Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གསལ་བསྒྲགས།

Posted on 2010-07-012010-07-01 By ཁ་བརྡ་ 44 Comments on བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གསལ་བསྒྲགས།

gariད་མཚམས་འོས་བསྡུ་ལས་ཁང་ནས་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་དངོས་སུ་གནང་སྟབས། རང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་མི་ཞུགས་རྒྱུའི་ཐག་གཅོད་ཡོངས་གྲགས་བྱེད་རྒྱུ་ཡིན། ངའི་ལས་རོགས་དང་། བློ་ཉེ་ཚོ། དེ་བཞིན་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ལ་དོ་སྣང་ཞིབ་ཚགས་བྱེད་མཁན་ཚོས་ཕྲན་རང་ཐོག་མ་ནས་འོས་གཞིར་ཞུགས་རྒྱུའི་བསམ་བློ་མེད་པ་དེ་ཤེས་ཀྱི་ཡོད།
གུས་པར་བཀའ་ཁྲིའི་འོས་གཞིར་ཞུགས་རྒྱུའི་གཞེན་བསྐུལ་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་བོད་ནས་ཆེས་བཀུར་འོས་སྐྱ་སེར་མི་སྣའི་ཁོངས་ནས་བརྡ་ལན་དེ་རིགས་འབྱོར་བ་ནི་ཆེ་མཐོང་བླ་མེད་དུ་སྣང་།
ང་རང་རྒྱུན་དུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞིང་། ལམ་ལུགས་འདི་ནི་བོད་མི་མང་གི་མངོན་འདོད་གསལ་སྟོན་བྱེད་རྒྱུའི་བརྒྱུད་ལམ་གལ་ཆེ་ཤོས་དང་། བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཡུན་གནས་ཐུབ་པའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་རྣམས་བོད་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་མངོན་འགྱུར་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ངོས་འཛིན་པའི་ཐོག་ནས་ང་ཚོས་མང་གཙོའི་ལྟ་གྲུབ་དང་ལག་ལེན་འཐུས་སྒོ་ཚང་དུ་བཏང་བར་སྒོ་ཀུན་ནས་འབད་བརྩོན་བསྐྱེད་དགོས།
གོང་འཁོད་རྒྱུ་མཚན་གཞི་བཟུང་ངས་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཡང་བསྐྱར་ལས་ཡུན་ཞིག་གནང་ཐུབ་རེ་བྱས་པ་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་དོ་ཁུར་ཅན་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་ཁ་ཕྱོགས་ཇི་ཆགས་ལ་ཐུགས་འཚབ་གནང་མཁན་མང་པོས་ཀྱང་བསམ་ཚུལ་བཏོན་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེ་མཆོག་ཡང་བསྐྱར་གནང་བཞེད་མེད་པ་ཤེས་ཀྱི་ཡོད་ལ། དེ་མཚུངས་ད་ལྟའི་གྲོས་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཁོང་འོས་གཞིར་ཞུགས་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུའི་འདུན་པ་མེད་པའང་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་འགན་དབང་གསོལ་རས་བསྩལ་བའི་ལམ་ལུགས་གསར་གཏོད་གནང་བ་བརྒྱུད་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་འོས་འདེམས་བྱེད་རྒྱུའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་ཡིན། འདས་པའི་ལོ་བཅུའི་རིང་ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་དང་ཐུགས་སྤོབས་མཁྱེན་ཡོན་གྱི་དབང་གིས་བཀའ་བློན་ཁྲི་པའི་ལས་གནས་ཀྱི་མཚན་མཐོང་དང་འགན་ཁུར་གཟི་བརྗིད་ཅན་དུ་གྱུར་ཡོད།
བོད་རྒྱ་ཆེའི་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེས་ལམ་སྟོན་ལ་མཐའ་གཅིག་ཏུ་ཡིད་ཆེས་ཞུས་ཀྱི་ཡོད་པ་རྩོད་མེད་རེད། དེ་ཡང་རྨོངས་ཞེན་ནམ་དད་པའི་རྗེས་འབྲང་མ་ཡིན་པར་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེས་འདི་ཉིད་ཡིན་པ་ཤེས་པའི་སྒོ་ནས་རིགས་པའི་རྗེས་སུ་འབྲང་སྟེ་ཞུས་ཀྱི་ཡོད། དེ་མཚུངས་བོད་མི་ཚོས་རང་གི་ཕ་མེས་ནས་བརྒྱུད་པའི་ནང་དོན་རིག་པའི་སྲོལ་རྒྱུན་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་ཁྱད་ནོར་དང་། བོད་མིའི་སྟོབས་ཤུགས་དང་ཆིག་བསྒྲིལ་གྱི་ནུས་པའི་འབྱུང་ཁུངས་ཡིན་པ་ངོ་འཕྲོད་པའི་སྒོ་ནས་དེར་དགའ་ཞེན་དང་སྤོབས་པ་བྱེད་ཀྱི་ཡོད། འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ཆེས་ཡ་ང་ཞིང་བཟོད་དཀའ་བའི་ཛ་དྲག་གནས་བབ་འོག་ཏུའང་བོད་མིའི་སྙིང་སྟོབས་ཞུམ་མེད་ངང་གནས་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཐོག་ཀྱང་བོད་མིའི་འཐབ་རྩོད་ཀྱིས་གོ་གནས་དམིགས་བསལ་ཅན་ཞིག་བཟུང་ཐུབ་པའང་བོད་མིའི་ཁྱད་ནོར་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་པས། ང་ཚོས་འོས་འདེམས་བྱ་རྒྱུའི་འགོ་ཁྲིད་ཚོའང་གོང་གསལ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་ལ་རྒྱུས་མངའ་དང་། དགའ་མོས་བརྩི་བཀུར་ཡོད་མཁན་ཞིག་དགོས་པ་མ་ཟད། དེ་དག་མཚོན་ཐུབ་ངེས་ཤིག་དགོས་པར་སྣང་བ་བཅས་ཕྲན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣༠ ལ།། །།
༼ཡོང་ཁུངས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།༽

གསར་འགྱུར།

Post navigation

Previous Post: ཨ་མདོ་བག་ལེབ།
Next Post: བུད་མེད་ཚོགས་པར་གལ་ཆེའི་རེ་སྐུལ་ཞིག

Comments (44) on “བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གསལ་བསྒྲགས།”

  1. མི་རྐང་གླིང་བུ། says:
    2010-07-01 at 12:58 am

    དགའ་བསུ་ཞུ།

  2. ལྷུན་གྲབ། says:
    2010-07-01 at 1:26 am

    མི་རྐང་གླིང་བུ་ཁྱེད་ཀྱིས་རྒྱུ་མཚན་གང་ལ་རྟེན་ནས་དགའ་བསུ་ཞུ་བ་ཡིན།་འབྲེལ་བཤད་ཞིག་མཛད་རོག

  3. ལྷུན་གྲབ། says:
    2010-07-01 at 1:26 am

    མི་རྐང་གླིང་བུ་ཁྱེད་ཀྱིས་རྒྱུ་མཚན་གང་ལ་རྟེན་ནས་དགའ་བསུ་ཞུ་བ་ཡིན།་འབྲེལ་བཤད་ཞིག་མཛད་རོག

  4. བོད་ཕྲུག says:
    2010-07-01 at 1:32 am

    རང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་མི་ཞུགས་རྒྱུའི་ཐག་གཅོད་ཡོངས་གྲགས་བྱེད་རྒྱུ་ཡིན། ཞེས་པར་དགའ་བསུ་ཞུ་བཞིན་ཡོད།

  5. རྒྱལ་བསྟན། says:
    2010-07-01 at 1:54 am

    སྐུ་ངོ་རྒྱ་རི་མཆོག་་་་
    ཉིད་ཀྱི་བཀའ་ཁྲི་བྱེད་འདོད་མེད་པའི་གསལ་བསྒྲགས་འདི། གཅིག་བྱས་ན་རང་ཚོད་ཟིན་པའི་ཁུལ་ཡིན་ཚོད་ལ་གཅིག་བྱས་ན་གཞན་ཚོད་ཟིན་པའི་ཁུལ་ཡིན་ཚོད་ཀྱང། བློ་དམན་པ་ངའི་བསམ་བློ་ལ་མགོ་ནག་ཚང་གི་ཉག་ཕྲ་བའི་དུས་སྐབས་འདིར་རང་གཞན་གྱི་ཐེམ་པ་ལ་འཁོན་ནས་མ་བསྡད་པར་མཐའ་ཡངས་པའི་རྩ་ཐང་ལ་རྒྱང་བལྟ་བྱེད་ནུས་མཁན་ཉམས་མྱོང་དང་ཤེས་ཚད། གོ་རྟོགས། བསམ་ཚོད་སོགས་རྩལ་སྣ་རྫོགས་པའི་ལམ་སྟོན་པ་ཞིག་དགོས་པ་ལས། ལམ་བུ་ཤེས་ཀྱང་འགྲོ་འདོད་མེད་པའི་སྒྱིད་ལུག་པ་མི་དགོས་པས་ཁྱེད་ཀྱི་བསམ་བརྗོད་དེར་ཅི་ནས་ཀྱང་དགོངས་འདུན་ཡང་བསྐྱར་བཞེས་དགོས་ལ། དམག་མི་ཡི་དམག་རྒྱག་པ་དང་གྲྭ་པ་ཡི་ཆོས་བྱེད་པ་བཞིན་རང་རང་ནུས་པ་དང་མཚམས་པའི་ལས་འགན་རེ་འཁྱེར་དགོས་པ་རྩམ་ཟན་ཡོངས་ཀྱི་ཕྲག་སྟེང་དུ་བབས་པའི་ལས་སྐལ་ཡིན་པས། ཁྱེད་ཀྱི་བཀའ་ཁྲིའི་འགན་བབ་དང་ཁྱད་ཆོས་བསྐོར་ལ་བསམ་ཚུལ་བརྗོད་པ་ཙམ་མ་ཡིན་པར་སྡེང་ཆའི་སྟེང་དུ་ཐོན་ནས་འོས་མིའི་གྲལ་དུ་ཞུགས་ན། གཅིག་ནས་དུས་བབ་དང་མཚམས་ཞིང། གཉིས་ནས་མི་རིགས་ཀྱི་འདུན་པ་མཐུན་པ། གསུམ་ནས་དགྲ་ཡི་རྨ་ཁ་ལ་ཟན་པ། བཞི་ནས་རང་གི་ལོ་རྒྱུས་ལ་མཛེས་པ། ལྔ་ནས་མི་མང་ལ་སེམས་ཤུགས་དང་རེ་འདུན་གྱི་མེ་ལྕེ་མཆེད་ནུས་པ་སོགས་མཐུན་ཕྱོགས་ཀྱི་བསྒྲུབ་བྱ་མང་པོ་ཞིག་སྒྲུབ་ནུས་པས་གསལ་བསྒྲགས་འདི་ཕྱིར་འཐེན་བྱེད་རོགས་གནང། དེ་མིན་ངས་ཁྱེད་ལ་རང་དབང་དང་མང་གཙོ་ཡི་ལུང་པའི་ནང་རང་དབང་དང་མང་གཙོ་འཕྲོག་པའི་ཧམ་བལྟས་སུ་འགྱུར་ངེས་ཀྱང་། ཡིད་ཆེས་དང་ཡི་རང་གི་བསམ་བློ་བཞད་ཚར་བའི་འཇའ་ཚོན་གྱི་མདངས་དང་མཉམ་དུ་སྤྲོད་རྒྱུ་ཡིན།

  6. ཀརྡོ་རབ་འབྱམས་པ་ says:
    2010-07-01 at 3:48 am

    ཁ་བརྡའི་ནང་ལ་ཨ་མདོའི་བག་ལེབ་མཐོང་ནས་ཁམས་རིགས་ཅིག་གིས་བཀའ་ཁྲིའི་འོས་མི་ལས་ཕྱིར་ཐེན་བྱས་པ་འདྲ། ད་ཁམས་པ་དང་དབུས་པའི་བག་ལེབ་གླེང་ན་ཅི་འགྱུར་རམ། ང་རང་འོས་མིར་ཉེ་རུ་ཕྱིན་པ་མིན་འགྲོ ཧ་ཧྰ་ཧྸ། སྐུ་རྩེད་ཡིན་ནོ།

  7. བློ་བཟང་དར་རྒྱས། says:
    2010-07-01 at 5:29 am

    མངོན་གནས་མཁས་དབང་ཟམ་གདོང་རིན་པོ་ཆེ་བོད་མིར་མཁོ་ངེས་ཞིག་ལ་བཀའ་ཁྲིར་ཕེབས་བྱུང་བས་་་༧གོང་ས་མཆོག་ཐུགས་ལོས་དགྱེས། ཐུགས་རྗེ་ཆེ། འབྱུང་འགྱུར་བཀའ་ཁྲིར་སུ་འོས་སམ།
    མིང་དང་གྲགས་པ་ཡོད་མཁན་ཚོས་ལས་གནས་ལ་སྐྱིད་ལོས་དང་ཡང་ལྕི་བསྡུར་ཏེ་འདུག་སྙིང་འདོད་ན་བསྡད་པ་དང་མི་འདོད་ན་ཕྱིར་འཐེན་བྱེད་ཆོག་ཆོག་རེད། འོན་ཀྱང་བོད་མི་རིགས་ཀྱི་ལས་དབང་ལ་བསམ་གཞིགས་བྱས་ཏེ་འགན་འཁུར་ལྕི་མོ་རྐང་ལེན་སུས་བྱེད་ཀྱི་རེད། ཁ་དཔེར་༼་མི་རྣམས་སྡུག་ས་ནས་མི་སྡོད་སྐྱིད་ས་ནས་སྡོད།༽ཞེས་པའི་དཔེ་བཞིན་ད་ཐེངས་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ནས་ཕྱིར་འཐེན་བྱས་པར་བློ་ཕམ་བྱུང། ཁོང་སྐུ་ཚབ་བྱས་ཏེ་འཛམ་གླིང་བསྐོར་བསྐྱོད་བྱེད་པར་སྐྱིད་པོ་ཡོད་ཀྱི་རེད། བཀའ་བློན་གྱི་བཀའ་ཤག་ནང་ལོ་བསྟུད་མར་བོད་མི་རིགས་ཀྱི་འདས་དང་ད་ལྟ་མ་འོངས་བཅས་ལ་བསྔོག་གཤེར་བྱས་ཏེ་འདུག་རྒྱུ་ཁོང་གི་འདམ་ག་མིན་པ་ད་ངས་གཞི་ནས་ཤེས་སོང།

  8. བློ་བཟང་དར་རྒྱས། says:
    2010-07-01 at 5:34 am

    ད་དུང་སྐུ་ཚབ་ནས་དགོངས་པ་ཞུས་ན་ལེགས། ད་ཕྱི་རབས་རྣམས་ལ་གོ་སྐབས་ཞིག་གནང་དགོས། སྐུ་སྒེར་ཡིག་ཚང་གིས་ཀྱང་བསམ་བློ་བཏང་དགོས། བསམ་བློ་འཁོར་ཡོད་དམ། འཁོར་གྱི་མེད་པ་འདྲ་པོ་འདུག།

  9. གཅན་བཟོད་རྒྱམ། says:
    2010-07-01 at 6:33 am

    ཚང་མ་ཕྱིར་བསྡུ་གནང་མཁན་ཞིག་ལ་བཀའ་ཁྲི་མི་ཐོབ་པར་ཤོག རྒྱ་རི་ཐུགས་རྗེ་ཆེ་ཞུ། འདི་ལ་བལྟས་ཏེ་གཞན་ཚོས་ཀྱང་རང་ཚོད་ཟིན་ན་ཅི་མ་རུང་།

  10. མི་རྐང་གླིང་བུ། says:
    2010-07-01 at 7:26 am

    ཁྱོད་བཀའ་ཁྲི་འོས་མིར་ཕྱིར་བསྡུ་བྱས་པ་དགའ་བསུ་ཞུ། སྤྱི་ཚོགས་ནང་དུ་ནུས་པ་འདོན་ཚར་བའི་མྱི་རྒན་རྣམས་བཀའ་ཁྲིར་འོས་མིར་མ་ཡོང་རོགས། ཐུགས་རྗེ་ཆེ།

  11. ཚེ་རིང་སྒྲོན་མ། says:
    2010-07-01 at 7:53 am

    རྒྱ་རི་མཆོག་ཐུགས་རྗེ་ཆེ་
    ཡག་པོ་རེད་དགོངས་པ་ཞུ་བ་དེ་ལ་རྗེས་སུ་ཡི་རིང་ཡོད
    ཡིན་ན་འང་སྐུ་འཚབས་ཀྱི་ཕྱག་ལས་ལ་དགོང་པ་ཞུས་ན་མོས་མཐུན་རྩ་བ་ནས་མེད།
    གང་ཡིན་ཟེར་ན་ཁྱེད་འདྲ་བ་ད་ལྟའི་སྐབས་སུ་མི་སུ་གཅིག་ཕྱི་ལོག་གི་དཔོན་རིགས་སོགས་ལ་འབྲེལ་བ་མེད་པ་ཀུན་ཤེས་རེད།
    དེ་ལ་རྟེན་ནས་ཁྱེད་དགོང་པ་ཞུས་པ་ཡིན་ན་ཡང་མི་གསར་བ་ཞིག་གི་འབྲེལ་བ་གསར་བ་ཞིག་མགོ་འཛུག་དགོས་པ་ཡིན་ན་ཡག་པོ་མེད་ཞུ་བ་ཡིན།

  12. བློ་བཟང་དར་རྒྱས། says:
    2010-07-01 at 8:13 am

    ད་ལྟ་བར་དུ་རྒྱ་རིས་མི་དཔོན་ཆེན་པོར་འབྲེལ་བ་བྱུང་བ་དེ་རྒྱ་རིའི་བྱས་རྗེས་རེད་དམ། ངས་བསམ་ན་མ་རེད། ༧གོང་ས་མཆོག་གི་སྐུའི་གཟི་བྱིན་ལས་བྱུང་བ་རེད། ད་མི་གསར་པ་ཞིག་སླེབས་ན་ཡག་ཤོས་རེད། དེ་འདྲ་བྱས་ཏེ་བསྡད་ན་རྒྱལ་པོའི་རིང་ལུགས་འའདྲ་པོ་འདུག འོན་ཀྱང་ངས་རྒྱ་རི་མཆོག་སྐུ་ཚབ་ལ་འོས་མིན་བཤད་ཀྱི་མེད། མི་གསར་པ་ཞིག་སླེབས་ན་དེར་ཉམས་མྱོང་དང་འཇོན་ཐང་གསར་པ་འདྲ་ཐོན་དོགས་ཁ་པོ་རེད། ཐུགས་རྗེ་ཆེ།

  13. དཀོན་མཆོག་ནོར་བུ says:
    2010-07-01 at 8:19 am

    ཚེ་རིང་སྒྲོན་མའི་དགོངས་ཚུལ་ལ་མོས་མཐུན་ཡོད།

  14. གཞོན་ནུ་ཟླ་མེད། says:
    2010-07-01 at 8:56 am

    ཚེ་རིང་སྒྲོན་མའི་བསམ་ཚུལ་ལ་(199%)མོས་མཐུན་ཡོད། འོན་ཀྱང་ད་ཐེངས་ཀྱི་བཀའ་བློན་དེ་ག་རེ་ཡིན་ན། ཉམས་མྱོང་ཅན་དེ་ཚོ་དགོངས་པ་ཞུ་གི་བསྡད་འདུག ཁ་སྔོན་བཀྲ་ཤིས་དབང་འདུས་དགོངས་པ་ཞུ་བ་ཞིག་གོ་སོང་། དེ་རིང་ཡང་རྒྱ་རིས་དགོངས་པ་ཞུ་བ་འདྲ་ཟིག་གོ་སོང་། ད་ཡིན་ན་ཟམ་གདོང་བླ་མས་གཅིག་བྱས་ན་ཡག་ས་ཞིག་ལ་བསྐྱལ་ནས་གཞན་དག་གིས་མཇུག་སྐྱོང་ཐུབ་མི་ཐུབ་ལ་འཚར་སྣང་སྐྱེ་གི་ཡོད་ས་རེད། གཅིག་བྱས་ན་ཕལ་ཆེར་རྒྱ་ལག་ཏུ་བཞག་ཟིན་པས་འདི་ཚོས་མིང་ངན་ལེན་འདོད་མ་ཡོད་པ་འདྲ་འདུག བྱིས་པ་ཚོ་ཅི་ཡིན་འདི་ཡིན་མེད་པར་འཕར་འཚག་རྒྱག་བཞིན་འདུག

  15. ཚེ་རིང་སྒྲོན་མ། says:
    2010-07-01 at 9:14 am

    ཡ་ཡ་དེ་ངོ་མ་རེད་ད་ལྟ་ང་ཚོས་བཙན་བྱོལ་བོད་གཞུང་གི་ལས་བྱེད་རྒན་པ་དེ་ཚོ་དམིགས་ཡུལ་གཙོ་བོ་དེ་མ་འོང་བ་ན་བོད་དོན་དེ་གང་འདྲ་ཞིག་ལ་འགྲོ་གི་ཡོད་ཐེ་ཚོམ་གྱི་གནས་ལས་གཞན་གང་ཡང་ཐག་ཆོད་པ་ཡོད་ས་མ་རེད།
    དེ་འདྲ་སོང་ཙང་ཁོང་རྣམས་ཀྱིས་ད་ལྟའི་ལས་འགན་དེ་ཚོས་ནུས་པ་གང་ཐོན་གི་ཡོད་མེད་ཡང་བརྗོད་མི་ཐུབ་པ་ཞིག་རེད་འདུག
    གཅིག་བྱས་ན་ད་ལྟའི་བཙན་བྱོལ་གཞུང་གི་བཀའ་དྲིན་ཁོ་ན་ལ་རྟེན་ནས་ངོ་ཚོ་བོད་པ་ཡིན་ཟེར་ཆོག་པ་ཞིག་རེད་ཡོད་པ་དང་།
    དོན་དངོས་སུ་༧་གོང་ས་མཆོག་མེད་པ་ཡིན་ན་ང་ཚོས་གཞུང་དེ་ག་འདྲ་ཞིག་གི་ཕྱོགས་ལ་ནུས་པ་ཐོན་ཐུབ་ཀྱི་རེད་ཟེར་ནས་འདྲི་བ་བྱས་པ་ཡིན་ན།
    བུ་མོ་ངའི་དེས་སྐོར་ལ་བསམ་བློ་མང་པོ་ཞིག་འཁོར་སོང་།
    གང་ལྟར་མ་འོང་བས་བཀའ་བློན་ཁྲི་བ་དེ་ག་འདྲ་ཞིག་འོང་ནས་རྒྱ་བོད་གཉིས་ཀྱིས་བར་ལ་མཐུན་ལམ་དང་༧གོང་ས་མཆོག་གི་དགོང་བ༷ཞེད་དེ་གང་འདྲ་སྒྲུབ་ཐུབ་མིན་ཐེ་ཚོམ་རེད།

  16. ཁ་བརྡ་ཚང་། says:
    2010-07-01 at 10:57 am

    ློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།

    ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

  17. ཚེ་རིང་སྒྲོན་མ། says:
    2010-07-01 at 11:17 am

    ལགས་སོ་ཁ་བརྡ་ཚང་དེ་དེ་ལྟར་སྒྲུབ་ཆོག་པ་ཞུ
    ངོས་ཀྱིས་སྐད་ཆ་དེ་རྣམས་རྣ་བར་མ་འགྲོ་བ་ཡིན་ན་ད་ལྟ་རང་ཕྱིར་ལ་འཐེན་རོགས་ཞུ།
    ཡིན་ནའང་མི་ཐམས་ཅད་ལ་འདྲ་མཉམ་བྱེད་རོགས་ཞུ།

  18. གདོང་དམར་གྱི་བུ། says:
    2010-07-01 at 11:35 am

    ཐུགས་རྗེ་ཆེ། མཐོང་ས་ལའང་མ་ཡོང་ན་ཡག་པོ་འདུག

  19. སྒྲིབ་བྲལ་ཤེས་རབ་རྡོ་རྗེ། says:
    2010-07-01 at 12:05 pm

    མང་པོ་བཤད་རྒྱུ་མེད།  ཡིན་ན་ཡང་གདོང་དམར་གྱི་བུ་ཟེར་བ་དེ་སྟག་སྨྱོན་ཟེར་བ་དེ་ཡིན་པ་དང་།   གཞིས་ནང་ལོར་སྐྱབས་རྗེ་པད་ནོར་རིན་པོ་ཆེ་ཞིང་ལ་ཕེབས་སྐབས་རྙིང་མའི་ཆོས་བརྒྱུད་ལ་སྙིང་ཚིམ་བརྒྱ་ཕྲག་གཏོང་མཁན་དེ་ཡིན་པ་ཀུན་ཀྱིས་ཤེས་དགོས།   དཀོན་མཆོག་གསུམ།   རྒྱལ་བ་རིན་པོ་ཆེ།  ད་ཁ་བརྡ་ཚང་གིས་གཅིག་བལྟ་རོགས་ཀྱིས་མ་གཏོགས། ་་་་་་་་་་་་་་་་་་་་་་་་་

  20. རྩམ་གཟན། says:
    2010-07-01 at 12:07 pm

    ཐུགས་རྗེ་ཆེ། རྒྱ་རེ་ལགས། ཁྱེད་མ་བསྐུལ་དང་བླང་གིས་བཀའ་ཁྲིའི་འོས་མི་ལས་དགོངས་ཞུས་གནང་བ་ལ། ད་དུང་ངའི་རེ་བ་ཆེ་ཤོས་དེ་ནི། གསལ་བསྒྲགས་གཞན་ཞིག་སྟེ། ༧གོང་ས་མཆོག་གི་སྐུ་ཚབ་ལས། དགོངས་ཞུས་ཀྱི་གསལ་བསྒྲགས་ཞིག དེ་སྔོན་ཕན་ཆོད་ཁྱེད་ཀྱི་ལོ་ངོ་ཉེར་བརྒྱད་ཏག་ཏག་རྒྱ་བོད་གཉིས་ཀྱི་བར་སྐད་ཆ་བཤད་ནས་སྐུ་ལས་བསྐྱོན་པ་ལ་ཐུགས་རྗེ་ཆེ་ཚད་མེད་ཞུ་འོས། ད་འབྱུང་འགྱུར་ཆ་ལ་བོད་བཙན་བྱོལ་སྤྱི་ནང་མཁྱེན་དཔྱོད་དང་ཤེས་འཇོན་ལྡན་པའི་གང་ཟག་མི་ཉུང་བ་ཞིག་ཡོད་པས་དེ་དག་ལ་གོ་སྐབས་ཤིག་སྤྲད་པ་ཡིན་ན། ལམ་བུ་གསར་པ་ཞིག་ཡོང་བའི་རེ་ཆེ། ད་ཁྱེད་ཇི་ཙམ་ཕེབས་ཀྱང་བསྐྱར་ལྡབ་ཡང་ལྡབ་ལས་ཐོན་རྒྱུ་གསར་པ་ཞིག་མེད་པ་ཁོ་ཐག་ནང་ནས་ཆོད་ཅིང་རེ་བ་ཕྱི་ནས་ཟད་སོང་། ད་ལྟའི་སྐབས་ང་ཚོས་ཉིན་མ་ཇི་ཆོད་འདྲ་པོ་ཞིག་བྱེད་བསྡད་པ་མ་ཡིན་པར། ཤིན་ཏུ་ནས་རིན་ཐང་ཅན་དང་གྲོན་བརླག་ཏུ་འགྲོ་མི་རུང་བའི་གོ་སྐབས་དང་དུས་ཚོད་ཤིན་ཡིན་པ་མཁྱེན་དགོས། གང་ཡིན་ཞེ་ན་༧གོང་ས་མཆོག་བཞུགས་ཤིང་ཁོང་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་དང་ཆེ་མཐོང་དུ་བརྩི་ཞིང་ཕྱོགས་ཡོངས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོག་རྒྱབ་བྱས་དང་བྱེད་བཞིན་པའི་སྐབས་འདིར། བོད་མི་གཞིས་བྱེས་ཡོངས་ནས་ཁ་ཚ་དགོས་ཐུག་གི་ཁོང་དགོངས་ཞུས་ཐོག་ལས་ཚབ་གསར་པ་ཞིག་བདམས་བསྒྲུག་མྱུར་དུ་བྱེད་དགོས། མ་འོངས་རྒྱ་བོད་གྲོས་མོལ་ཐེངས་བཅུ་པའི་སྐབས་མི་གསར་པ་ཞིག་དང་སྐད་ཆ་གསར་པ་ཞིག་ཁོ་བོས་མཐོང་ཞིང་ཐོས་ན་འདོད།

    བོད་མི་ཡོངས་ཀྱི་ཐུགས་བསམ་བཞེས་རན་པ་མི་ཚད་ཕྱིས་ཚར་འདུག ཡར་ལོངས་ཤོག

  21. གཅན་བཟོད་རྒྱམ། says:
    2010-07-01 at 2:07 pm

    ཚིག་རྩོད་དང་ཁ་རྩོད། རྩོད་པ་རྒྱག་གི་འདུག དམོད་ཚིག་དབོར་བ་སོགས་ཟེར་ན་ལས་ཡང་འཐབ་འཛིང་ཡིན་ན་ཅིག་བྲིས་ཡོང་གི་འདུག ཚིག་འདི་འདྲ་བ་ཅི་ཡིན་ནམ། འཐབ་འཛིང་ནི་འཐབ་པ་དང་འཛིང་བ་ལ་ཟེར་བས་ན། དམའ་འཏར་ཡང་ཕྱོགས་གཉིས་དགོས་ཀྱི་རེད། གཉིས་ཡོད་པ་ཙམ་གྱིས་ག་ལ་ཆོག ཕྱོགས་གཉིས་ཀ་ནས་གང་ནུས་ཀྱིས་ཕན་ཚུན་ལ་བཞུ་བ་དང་རྡུང་བ། བརྡེག་པ་སོགས་བྱས་ན་ད་གཟོད་འཐབ་འཛིང་ཟེར་དགོས་པ་ལོས་ཡིན། ད་བསྡད་ཀིན་བསྡད་ཀིན་ཚིག་ཚང་མའང་འགྱུར་འགྲོ་བའམ་བསྒྱུར་འགྲོ་གི་འདུག

  22. དཔལྡན་རྡོ་རྗེ། says:
    2010-07-01 at 2:13 pm

    ཡག་པོ་རེད། ད་བཀའ་བློན་ཁྲི་པ་དེ་སྔོན་མ་བཀའ་བློན་གནང་ཟིན་པ་མ་ཡིན་པ་ཞིག་ལ་གོ་སྐབས་ཕུལ་ན་ལེགས།

  23. ཚེ་རིང་སྒྲོན་མ། says:
    2010-07-01 at 4:04 pm

    དེ་ངོ་མ་རེད། བཀའ་བློན་ཁྲི་བ་གསར་བ་དེ་སྔོན་བྱེད་མ་མྱོང་བ་ཞིག་ཧ་ཅིང་གི་གལ་ཆེན་པོ་རེད་

  24. ཚངས་དབྱངས། says:
    2010-07-01 at 5:35 pm

    རྒྱ་རི་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པར་མི་ཕེབས་པ་འདིས་གང་བསྟན་གྱི་ཡོད་དམ།

    ངས་བལྟས་ནས་འདིར་གོ་རྒྱུ་མང་པོ་འདུག་ལ་གོ་རྒྱུ་གཅིག་ཀྱང་མིན་འདུག 

    གོ་རྒྱུ་མང་པོ་འདུག་ཟེར་བ་ནི། ཅིའི་ཕྱིར་ཁོང་གི་རྩ་ཚིག་འདི་འདྲ་ཞིག་བསྟོན་ནམ། ཅིའི་ཕྱིར་ཁོང་གིས་ཟམ་སྟོང་རིན་པོ་ཆེ་ལ་ཡང་བསྐྱར་བཀའ་བློན་ཁྲི་པར་བཞུགས་དགོས་པའི་རེ་བ་བཏོན་ནམ། 

    གོ་རྒྱུ་གཅིག་ཀྱང་མིན་འདུག་ཟེར་བ་ནི། བཀའ་བློན་གནང་གི་མིན་གསུངས། ད་འདི་ལ་བསམ་བློ་མང་པོ་གཏོང་དགོས་དོན་མིན་འདུག

    ཡིན་ནའི་རིན་པོ་ཆེ་ད་བར་དངོས་གནས་བོད་ཀྱི་སྤྱིའི་དོན་ལ་ཕྱག་ལས་ལོ་མང་གནང་ཡོད་ལ་འབྲས་བུ་ཡང་མི་ཆུང་། དེས་ན་དྲིན་ཅན་ཁོང་ལ་བཀའ་འདྲིན་ཆེ་ཞུའོ།

  25. ཤན་པ་མེ་རུརྩེ་ says:
    2010-07-01 at 7:32 pm

    ཡ་རྒྱ་རི་ཤ་ཚ་སྙིང་རྗེ་ཁྱོད་རང་དགོང་པ་ཞུས་པ་དེ་དངོས་གནས་བོད་མི་གཞིས་བྱེས་ཡོངས་ནས་དགའ་བཞིན་སྤྲོ་བཞིན་དགོང་པ་གནང་ངེས་ཅན་ཡིན་པས་ཁྱོད་རང་བློ་མ་ཕམས་་་་ད་་་བདེ་་་མོ་་་

  26. ཚེ་རིང་སྒྲོན་མ། says:
    2010-07-02 at 2:17 am

    ཨ་རོ་ཤན་པ་མེ་རུ་རྩེ་
    དེ་འདྲ་མ་གསུང་ཁྱེད་ཀྱིས་རྒྱ་རི་མཆོག་ལ་བོད་ཞི་བྱེས་ཡོངས་ནས་དགའ་བཞིན་སྤྲོ་བཞིན་དགོང་པ་གནང་ངེས་ཅན་ཡིན་པས་ཁྱོད་རང་བློ་མ་ཕམས་ཟེར་བ་བདེན་པ་མ་རེད།
    གང་ཡིན་ཟེར་ན་བོད་ཕྱི་ནང་གཉིས་ལ་རྒྱ་རི་མཆོག་བཀའ་ཁྲི་ལ་རེ་བ་བྱེད་མཁན་བླ་ཆེན་མི་ཆེན་མང་པོ་དང་མི་མང་ཧ་ཅིང་གི་མང་པོ་ཡོད་པ་ཀུན་ཤེས་ཡིན་པ་མ་ཟན་བུ་མོ་ང་རང་ཡང་ཁོང་བཀའ་ཁྲི་གནངབཞུགས་པ་ཡིན་ན་དགའ་བོ་་ཡོད།
    ཡིན་ན་འང་རྒྱ་རི་མཆོག་གི་ད་ལྟ་དགོང་པ་བཞེས་ནས་ཡོངས་ཁྱབ་ལ་བཀའ་ཁྲི་ལ་མི་བཞུགས་པ་དེ་མཆོག་ཉིད་སྐུ་ན་སྒྲས་པ་དང་མ་ཚད་བོད་མི་གཞོན་སྐྱེས་ཞིག་ལ་རེ་བ་གནང་གི་ཡོད་པ་དང་ངོ་མ་བོད་མི་ས་ཡ་དྲུག་ལ་ལྷག་བསམ་ཡོད་པ་དང་སྒེར་དོན་ཁོག་བཅུག་མེད་པ་མཐོང་བྱུང་བས་དགའ་བོ་བྱུང་།
    ཡིན་ནའང་ཁྱེད་ཀྱིས་དགའ་བཞིན་སྤྲོ་བཞིན་ཟེར་བ་དེ་ཚིག་དེ་ལ་བུ་མོ་ངས་ངོས་ལེན་མེད་དོ

  27. ཨ་ནུ་ཐང་བསོད་ནམས། says:
    2010-07-02 at 2:32 am

    རྒྱ་རི་རིན་པོ་ཆེས་ད་བར་བོད་དོན་ལ་ལྷག་བསམ་ཟོལ་མེད་ཀྱིས་ཕྱག་ལས་གནང་བ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་རྒྱུ་དང་ཕྱིན་ཆད་དེ་ལྟར་ཡོང་བའི་སྨོན་ལམ་ཡོད།

  28. རང་བཙན་ལྡེའུ་ says:
    2010-07-02 at 2:34 am

    བཀའ་ཟུར་རྒྱ་རི་རིན་པོ་ཆེ་རྒྱུན་དུ་ནས་རྒྱལ་སྤྱིའི་ནང་བཀའ་བློན་ཁྲི་པ་ལས་ལྷག་བོད་དོན་ལས་འགུལ་ཐོག་ནུས་ཤུགས་འཕེལ་བའི་ཕྱག་ལས་གནང་བཞིན་པ་རེད་ ཁོང་བཀའ་བློན་གནང་སྟེ་རྡ་སར་བཞུགས་པ་ལས་ ད་ལྟའི་བོད་དོན་ལས་མགུལ་ཁང་དུ་ཨ་རིའི་རྒྱལ་སའི་ནང་བོད་དོན་ཐབས་རྩོད་ཀྱི་ཕྱག་ལས་མུ་མཐུད་གནང་ན་བོད་དོན་ལ་ཕན་ཐོག་ཁེ་ཕན་ཆེ་བ་མངོན་ དེར་བརྟེན་ རྒྱ་རི་རིན་པོ་ཆེ་མཆོག་ནས་བཀའ་ཁྲིའི་འོས་གཞིར་མ་ཞུགས་པར་ གོ་སྐབས་དེ་ཤེས་ཡོན་དང་རྣམ་སྤྱོད་ལྡན་པའི་གཞོན་སྐྱེས་ཞིག་ལ་ཐོབ་རེ་ཆེ་རུ་བཏང་བར་དགའ་བསུའི་ཐུགས་རྗེ་ཆེ་ཞུ་།

  29. ཚེ་རིང་སྒྲོན་མ། says:
    2010-07-02 at 6:26 am

    ད་ང་ཚོ་བོད་པ་ཚང་ལ་ཡང་དག་པའི་བཀའ་ཁྲི་ཞིག་སླེབས་པ་ཡིན་ཡག་པོ་ཡོད་ས་རེད།
    དེ་མིན་ཕྱོགས་རེས་ཆགས་སྡེང་ཅན་ཞིག་མི་འོང་བར་ཤོག
    བོད་ཀྱིས་བཀའ་ཁྲི་ནི་ཨོ་སྦ་མ་འདྲ་བོ་ཞིག་འོང་ཐུབ་པ་ཡིན་ན་ཡག་པོ་རེད།
    ང་ཚོ་བོད་མི་ཚོས་ནང་ལ་དངོས་གནས་འཇོན་ཐང་ཅན་གྱི་མི་རྟེན་རྟེན་ཡོད་པ་རེད།
    དེ་ལ་རྟེན་ནས་ང་ཚོ་དྲ་གྲོགས་ཐམས་ཅད་ཀྱིས་དྲ་ལམ་ནས་བོད་མི་ཡོངས་ལ་འདོད་བློ་གཅིག་མཐུན་གྱི་བཀའ་ཁྲི་ཡག་པོ་ཞིག་མི་མང་ལ་སྟོན་ཐུབ་པ་གལ་ཆེན་པོ་རེད།
    གང་ཡིན་ཟེར་ན་དྲ་ལམ་འདི་ན་ཡོད་མཁན་གྱི་བོད་མི་རྣམས་ནི་ཤེས་ཡོན་ཅན་ཤ་རྟག་ཡིན་པ་དང་འབྲེལ་ལྷག་བསམ་ཅན་ཡང་ཡིན་པའི་རེ་བ་ཆེན་པོ་ཡོད།
    དེ་ལ་རྟེན་ནས་བུ་མོ་ངས་རེ་བ་བྱས་པ་ཡིན།

  30. ཤན་པ་མེ་རུརྩེ་ says:
    2010-07-02 at 6:23 pm

    བུ་མོ་ཚེ་རིང་སྒྲོན་མ་ལགས་སུ་། ཁྱེད་ཀྱི་ཟེར་ན་བོད་ཕྱི་ནང་གཉིས་ལ་རྒྱ་རི་མཆོག་བཀའ་ཁྲི་ལ་རེ་བ་བྱེད་མཁན་བླ་ཆེན་མི་ཆེན་མང་པོ་དང་མི་མང་ཧ་ཅང་གི་མང་པོ་ཡོད་པ་ཀུན་ཤེས་ཡིན་པ་མ་ཟད་བུ་མོ་ང་རང་ཡང་ཁོང་བཀའ་ཁྲི་གནང་བཞུགས་པ་ཡིན་ན་དགའ་བོ་་ཡོད་ཅེས་བཤད་པ་དེ་ནི་དེང་དུས་བླ་ཆེན་སུ་བརློམ་པ་རྒྱ་རི་ཚངས་གི་མག་པ་དང་ཁོ་རང་གི་རིགས་མཐུས་ཁ་ཤས་ཞིག་མ་ཏོག་། རྒྱ་ཆེན་བོད་མི་དམངས་སུ་གཅིག་ཁོ་བཀའ་ཁྲིར་འོས་ཁོངས་སུ་རེ་བ་ཡོད་མ་རེད། དེ་ནི་ཕྱི་གསལ་ནང་གསལ་ཕར་བལྟས་ཚུར་གཟིགས་ཟེར་རྒྱུ་དེ་རེད། གང་ཡིན་ཟེར་ན་རྒྱ་རི་ལ་འཇོན་ཐང་ཇི་ཡོད་ང་ཚོ་ཚངས་མས་མཐོང་བཞིན་པ་འདི་རེད་པ།
    ཁྱོད་ཀྱི་བཤད་ཚུལ་ལ་དཔག་ན་ཕལ་ཆེར་བླ་སྤྲུ་ག་གེ་མོ་ཞིགས་གི་བདག་མོ་སྐུ་ཞབས་ཞིག་ཡིན་ས་རེད། མ་ཟད་རྒྱ་རིའི་བུ་མོ་ལྟར་ཁྱོད་རང་ཡང་ལྷ་ཁང་ནང་དུ་འཆངས་ས་རྒྱབ་ཉན་དེ་འདྲ་ཞིག་ཡིན་པ་གོར་མ་ཆགས་སོ།།།

  31. ལྷུན་གྲབ། says:
    2010-07-02 at 10:08 pm

    ཀློག་པ་པོ་རྣམས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་བློ་ཕམས་ཀྱི་ཚིག་འགའ་མི་ཞུ་ཀ་མེད་ཐུགས་སོང་། གང་ཡིན་ཞེ་ན་རྒྱ་རི་བློ་གྲོས་བཀའ་བློན་ནས་དགོང་པ་ཞུ་བ་དེ་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། ཁོང་ནི་གོང་ས་མཆོག་གིས་ཐད་བསྐོས་མཛད་པའི་མི་རྣ་རླབས་ཆེན་ཞིག་ཆག་ཡོད། མཆན་བུ་བཏབ་པ་པོ་རེ་ཟུང་གིས་ཁོང་ལ་མཚན་རྨད་བྱེད་པ་དང་ཐུགས་རྗེ་ཆེ་ཞུ་ཡོད་ཀྱང་དེ་ཁོང་རྣམས་མཁྱེན་རྒྱ་དང་མཐོང་རྒྱ་ཆུང་སྐྱོན་ཁོ་ན་རེད། དེ་འདྲའི་རིག་དེ་ཚོ་ཕྱོག་ལྷུང་དང་འཐེན་ཁྱེར་ཁོ་ན་མ་གཏོག་བསམ་རྒྱུ་གཞན་ཅི། ཁོང་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་གཉིས་ལ་བོད་གཞི་བྱེས་གཉིས་ཀྱིས་བློ་གཏད་ཡིད་ཆེས་བྱེད་དང་བྱེད་མུས་ལགས།

  32. འདན་མ། says:
    2010-07-02 at 10:19 pm

    ཚེ་རི་སྒྲོལ་མ་གཙོས་པའི་ཁོང་ལ་བློ་འབྱོད་བྱེད་པ་དེ་ག་རང་རེད་ཁོང་འདྲ་བོ་བཙན་བྱོལ་སྤྱི་ཚོགས་ནང་ལ་དཀོན་པོ་རེ་ཡ།། སྐྱོན་མེད་ཁུ་ཁོང་མུ་མཐུད་དེ་སྐུ་ཚབས་ལ་བཞུགས་ནས་ཕྱག་ལས་གནང་ན་གཅིག་མཐུན་རེད། སྐུ་ཚེ་རིང་སྐུ་ཚབས་ཀྱི་ཕྱག་འཇུགས་སྐྱོང་ཡོང་བར་ཞུ།།

  33. འདན་མ། says:
    2010-07-02 at 10:20 pm

    དགོང་དག་ཕྱག་ལེནའཇུགས་སྐྱོང་བར་མཁྱེན།

  34. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-07-03 at 12:15 am

    བཀའ་ཟུར་རྒྱ་རི་མཆོག་གིས་བོད་དོན་ལྷག་བསམ་རྣམ་དག་གིས་བསྒྲུབས་དང་སྒྲུབ་བཞིན་པར་ཡི་རངས་ཡོད་ལ། འདི་ལྟར་རང་ཉིད་ངང་གིས་ཕྱིར་འཐེན་བྱས་པར་ཡང་བསྟོད་བསྔགས་ཡོད།

  35. ཀརྡོ་རབ་འབྱམས་པ་ says:
    2010-07-03 at 5:10 am

    བཀའ་ཁྲིའི་འོས་མི།
    ༡ གཟབ་གདོང་རིན་པོ་ཆེ་མཆོག
    ༢ རྒྱ་རི་རིན་པོ་ཆེ་མཆོག
    ༣ འཇུ་ཆེན་ཐུབ་བསྟན་མཆོག
    ༤ བཀྲས་མཐོང་བསྟན་འཛིན་ཆོས་རྒྱལ་མཆོག
    ༥ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག
    ༦ རྒྱ་རི་སྒྲོལ་མ་མཆོག
    ༧ མཁས་དབང་བློ་བཟང་སེང་གེ་ལགས།
    ༨ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ༩ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ༡༠ ་་་་་་་་་་་་་་་་་་་་་་་་་་་་་་

  36. སྟག་སྨྱོན། says:
    2010-07-03 at 1:34 pm

    དཔེ་ཡག་པོ་རེད། དེ་མིན་ཁོང་བཀའ་ཁྲིར་ལངས་ན་ ༡༩༥༡་ བོད་ཟེར་བ་ཞིག་ཡོད་པ་མ་རེད། བོད་ཟེར་བ་འདི་ ༡༩༥༡ རྗེས་སུ་༧གོང་ས་མཆོག་གིས་བྲིས་པའི་ས་ཁྲ་གསར་བ་ཞིག་རེད། སྲ་ཁྲ་འདིའི་གསུམ་ཆ་གཉིས་དོན་ངོས་ཐོག་རྒྱ་ནག་གི་ས་ཆ་རེད་ཟེར་གྱི་ཡོད་པ་རེད། དེ་ལྟར་རྒྱ་རིས་ ༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་གི་ས་ཆ་ཆེན་པོ་ཞིག་འཕྲོག་ཨེ་ཐུབ་ལྟ་གི་ཡོད་པ་རེད་མདོག་མདོག་གོ་རྒྱུ་གཏོང་གི་འདུག དེ་ལ་ངོས་ལེན་ནམ་ཡང་མེད། བྱས་ཙང་ཁོང་བཀའ་ཁྲིར་མ་ལངས་པ་དགའ་བསུ་ཡོད།

  37. མདོ་ལྷ་ཁམས་པ། says:
    2010-07-03 at 6:06 pm

    ལྷག་བསམ་དང་ཤེས་འཇོན་ཡོད་ན། བོད་དོན་སྒྲུབ་པར་ཅིས་ཀྱང་བཀའ་ཁྲིར་ལངས་དགོས་པ་ཞིག་མ་རེད། རྒྱ་རི་མཆོག་གིས་བཀའ་ཁྲིར་ལངས་གི་མིན་ཟེར་བ་ཙམ་ལས་བོད་དོན་བསྒྲུག་གི་མིན་ཟེར་ཡོད་མ་རེད།
    ཁོང་གིས་ད་ལྟ་བར་དུ་བོད་དོན་འགན་འཁུར་དང་། ༧གོང་ས་མཆོག་ལ་ཞབས་ཞུ་ཞུས་ནས་ཡོང་དེ་ཚང་མས་མིག་ལག་པས་བཀབ་ཀྱང་མཐོང་གསལ་རེད།
    མང་པོ་ཞིག་གིས་བོད་རྒྱ་འབྲེལ་མོ་ལ་མཐའ་འབྲས་མངོན་གསལ་མ་ཐོན་པ་དེས་འཁོན་འཛིན་ལྟ་བུའི་སྣང་བ་འདུག དེ་ནི་ཁོང་གཅིག་བུར་ནོར་སྐྱོན་བཙན་འགེལ་བྱེད་རྒྱུ་མེད། རྒྱལ་ཁབ་ཆེན་པོ་གཉིས་དབར་གི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་སེལ་མ་ཐུབ་པའི་དོན་དག་ཅིག་མི་ཁ་ཤས་ཅིག་གིས་ལོ་ཁ་ཤས་ཤིག་གི་ནང་ལ་ལས་སླ་བོ་ཡོང་བའི་རེ་སྟོང་དེ་དོར་ཐུབ་ན་གཞི་ནས་གང་ཟག་བྱེ་བྲག་པའི་ནུས་པ་དེ་གསལ་བོ་མཐོང་གི་རེད།
    དེ་ཙམ་མ་ཟད་རྒྱ་ནག་གི་སྟོམས་ཤུགས་དང་ང་ཚོའི་ནུས་པ་བསྡུར་ནས་སྐད་ཆ་བཤད་དགོས་གི་རེད། རང་ལ་སྟོབས་མེད་ན་བདེན་པ་ཟེར་བ་དེ་བྲིན་པའི་སྐབས་དང་མི་བྲིན་པའི་དུས་ཡོད་པ་རེད། སྐབས་དེ་དུས་ཐབས་ཟེར་བ་དེ་དང་། ཇུས་ཟེར་བ་དེ་མེད་ན་བདེན་པ་ཟེར་བ་དེ་ཤོད་ས་མེད་པ་ཡིད་ལ་ངེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོརེད།

  38. འབྲུག་དཀར། says:
    2010-07-03 at 9:45 pm

    རྒྱ་རི་བློ་གྲོས་ཀྱིས་སློང་བའི་བསམ་ཚུལ།
    བོད་མིའི་སེམས་གཏིང་དུ་ཡོད་པའི་འབྱུང་འགྱུར་གྱི་བཀའ་ཁྲི་ནི་ཁྱེད་ཉིད་གཅིག་ཏུ་ངེས། ཁྱེད་ནི་ཏཱ་ལའི་བླ་མའི་ཕྱག་འོག་ནས་རླབས་ཆེན་གྱི་མི་སྣ་ཞིག་ཏུ་གྱུར་ཏེ། གངས་ལྗོངས་ཀྱི་ལོ་རྒྱུས་ནང་གཟི་འོད་འབར་བའི་མཛད་རྗེས་ཀྱི་ལེའུ་དུ་མར་བསྐྲུན་ཡོད། དངོས་གནས་ཏཱ་ལའི་བླ་མས་ལོ་མང་རིང་ཁྱེད་ཉིད་དམིགས་བསལ་སྐུ་ཚབ་ཏུ་བཀོད་བཞག་བྱེད་པ་འདི་གཅིག་གིས་ཀྱང་ཁྱེད་ཀྱི་ཤེས་འཇོན་དང་ལྷག་བསམ་སཉིང་སྟོབས་བཟང་པོ་བཅས་གསལ་པོར་མཚོན་ཡོད། ཕྱི་ལོ་ ༡༩༩༧ ངས་བོད་དུ་ཕྱིན་སྐབས་རྒྱ་གཞུང་གིས་ཟམ་གདོང་བླ་མ་དང་ཁྱེད་ལ་འཛིན་པའི་སྲིད་ཇུས་གསལ་པོར་ཤེས་ཏེ། ངའི་ཡིད་ཆེས་དང་དགའ་ཞེན་སྔ་ལས་ལྷག་པར་གྱུར། འོན་ཀྱང་ཁྱེད་ཀྱིས་བཀའ་ཁྲི་གནང་འདོད་མེད་པའི་གསལ་བསྒྲགས་ཐུང་ཐུང་ཞིག་གིས་སྐྱེ་བོ་བརྒྱ་ཕྲག་མང་པོ་ལ་གླེང་གཞི་དང་བསམ་ཕྱོགས་གསར་པ་ཞིག་བསྐྲུན་པས། བདག་ཀྱང་བསམ་བཞིས་ཞིག་བྱེད་འདོད་སྐྱེས། དཔྱད་གཞི་དང་པོ་ ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་བཀའ་ཁྲིའི་ལས་འགན་གཉིས་གལ་གང་ཆེ་མིན་གྱི་སྐོར་ཡིན། དེ་ནི་ཅི་ཙམ་བསམ་གྱང་འདམ་མ་ཤེས་ཏེ་ལུས་འོན་ཀྱང་སྐུ་སྲོག་གི་ཉེས་ཁ་ལ་མ་གཟིགས་པ་བོད་རྒྱའི་ཞི་བའི་གྲོས་མོར་ཕེབས་པའི་བློ་སྟོབས་ལ་དབང་མེད་དུ་ཡིད་སྨོན་སྐྱེས། དཔྱད་གཞི་གཉིས་པ་གཞུང་གི་ལས་བྱེ་མིན་ན་བོད་དོན་སྒྲུབ་ཐུབ་མིན་གྱི་སྐོར་ཡིན། དེ་ལ་བསམ་སྐབས་པཎ་ཆེན་རིན་པོ་ཆེ་དང་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་གཉིས་ཀྱི་མཛད་པ་དང་བཀའ་དྲིན་ཡིད་ལ་འཁོར་ནས་མིག་ཟུང་མཆི་མས་ཁེང་། དངོས་གནས་ང་ཚོའི་ཆོས་སྡེ་ཁག་གི་མཁན་པོ་དང་དགེ་བཤེས་མཚན་ཉིད་པ་མང་པོས་འདོད་ཆུང་ཆོག་ཤེས་ངང་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཛད་བཟང་ལམ་ནས། རང་ལ་ཤེས་འཇོན་དང་ལྷག་བསམ་ཡོད་ན་བོད་ལ་ཕན་པའི་བྱ་བ་ནི་ཇ་ཁང་ནང་དུའང་སྒྲུབ་ཆོག་པའི་ངེས་ཤེས་རྙེད། དཔྱད་གཞི་གསུམ་པ་དེ་མ་འོང་པའི་བཀའ་ཁྲི་སུས་འོས་པ་དེ་ཡིན། རང་གི་ཡིད་ལ་བབ་པའི་མི་ཁ་ཤས་མཐོང་ཡང་རང་ཉིད་ཀྱིས་གདམ་པ་ལས་མི་མང་གི་བསམ་ཕྱོགས་བསྒྱར་་བའི་གསལ་བསྒྲགས་དེ་མི་འདོད་པས་མཚན་མི་བརྗོད། ཕྱོགས་གཞན་ཞིག་ནས་བསམ་ན་རང་གི་བཀའ་ཁྲི་གདམ་པའི་མི་དེ་མི་མང་གིས་རྒྱབ་སྐྱོབ་ཐོབ་པའི་ཡིད་ཆེས་ཡོད་དགོས། དེ་ཚོགས་སྡེ་ཁག་དང་མི་སྒེར་པ་ཁ་ཤས་ཤིག་གི་མིང་བྲིས་ཏེ་གསལ་བསྒྲགས་དགོས་པའི་རྒྱུ་མཚན་ནི། རང་ཉིད་ཀྱིས་གདམ་པའི་མི་དེ་ལ་མི་མང་གིས་རྒྱབ་སྐྱོབ་ཐོབ་པའི་ཡིད་ཆེས་མེད་པ་དང་། མི་དེ་སྤྱི་ཚོགས་ནང་རླབས་ཆེན་གྱི་མཛད་རྗེས་དང་སྙན་གྲགས་མེད་པ་གསལ་པོར་མཚོན་པར་མཐོང་། བོད་རྒྱལ་བར་གྱུར་ཅིག།

  39. གདོང་དམར། says:
    2010-07-05 at 12:03 am

    རྒྱ་རི་བློ་གྲོས་ལགས། ཁ་སང་དྲ་ལམ་རྒྱུད་ནས་ཁྱེད་ཉིད་བཀའ་བློན་ཁྲི་པའི་འོས་གཞི་ནས་ཕྱིར་འཐེན་གནང་བ་ཤེས་བྱུང་བས་ང་ལ་བློ་ཕམ་དང་རེ་བ་ཟད་པའི་ཚོར་སྣང་ཞིག་སྐྱེས་བྱུང་། ད་ལྟའི་གཉན་འཕྲང་གི་དུས་ཚོད་འདིར་བོད་ཆོལ་ཁ་གསུམ་གྱི་རེ་བ་བཅོལ་ས་ངོ་མ་དེ་ཁྱོད་ཉིད་ཡིན། ཁྱོད་ཀྱིས་ད་དུང་ཐུགས་བསམ་ལེགས་པར་བཞེས་ཏེ་བོད་མི་རིག་དང་བཙན་བྱོལ་གཞུང་གི་རེ་བ་བརླག་ཏུ་མ་བཅུག་རོག གལ་ཆེ་ཤོས་དང་དོན་ཆེ་ཤོས་ཞིག་ལ་ཡང་སྐྱར་སྐུ་ཚབ་ནས་དུས་ནམ་ཡང་དགོང་པ་མ་ཞུ་རོག་ཞེས་བོད་ཆོལ་ཁ་གསུམ་གྱི་ཚབ་ཞུས་ཏེ་རེ་བསྐུལ་ཕུལ་བ་ལགས།

  40. རྒྱང་རིང་ says:
    2010-07-05 at 3:52 am

    མཆོག་ཉིད་བཀའ་ཁྲི་འོས་མིང་པའི་རྒྱུ་མཚན་གང་ཡིན།

  41. འཇམ་དཔལ་རྣོན་པོ། says:
    2010-07-14 at 11:09 pm

    ངས་ཚང་མ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།

  42. ཚེ་རིང says:
    2010-07-17 at 12:54 pm

    ངས་བལྟས་ན། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་། ཁོང་གི་མཚན་དང་བོད་དོན་ལ་ཁ་གཡར་ན། རང་དོན་འགྲུབ་ལ་སྙན་གྲགས་ཆེ་བ་དང་། གལ་སྲིད་འཐུས་ཤོར་རེ་བྱུང་ན་རྒྱལ་བ་རིན་པོ་ཆེས་བཀའ་མ་ཐེག་པར་སྐུ་ཚབ་གྱི་འགན་འཁུར་བ་ཡིན། སྐུ་མདུན་གྱིས་གང་གསུངས་པ་དེ་རྒྱ་ནག་ཕར་བཤད་པ་ཡིན། ཞེས་རང་སྐྱོན་སྦ་ཐབས་བྱ་ས་ཡོད། གལ་སྲིད་བཀའ་ཁྲིའི་གོ་ས་བཟུང་ན། སྐུ་ཚབ་རིན་པོ་ཆེའི་གོ་ས་ཤོར་བ་དང་རང་དོན་སྙན་གྲགས་མི་འགྲུབ་པ་མ་ཟད། གཉན་འཕྲང་ལ་ཐུག་པའི་བོད་གཞུང་འདི་སྐྱོབ་ཐུབ་པ་ཕར་ཞོག རང་ལ་མི་མང་ནས་སྐྱོན་བརྗོད་ཚ་ཐག་ཆོད་རེ་བྱེད་སྲིད་པས། རང་མཚང་མ་བསྟན་སྔོན་ནས་བཀའ་ཁྲིའི་འོས་གཞིར་ཡང་མ་འཛུལ་ན་ལེགས་པ་དེ་མངོན་ཤེས་མངའ་བའི་རིན་པོ་ཆེ་འདིས་ལོས་ཤེས། བོད་གཞུང་དམངས་དཀའ་ངལ་ལ་ཐུག་དུས། དཔོན་ངན་དང་སྐུ་དྲག་མང་ཆེ་བས་ནམ་ཡང་བྲོས་བྱོལ་འབའ་ཞིག་ལས་གདོང་ལེན་བྱས་མྱོང་མེད་དོ།།

  43. འབྱོར་དགའ་རྒྱལ།། says:
    2010-07-21 at 4:43 am

    དགོངས་པ་དངོས་གནས་ཞུ་དགོས་མཁན་དེ་བཀྲས་མཐོང་ལགས་རེད། ཁོང་དེ་སྔོན་བཀའ་ཁྲི་བྱས་པའི་སྐབས་སུ་བོད་གཞུང་གི་རྩིས་ཁྲ་གཙང་མ་མ་བྱུང་བར་ཧིན་སྒོར་བདུན་འབུམ་ནས་བརྒྱད་འབུམ་བར་གར་སོང་ཆ་མེད་གྱུར་པ་དང་མཉམ་དུ་ཁོང་ཡང་བཀའ་ཁྲིའི་གོ་ས་ནས་ཆ་མེད་དུ་གྱུར་ཡོད།།

  44. འབྱོར་དགའ་རྒྱལ།། says:
    2010-07-21 at 4:46 am

    དགོངས་པ་དངོས་གནས་ཞུ་དགོས་མཁན་དེ་བཀྲས་མཐོང་ལགས་རེད། ཁོང་དེ་སྔོན་བཀའ་ཁྲི་བྱས་པའི་སྐབས་སུ་བོད་གཞུང་གི་རྩིས་ཁྲ་གཙང་མ་མ་བྱུང་བར་ཧིན་སྒོར་འབུམ་བདུན་བརྒྱ་ནས་བརྒྱད་བརྒྱ་བར་གར་སོང་ཆ་མེད་གྱུར་པ་དང་མཉམ་དུ་ཁོང་ཡང་བཀའ་ཁྲིའི་གོ་ས་ནས་ཆ་མེད་དུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme