིས། མང་བ་བྱེད་བཞིན་པའི་ཁམས་པ་འདི་རིགས་ནི། ལྷག་བསམ་ལྡན་པའི་ཁམས་པ་རྒྱ་ཆེའི་མི་མང་གི་་་ལོ་རྒྱུས་ནག་པོ་བཟོ་མཁན་ཡིན་པ་ལས། འཇིག་རྟེན་མི་ཆོས་དང་འགལ་ལ་་་ཐ་ན་བཟང་སྤྱོད་ཀྱི་དྲི་མ་སྤུ་ཙམ་མེད་པའི་་་་མི་ངན་འཁྲམ་པ་ཇག་པའི་གཤིས་རྒྱུད་ཅན་ཁྱེད་ལྟ་བུ་ཞིག་གིས། ༧གོང་ས་ལྷ་མའི་རྞམ་འདྲེན་ལ་མཚན་སྨད་ཞུ་བ་དང་། ངན་སྤྱོད་སྲོག་ལ་བལྡོས་ཏེ་་སྲུང་པའི་དགེ་སློང་ཟམ་གདོང་བླ་མར་ངན་སྨོད་་་བྱེད་ཕོད་པ་ནི། སེམས་ལ་གདོན་ཞུགས་པ་རེད་ལ་་་དེས་མ་ཚད་་་དོལ་འདྲེ་དང་རྒྱ་དམར་གྱི་སྙིང་ཁམས་་་ཇག་པ་ཁྱེད་ལ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme