Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱང་རིང་རྒྱང་རིང་ཞིག་ན་ཞེས་པའི་སྔ་གཞུག་ཏུ།

Posted on 2020-04-13 By ཁ་བརྡ 2 Comments on རྒྱང་རིང་རྒྱང་རིང་ཞིག་ན་ཞེས་པའི་སྔ་གཞུག་ཏུ།

སྐྲན། [སིཌི་ནིས། ]

“རྒྱང་རིང་རྒྱང་རིང་ཞིག་ན་” བོད་ཡུལ་ལུང་པ་ཡོད་པས་ཨེ་ཡིན་གྲང་། གངས་རི་དཀར་པོ་ལྟ་བུའི། རྫ་རི་སྨུག་པོ་ལྟ་བུའི། ང་ཡི་དྲིན་ཆེན་ཡབ་ཡུམ་དང་སྤུན་མཆེད་དག་ཡོད་པས་ཨེ་ཡིན་གྲང་། ང་ཡིས་གྲོགས་མཆོག་གཞས་པ་འཇམ་དབྱངས་བཀྲ་ཤིས་ཀྱི་གཞས་གསར་ “རྒྱང་རིང་རྒྱང་རིང་ཞིག་ན་” ཅེས་པར་ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ནས་རེ་སྒུག་ཆེན་པོ་བྱ་དགོས་བྱུང་། གསལ་བསྒྲགས་སྔོན་སོང་གི་ཡི་གེའི་རི་མོས་ང་ཡི་ཡིད་ཀྱི་ནམ་མཁའ་ལ་རྟོག་བཏགས་ཀྱི་སྣང་བརྙན་སྣ་ཚོགས་བྲིས། མཚར་སྡུག དགའ་བ། དྲན་པ། དུངས་པ། ཧ་ཅང་གཟུགས་སུ་མི་ཕོབ་པའི་ན་ཟུག་དང་སྐྱོ་བ། མྱ་ངམ་གང་མང་ལྟ་བུ་ཉིན་མཚན་གྱི་ཕྱི་ནང་གཉིས་སུ་ཡུན་རིང་ཕབ།

ཕྱི་དྲོར་ང་རང་ལས་ཀའི་བྲེལ་འཚུབ་ཀྱི་དྲི་ངན་གསེབ་ན་ཡོད་མོད། བར་གསེང་གི་འོ་ཇ་དང་ལྷན་དུ་ངས་གྲོགས་མཆོག་གཞས་པ་འཇམ་དབྱངས་བཀྲ་ཤིས་ཀྱི་སྐད་འཕྲིན་བར་སྟོང་བཤེར་བ་ན། གཞི་ནས་ “རྒྱང་རིང་རྒྱང་རིང་ཞིག་ན་” ཅེས་པ་རྒྱང་རིང་རྒྱང་རིང་ཞིག་ནས་འདི་གར་འབྱོར་འདུག རྒྱང་རིང་རྒྱང་རིང་ཞིག་ནས་ཧ་ཅང་ཐག་ཉེ་ཐག་ཉེར་འབྱོར་འདུག

དེར་བརྟེན། ང་ཡི་བྲེལ་སེམས་ཀྱིས་ང་ཡི་ལག་པ་འདེད་ཅིང་འཐེན་པ་དང་འདྲ་ལ། དེ་བཞིན་བརྡ་རྟགས་ཀྱི་སུག་བཞི་ས་ལ་ཟུག་པ་ལྟ་བུའི་དལ་སྣང་གིས་གཟིར་ན་ཡང་། ག་ལེ་ག་ལེར་ “རྒྱང་རིང་རྒྱང་རིང་ཞིག་ན་” ཅེས་པའི་བརྙན་ངོས་ཀྱི་ཡིག་འབྲུ་རེ་རེ་དང་གསོན་ཉམས་དོད་པའི་སྐྱ་མདོག་གི་འདྲ་པར་ངོས་ཀྱི་འཁྲབ་སྟོན་པ་དག་ཁོ་བོའི་མིག་གི་ལོངས་སྤྱོད་དུ་གྱུར།

དེ་ལྟར་དྲ་སྟེང་གི་འགྲོ་ལུགས་ཆ་ཚང་*བསྒྲུབས་རྗེས་ང་ཡིས་རང་དབང་གིས་རོལ་མྱོང་ལན་གཅིག་བྱས། ངས་རྒྱང་རིང་རྒྱང་རིང་ཞིག་ནས་རེ་སྒུག་བྱ་སའི་ “རྒྱང་རིང་རྒྱང་རིང་ཞིག་ན་” ཅེས་པར་ཧ་ཅང་རྒྱང་རིང་རྒྱང་རིང་གི་མཛེས་པའི་རྩྭ་ཐང་། དེར་སྤྲ་ཆུང་གྲུ་བཞི། དེར་ཚེ་གཅིག་འདུན་མ་བཅོལ་སའི་ཕ་ཡུལ་གྱི་སློག་པ་གྱོན་པའི་བརྩེ་བའི་གཞོན་ནུ་ཟུང་གཅིག དེར་ད་དུང་དགུན་ཁ་བའི་གཡོགས་པའི་ཕ་ཡུལ་གྱི་ཡུལ་བཀོད་དང་བཅས་པ། དེར་སྨུག་པའི་རི་བོ། དེར་གཡང་དཀར་ལུག་ཁྱུ་བཀྲམས་ཤིང་། ཚེ་གཅིག་འདུན་མ་བཅོལ་སའི་མཐུན་པའི་བུ་མོ། དེར་དམ་བཅའི་མགུལ་རྒྱན་ཕུལ་བཞིན་པ། དེར་མཚམས་དང་མཚམས་སུ་གྲོགས་མཆོག་གཞས་པ་འཇམ་དབྱངས་བཀྲ་ཤིས་ཀྱི་དམར་སྨུག་གི་ངོ་གདོང་ལས་མུ་ཏིག་བསྟར་ལ་བརྒྱུས་འདྲའི་འཛུམ་པའི་ཚེམས་ཕྲེང་ངོམས་ཤིང་། ད་དུང་སྟོད་གོས་དཀར་ཆིལ་ལེ་བ་འོ་མས་ཚོས་པ་ལྟ་བུ་ཞིག་ལ། གོང་དཀྲིས་སྔོན་པོ་ནམ་མཁའ་དག་པ་འདྲ་བ་ཞིག་གྱོན་པ་སོགས་ཀྱིས་ཆེས་མཐའ་མཇུག་ཏུ་ཁོ་མོའི་མགོ་བོ་དེ་ཁོང་གི་ཕྲག་པར་བསྙེས་པ་ལྟ་བུའི་བདེ་སྣང་བསྩལ་ཅིང་། རེ་སྒུག་གི་ཁ་གསབ་ལ་ཆེད་དུ་བསྐྲུན་པ་ལྟ་བུས་ང་ཡི་ཡིད་གདུང་དང་སྐྱོ་ངལ་རྨང་ནས་སངས་པར་བྱས།

རྒྱང་རིང་རྒྱང་རིང་ཞིག་ན། རྒྱང་རིང་རྒྱང་རིང་ཞིག་ན། … … …

http://www.lezhibo.com/mobile/activity/index?id=67aa7c6c7c524d1cb7b70c54d59f2ebd&inviter=7c4f2e28877d4c19bd467f118ac7eaa1

* ཟ་མ་བཟས་ཚེ་ཟས་རིན་སྤྲོད་དགོས་པ་བཞིན། དེང་གི་ཆར་དྲ་སྟེང་ནས་རང་ལ་གང་མཁོ་ཕབ་ལེན་ནམ་བེད་སྤྱོད་བྱེད་པ་ལ་དེར་བླུ་ཡོན་སྤྲོད་དགོས་པ་རེད་དེ། ཉེ་སྔོན་ཡང་། ང་ཡིས་བྲི་ཁུལ་བྱས་པའི་“གཞས་ཆུང་ཕྲ་མོ་” གྲོགས་མཆོག་གཞས་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བོང་བ་གསེར་གཟིགས་ཀྱིས་དེ་ལ་གདངས་བརྩམས། སྒྲ་བཟོས། བརྙན་ཕབ། དཀོན་པའི་རྒྱུ་བཏང་། དཀའ་བའི་ཚེགས་ཕུལ། ཆེད་ལས་པ་གང་མང་ཞིག་དང་འབྲེལ་བ་བརྒྱུད་དེ། མཐར་གླུ་གཞས་ལེགས་པར་གྲུབ་རྗེས་དྲ་སྟེང་ལ་བཞག་པར་ཡང་ཁ་ཤས་ཀྱིས་རིན་གོང་ཆེ་འདུག་ཟེར་བ་དང་། ཡང་བསམ་མེད་ཞེ་ནག་རེ་འགའ་ཡིས་ལྐོག་ཏུ་ཕབ་ལེན་བྱས་ཏེ་གང་སར་འགྲེམ་སྤེལ་བྱས་པ་སོགས་བྱུང་མོད། དེ་ནི་ད་ལྟའི་བོད་སྤྱི་ཚོགས་དང་དེང་གི་དྲ་རྒྱའི་རིག་གནས་བར་གྱི་ཧེ་བག་ཡིན་ཀྱང་སྲིད།

གང་ལྟར། ཐེངས་འདིའི་ “རྒྱང་རིང་རྒྱང་རིང་ཞིག་ན་” ཅེས་པར་རོལ་མྱོང་བྱ་བར་དམངས་སྒོར་ ༡༠ འབུལ་དགོས་མོད། ང་ལ་མཚོན་ན་དེ་ནི་ཧ་ཅང་ཡིད་སེམས་སྤྲོ་བོས་འབུལ་མོས་པ་ཞིག་ཡིན། སྤྱིར་ན། དེ་ནི་འབུལ་འོས་པ་ཞིག་དང་ངེས་པར་འབུལ་དགོས་པ་ཞིག་ཀྱང་རེད་སྙམ། ཆུང་ས་ནས་བཤད་ན། དེས་མི་མང་པོ་ཞིག་གི་དཀའ་སྤྱད་དང་འབད་འབུངས་ལ་བསམ་ཤེས་བྱས་པ་རེད་ལ། མི་མང་པོ་ཞིག་གི་དགའ་ཕྱོགས་ལ་བརྩི་བཀུར་བྱས་པའང་རེད། ཡང་ཆེ་རུ་བཏང་ན། བོད་ཀྱི་རིག་གཞུང་ལ་གོང་བཀུར་ཞུས་པ་རེད་ལ། ཉམ་ང་ཉག་ཕྲག་བའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་ཕྱག་གྲུ་མཉམ་འདེགས་གནང་པའང་རེད། དེ་བས་རྒྱ་ཆེ་བའི་བོད་མི་ཉན་མཁན་ཡོངས་ཀྱིས་ཁ་དང་ལག་པ་སུས་མགྱོགས་ཀྱིས་ལྐོག་ཏུ་རིན་མེད་ཕབ་ལེན་མི་གནང་པར་དྲ་སྟེང་གི་འགྲོ་ལུགས་ཆ་ཚང་ཡིན་ལུགས་ཚུལ་མཐུན་གྱིས་བསྒྲུབ་རྒྱུའི་རེ་བའང་ཞར་ལ་ཞུ་ཞུའོ།།

གླུ་གཞས།, ངོ་སྤྲོད།

Post navigation

Previous Post: བསྟན་པ་ཡར་འཕེལ་གླེང་བ།
Next Post: ལྡོང་བུའི་འགྱུར་དེབ《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག》 ཅེས་པ་པར་དུ་བཏབ་པ།

Comments (2) on “རྒྱང་རིང་རྒྱང་རིང་ཞིག་ན་ཞེས་པའི་སྔ་གཞུག་ཏུ།”

  1. འདུན་ན་འདུག says:
    2020-04-13 at 8:44 pm

    གཞས་གསར་དེ་ཧ་ཅང་སྙན་གི་ཟེར་ནས་གོ་སོང་། དེ་རིང་གི་ངོ་སྤྲོད་འདིས་དེ་ལས་ཀྱང་ཉན་འདོད་སྐྱེས་བྱུང་། གང་མགྱོགས་མྱོང་རོལ་བྱ་ངེས་ཡིན། བཀྲིན་ཆེ།

  2. You says:
    2020-04-14 at 7:41 am

    ཡག་པོ་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme