Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལུགས་དང་ཕྱི་ལུགས་ཀྱི་གྲངས་གནས་རྩིས་སྟངས།

Posted on 2020-04-10 By ཁ་བརྡ 10 Comments on བོད་ལུགས་དང་ཕྱི་ལུགས་ཀྱི་གྲངས་གནས་རྩིས་སྟངས།

འདབ་པ་ཚེ་དབང་མགོན་པོ།
 
ཡུལ་ཆེན་པོ་གངས་ཅན་ཀྱི་ལྗོངས་སུ་གནས་བཞིན་པའི་བོད་མི་རྣམས་དང་། རྒྱ་གར་ལུང་པའི་གཙོས་པའི་རྒྱལ་ཁབ་འདྲ་མིན་ལ་ཡུལ་གྱར་དུ་གནས་བཅའ་པའི་བོད་མི་རྣམས་ཀྱིས། བོད་རང་ཉིད་ཀྱི་རིག་གཞུང་དུ་གྱུར་པའི་རྩིས་རིག་གི་རྣམ་བཞག་དང་། ཕྱི་ལུགས་པའི་རྩིས་རིག་གཉིས་ཤན་སྦྱོར་བྱས་ནས་རྩི་ཤེས་མཁན་དེ་ཉུང་བ་མ་ཟད། བོད་ལུགས་ཀྱི་གྲངས་གནས་ས་ཡ་སྒང་ལ་སླེབས་དུས་བོད་མི་ཕལ་ཆེ་བས་གྲངས་ཀ་ནོར་ནས་རྩི་མཁན་ཤ་སྟག་ལྟར་སྣང་ངོ་། དེ་བཞིན་ཁོང་ཚོས་དུང་ཕྱུར་དང་། ཐེར་འབུམ། ཁྲག་ཁྲིག་བཅས་ཀྱི་སྔོན་རྗེས་ཀྱི་གོ་རིམ་ནོར་ནས་གྲངས་གནས་གང་དེ་སྔོན་ལ་ཡིན་པ་དང་། ཅི་སྟེ་གྲངས་གནས་རྗེས་ལ་ཡིན་མིན་མ་ཤེས་པར་དུང་ཕྱུར་གྱི་སྔོན་ལ་ཐེར་འབུམ་རྩིས་པ་དང་། དེ་ནས་དུང་ཕྱུར། དེ་ནས་ཁྲག་ཁྲིག་རྩིས་མཁན་ཡང་ཧ་ཅང་མང་ངོ་། དེ་བས་ཀྱང་མི་འགའ་ཞིག་གིས་ཡིག་སྒྱུར་དང་། གསར་འགྱུར་འགོད་དུས་སུ་དུང་ཕྱུར་དང་། billion གཉིས་གྲངས་གནས་གཅིག་རྩིས་པ་དང་། ཡང་འགའ་ཞིག་གིས་ཐེར་འབུམ་དང་། billion གཉིས་གྲངས་གནས་གཅིག་ལ་བརྩི་བ་སོགས་བྱེད་བཞིན་པ་ཡིན། ཡང་མི་འགའ་ཤས་ཐེར་འབུམ་དང་། ཁྲག་ཁྲིག་གཉིས་ཀྱི་སྐབས་སུ་དབྱིན་ཡིག་ནང་ལ་ཕབ་སྒྱུར་བྱེད་དུས་དང་། གསར་འགྱུར་འགོད་དུས། ཡིག་ཆ་བཟོ་དུས་ནོར་ནས་ཐེར་འབུམ་དང་trillion གཉིས་གྲངས་གནས་གཅིག་ལ་བརྩི་བ་དང་། ཡང་ཁྲག་ཁྲིག་དང་trillion གཉིས་གྲངས་གནས་གཅིག་ལ་བརྩི་བ་སོགས་བྱེད་ཀྱིན་ཡོད། དེའི་ཕྱིར་འདིར་གནས་ཚུལ་གསལ་པོ་འཆག་ཆེད་བོད་ལུགས་དང་། དབྱིན་ལུགས་གཉིས་ཀྱི་གྲངས་གནས་སོ་སོར་ཕྱེས་ནས་འགོད་རྒྱུ་ཡིན།

དང་པོ་བོད་ལུགས་ཀྱི་གྲངས་གནས་ཏེ། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་བཅས་ཏེ་རྐྱང་པའི་གྲངས་གནས་དགུ་དང་། དེ་ནས་ཉིས་གྲངས་ཏེ་ཐེར་འབུམ། ཐེར་འབུམ་ཆེ་བ། ཁྲག་ཁྲིག ཁྲག་ཁྲིག་ཆེན་པོ། རབ་བཀྲམ། རབ་བཀྲམ་ཆེན་པོ། གཏམས། གཏམས་ཆེན་པོ། དཀྲིགས། དཀྲིགས་ཆེན་པོ། མི་འཁྲུགས། མི་འཁྲུགས་ཆེན་མོ། ཁྱད་འབྱིན། ཁྱད་འབྱིན་ཆེན་པོ། སྤང་རྟེན། སྤང་རྟེན་ཆེན་པོ། དེད་འདྲེན། དེད་འདྲེན་ཆེན་མོ། མཐའ་སྣང་། མཐའ་སྣང་ཆེན་མོ། རྒྱུ་རིག རྒྱུ་རིག་ཆེན་མོ། འོད་མཛེས། འོད་མཛེས་ཆེན་མོ། དབང་པོ། དབང་པོ་ཆེན་པོ། ལེགས་འབྱིན། ལེགས་འབྱིན་ཆེན་པོ། རྟོགས་འགྲོ། རྟོགས་འགྲོ་ཆེན་པོ། འབྱིང་རྡུལ། འབྱིང་རྡུལ་ཆེན་པོ། རྒྱ་རྟགས། རྒྱ་རྟགས་ཆེན་པོ། སྟོབས་འཁོར། སྟོབས་འཁོར་ཆེན་པོ། བརྡ་ཤེས། བརྡ་ཤེས། རྣམ་བྱུང་། རྣམ་བྱུང་ཆེན་པོ། སྟོབས་མིག སྟོབས་མིག་ཆེན་པོ། བྱམས་པ། བྱམས་པ་ཆེན་པོ། སྙིང་རྗེ། སྙིང་རྗེ་ཆེན་པོ། དགའ་བ། དགའ་བ་ཆེན་པོ། བཏང་སྙོམས། བཏང་སྙོམས་ཆེན་པོ་དང་། དེ་ནས་ཉེར་ལྔ་པོ་ཆེན་པོ་རྐྱང་པ་སྟེ་གྲངས་གནས་ང་དགུ་དང་། དེའི་སྟེང་ལ་རྐྱང་གྲངས་ཐ་མ་གྲངས་མེད་གཅིག་སྟེ་བསྣན་ནས་བོད་ལུགས་ལ་གྲངས་གནས་དྲུག་ཅུ་ཐམ་པ་ཡོད་དོ།

དེ་ནས་དབྱིན་སྐད་ཀྱི་ལུགས་ལྟར་ན། 1 one, 10 ten, 100 hundred, 1,000 thousand, 10,000 Ten Thousand, 100,000 Hundred Thousand 1000,000 One million 10,000,000 ten million 100,000,000 hundred million, 1000,000,000 billion, 10,000,000,000 hundred billion, 1000. 000,000,000, trillion,ཁྲག་ཁྲིག་ཆེན་མོ་བཅས་རེད། དེས་ན་ཕྱི་ལུགས་ལ་གྲངས་གནས་འདིའི་སྒང་ལ་གཅིག་དང་གཉིས་བཅས་བྱས་ནས་བཅུ་ཕྲག་དང་། དེ་ནས་བརྒྱ་ཕྲག དེ་ནས་སྟོང་ཕྲག་བྱས་ནས་བརྩི་དགོས་པ་ལས་གྲངས་གནས་སོ་སོ་མེད། འོ་ན་སྐབས་འདིར་ཨ་རིའི་ལུགས་ལ་ཐེར་འབུམ་གཅིག་སྟོང་ལ་Trillin.གཅིག་རེད། དབྱིན་ཇིའི་ལུགས་ལྟར་བྱས་ན་ནི་trillion.ནི1,000,000,000,000,000,000,000,གྲངས་གནས་ཤིན་ཏུ་ཆེན་པོ་རེད། འདི་ནི་བོད་ལུགས་སུ་བསྒྱུར་ན་གྲངས་གནས་ཉེར་གཉིས་པ་ཁྱད་འབྱིན་ཡིན།

ད་ནི་རང་རིས་བོད་ལུགས་དང་། འཛམ་གླིང་ཁྱོན་ཡོངས་ཀྱིས་རྩིས་གཞིར་འཛིན་བཞིན་པའི་དབྱིན་སྐད་ཀྱི་གྲངས་གནས་སམ། ཡང་ན་ནི་ཨ་རིའི་ལུགས་གཉིས་ཤན་སྦྱར་བྱས་ནས་བཀོད་ན་འདི་ལྟར་ཡིན་པས། གཅིག 1 one བཅུ། 10 ten བརྒྱ། 100 hundred སྟོང་ཕྲག 1,000 thousand ཁྲི། 10,000 ten thousand འབུམ། 100,000 Hundred Thousand ས་ཡ། 1000,000 million བྱེ་བ། 10,000,000 ten million དུང་ཕྱུར། 100,000,000 hundred million ཐེར་འབུམ། 1,000,000,000 billion ཁྲག་ཁྲིག། hundred billion 10,000,000,000. ཁྲག་ཁྲིག་ཆེན་པོ། 1000. 000,000,000,Trillinབཅས་རེད། དེ་ཡང་ཨ་རིའི་ལུགས་ལ་ཐེར་འབུམ་གཅིག་སྟོང་ལ་Trillinརེད། དབྱིན་ཇིའི་ལུགས་ལྟར་བྱས་ན་trillion་ནི1,000,000,000,000,000,000,000,བཅས་ཡིན། དེས་ན་ཁྲག་ཁྲག་ཆེན་པོ་དང་Trillin་གཉིས་གྲངས་གནས་གཅིག་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་རྩིས་གཞིར་འདིར་འཛིན་གྱིན་ཡོད། དེས་ན་འདིར་ཐིག་གམ་ཀླད་ཀོར་རེ་རེ་ནས་དབྱིན་སྐད་དང་། བོད་སྐད་གཉིས་ཀྱི་གྲངས་གནས་ལ་གཤིབ་བསྡུར་བྱས་ནས་ཐོག་མར་གྲངས་གནས་དང་། དེ་ནས་གྲངས་མིང་བཅས་བཟོས་ནས་ཡིག་རྟོན་ཆོག་པར་བཀོད་ཡོད་ལ། འོན་ཀྱང་བོད་ཀྱི་གྲངས་གནས་རྩིས་སྲོལ་མི་འདྲ་བ་འགའ་ཞིག་ཡོད་ཀྱང་འདིར་ཡོངས་གྲངས་ཀྱི་རྩིས་སྲོལ་ལྟར་བྱས་ནས་བཀོད་ཡོད་དོ།

འདི་ནི་བོད་པའི་གསར་འགོད་པ་དང་། རྩོམ་སྒྲིག་པ། དེ་བཞིན་མདོ་སྨད་ཀྱི་ཕྱོགས་སུ་མི་ཕལ་མོ་ཆེས་རྟག་པར་གྲངས་གནས་ནོར་ནས་འགོད་ཀྱིན་ཡོད་པ་མ་ཟད། ལྷག་པར་ཁྲག་ཁྲིག་ཆེན་པོ་དང་། Trillion གཉིས་གྲངས་གནས་གཅིག་ཡིན་པ་མ་ཤེས་པར། དུང་ཕྱུར་ལ་བསྒྱུར་བ་དང་། ཡང་འགའ་ཞིག་གིས་ཐེར་འབུམ་ལ་བསྒྱུར་བ་སོགས་བྱེད་ཀྱིན་ཡོད། གལ་སྲིད་ཁོང་ཚོར་ཁྱེད་རང་ནོར་འདུག་ཟེར་ན་ཁས་མི་ལེན་པར་ད་དུང་ཨ་རི་དང་། དབྱིན་ཇིའི་གྲངས་གནས་ལ་ཁྱད་པར་ཡོད་རབས་བཤད་ཀྱིན་ཡོད། དོན་ངོ་མར་ཁོང་ཚོས་དབྱིན་ཇིའི་གྲངས་གནས་ཆེ་བ་ཡོད་པ་མི་ཤེས་ལ། བོད་པའི་གྲངས་གནས་དེ་ཡང་རེ་རེ་ནས་བརྩི་འཇུག་ཚེ་ས་ཡ་སྒང་ལ་སླེབས་དུས་ཐེ་ཚོམ་ཟ་མཁན་རྐྱང་རྐྱང་རེད། དེས་ན་བོད་པའི་གྲངས་གནས་དང་དབྱིན་སྐད་ཀྱི་གྲངས་གཉིས་རེ་རེ་ནས་ཐིག་དང་། ཡང་ན་ཀླད་ཀོར་ནས་ཡར་འགོ་བཟུང་སྟེ་གཤིབ་བསྡུར་བྱས་ནས་བརྩིས་དགོས་ལ། དེ་མིན་ཚིག་མཛོད་མ་དག་པ་དང་། རང་ཉིད་ཀྱིས་ཀྱང་གྲངས་གནས་མ་ཤེས་བཞིན་དུ་གྲངས་བསྒྱུར་བྱས་ཚེ། དོན་ལ་ནོར་འཁྲུལ་མ་གཏོགས་འབྱུང་རྒྱུ་ཅི་ཡང་མེད་དོ། །

དཔྱད་རྩོམ།

Post navigation

Previous Post: རྒྱ་དམར་གཞུང་ལ་ལྟོས་ཏེ་དབུ་མ་དང་རང་བཙན་གླེང་བ།
Next Post: ཀོ་རོ་ནའི་སྙན་ངག

Comments (10) on “བོད་ལུགས་དང་ཕྱི་ལུགས་ཀྱི་གྲངས་གནས་རྩིས་སྟངས།”

  1. Abharu Jigwang says:
    2020-04-10 at 6:36 pm

    གྲངས་ཀའི་སྐོར་ལ་འདབ་པ་ཚེ་མགོན་མཆོག་ནས་དཔེ་མི་སྲིད་པའི་ཞིབ་ཚགས་པོ་ཞིག་བྲིས་
    གནང་འདུག་པ་ཐུགས་རྗེ་ཆེ།
    ངས་ནི་གྲངས་བརྗོད་ཆ་ཚང་ཐུབ་པ་དཀའ།

  2. རྟ་བདུན་དབང་བོ says:
    2020-04-11 at 12:57 am

    ཡག་པོ་བྲིས་འདུག འོན་ཀྱང་ནོར་བ་འདུག
    10 million དུང་ཕྱུར་ཟེར་འདུག དེ་བྱེ་བ་ཡིན་པ་ལས་དུང་ཕྱུར་མ་རེད། །

  3. འདབ་པ་ཚེ་དབང་མགོན་པོ། says:
    2020-04-11 at 5:38 am

    རྟ་བདུན་དབང་པོ་ལགས། དེ་ངས་ནོར་བ་མ་རེད། ཁྱེད་རང་གིས་ཀློག་སྟངས་ནོར་རེད། ten million བྱེ་བ་དང་། hundred million དུང་ཕྱུར་རེད་ཟེར་ནས། གསལ་པོ་གསལ་རྐྱང་བྲིས་ཡོད། སྤྱིར་བཏང་million ནི་ས་ཡ། ས་ཡ་བཅུ་དེ་བྱེ་བ་ཡིན་ཕྱིར། ten miillion བྱེ་བ་རེད། བྱེ་བ་བཅུ་ལ་ས་ཡ་བརྒྱ་ཡོད་ཕྱིར། hundred million སྟེ་དུང་ཕྱུར་རེད། དེས་ན་ཀློག་སྟངས་མ་ནོར་བ་གནང་རོགས་གནང་དང། རྟ་བདུན་དབང་པོ་ལགས།

  4. གུ་རུ་བསོད་ནམས says:
    2020-04-11 at 9:16 am

    10,000,000,000 hundred billion འདིར་ཀླད་ཀོར་ཞིག་ཆད་ཡོད་པའི་བཟོ་འདུག

  5. ཨ་ཧཾ་རྡོ་རྗེ། says:
    2020-04-12 at 3:23 am

    ཐེར་འབུམ། 1,000,000,000 billion(འདི་རྗེས་ཐེར་འབུམ་ཆེན་མོ་མིན་པར་ཁྲག་ཁྲག་ཁྲིག་ལ་བསླེབས་འདུག འདི་ག་འདྲ་རེད།?)

  6. ཀརྡོ་རབ་འབྱམས་པ་ says:
    2020-04-12 at 6:52 am

    གྲངས་གནས་དྲུག་ཅུ་དང་། ཕྱི་ལུགས་ཨིན་སྐད་ཀྱི་གྲངས་གནས་རྩི་སྟངས་ཤན་སྦྱར་འདི་ཡི་རིགས་མང་ཙམ་ཉིན་སྤྱོད་དུ་བྱས་ན་ཀུན་ལ་ཕན་ངེས་འདུག

  7. ཚེ་བརྟན་འགྱུར་མེད། says:
    2020-04-12 at 3:48 pm

    བོད་ལུགས་ཀྱི་གྲངས་གནས་རྩི་སྟངས་རོབ་ཙམ་གོ་མྱོང་ཀྱང་དེ་འདྲེའི་རྒྱས་པོ་ཡོད་པས་ང་ཚོའི་རིག་གཞུང་ཟབ་པོ་ཡིན་པའི་དཔེ་ཞིག་ཀྱང་ཡིན་འདུག། གཙོ་བོ་བེད་སྤྱོད་ཞུ་ལམ་མེད་པའི་དབེན་ནམ་བསམ། བྱམས་པ་ནས་བཏང་སྙོམས་ཆེན་པོ་བར་དཔེ་ཆའི་ནང་མཇལ་དུས་ཆོས་ཚིགས་ལས་གྲངས་གནས་ཡིན་པ་ཤེས་མ་མྱོང། གྲངས་ལས་ཚད་ཅིག་ཡིན་པ་གོ། དེ་མིན་ཁྲག་ཁྲིག་ཐེར་འབུམ་སོགས་ནས་མཐར་གངྒཱའི་རླུང་གི་བྱེ་མ་ལྟར་ཅེས་པ་གྲངས་ངེས་སུ་འདུག གང་ལྟར་ཡང་ངས་བསམ་པར་དུང་ཕྱུར་ལས་འགལ་བའི་རྩིས་ཤིག་བོད་ནང་བོད་མི་དམངས་སུ་རྒྱབ་དགོས་ཨེ་ཡོད་བསམ་པ་ཡོད་ནའང་། ཁྱེད་ནས། མདོ་སྨད་ཀྱི་ཕྱོགས་སུ་མི་ཕལ་མོ་ཆེས་རྟག་པར་གྲངས་གནས་ནོར་ནས་འགོད་ཀྱིན་ཡོད་པ་མ་ཟད། ལྷག་པར་ཁྲག་ཁྲིག་ཆེན་པོ་དང་། Trillion གཉིས་གྲངས་གནས་གཅིག་ཡིན་པ་མ་ཤེས་པར། དུང་ཕྱུར་ལ་བསྒྱུར་བ་དང་། ཡང་འགའ་ཞིག་གིས་ཐེར་འབུམ་ལ་བསྒྱུར་བ་སོགས་བྱེད་ཀྱིན་ཡོད། ཅེས་པ། མདོ་སྨད་ནང་མི་ཕལ་མོ་ཆེས་ལས་དོན་གང་གིས་རྩིས་རྒྱབ་དུས་ Trillion སོགས་ནོར་གྱི་ཡོད་དམ་མམ་དེ་མིན་མི་ཕལ་མོ་ཆེར་གྲངས་ཆེན་གྱི་རྩིས་དེ་དག་གང་གི་ཆེད་བེད་སྤྱོད་ཞུའམ། ང་རང་གི་རྨོངས་བསེལ་ཆེད་ཞུས་ལགས་སོ།།

  8. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-13 at 6:52 am

    ང་ཚོ་བོད་མི་ཚོར་དངུལ་མེད་པ་མ་རྟོགས་གྲངས་ཀྱི་རིག་གཞུང་གཏིང་ཟབ་པོ་འདི་འདྲ་ཡོད་པ་འཛམ་གླིང་ལ་ངོམས་ཆོག་པ་འདུག་ཐུགས་རྗེ་ཆེ་བཀྲིན་ཆེ།

  9. བན་དེ་བ་ཉི་མ། says:
    2020-04-13 at 7:25 am

    གཅིག བཅུ། བརྒྱ། སྟོང། ཁྲི། འབུམ། བྱེ་བ། ས་ཡ། དུང་ཕྱུར། བཅས་བརྩི་སྟངས་འདི་ལ་མདོ་འབུམ་མཛོད་སོགས་ཀྱི་གཞུང་མི་འདྲ་བ་ནས་ས་ཡ་དང་བྱེ་བ་གཉིས་སྔོན་རྗེས་འདྲ་མིན་བྲིས་པ་མང་འདུག

  10. བསྟན་འཛིན་སྤེན་པ says:
    2021-11-16 at 1:12 pm

    ཡག་པོ་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme