Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ནད་དུག་དང་འབྲེལ་ཆགས་ལམ་སྟོན།

Posted on 2020-04-08 By ཁ་བརྡ No Comments on ཏོག་དབྱིབས་ནད་དུག་དང་འབྲེལ་ཆགས་ལམ་སྟོན།

སྨན་པ་བསྟན་འཛིན་གྲགས་པ།
 
ཁྱེད་རང་ལ་མ་བདེ་བ་ཡོད་ན་ཏོག་དབྱིབས་ནད་དུག་གི་ཁྱབ་གདལ་འགོག་པར་ཕན་ཐོག་ཡོད་པའི་ཐབས་ལམ་རྣམས་ནི།

གཤམ་གསལ་ཐབས་ལམ་རྣམས་ལ་བརྩི་འཇོག་བགྱིས། གལ་ཏེ་ཁྱེད་རང་ལ་ཏོག་དབྱིབས་ནད་དུག་ཡོད་པའམ། མེད་དམ་སྙམ་ན། ཁྱེད་རང་གི་ནང་དང་སྤྱི་ཚོགས་ནང་ལ་ཡོད་པའི་མི་རྣམས་སྲུང་ཞིང་སྐྱོབ་སླད་གཤམ་གསལ་ཐབས་ལམ་རྣམས་ལ་བརྩི་འཇོག་བགྱིས།

སྨན་བཅོས་ཀྱི་ལྟ་སྐྱོང་དགོས་ཀྱི་ཡོད་ན་མ་གཏོགས་ཁྱིམ་དུ་བཞུགས།

  • ཁྱིམ་དུ་བཞུགས། ཏོག་དབྱིབས་ནད་དུག་གི་ནད་ཚབས་ཆུང་ངུ་ཡོད་པ་རྣམས་ཁྱིམ་དུ་བཞུགས་ན་དྲག་སྐྱེད་ཐུབ། སྨན་བཅོས་ཀྱི་ལྟ་སྐྱོང་དགོས་ཀྱི་ཡོད་ན་མ་གཏོགས་ཁྱིམ་ནས་མ་འདོན། མི་མང་འདུ་བའི་ས་ཁུལ་རྣམས་ལ་ཕེབས་རྒྱུ་མེད།
  • རང་གི་སྨན་པ་དང་འབྲེལ་བ་ཞོག །སྨན་བཅོས་ཀྱི་ལྟ་སྐྱོང་མ་ཐོབ་པའི་སྔོན་ལ་ཁ་པར་བཏང་། གལ་ཏེ་ཁྱེད་རང་གི་ནད་གཞི་སྡུག་ཏུ་སོང་བའམ་ཛ་དྲག་ཆགས་འདུག་དགོངས་ཚེ་སྨན་བཅོས་ལྟ་སྐྱོང་ངེས་པར་དུ་ཐོབ་པ་གནང་དགོས།
  • སྤྱི་སྤྱོད་སྐྱེལ་འདྲེན་འཁོར་ལོ་རྣམས་སྤོང་། སྤྱི་སྤྱོད་སྐྱེལ་འདྲེན་འཁོར་ལོ་དང་། སྐྱེལ་འདྲེན་འཁོར་ལོ་མཉམ་སྤྱོད་གནང་བ། གླ་རྒྱུག་ཊེག་སི་རྣམས་སྤོང་།
  • ནང་ལ་ཡོད་པའི་མི་རྣམས་ལས་རང་ཉིད་ཟུར་བཅད་ལོགས་སུ་བཞུགས་དགོས། འདི་ལ་ནང་ཁྱིམ་ཟུར་བཀག་ཞེས་བརྗོད།

  • གཞན་རྣམས་ལས་ལོགས་སུ་བཞུགས་དགོས། ནང་ལ་ཡོད་པའི་མི་རྣམས་ལས་གང་ཐུབ་རྒྱང་བཀྱེད་དེ་དམིགས་བཀར་”ནད་ཁང་”ནང་བཞུགས་དགོས། གལ་ཏེ་འཁྲུ་ཁང་ལོགས་དགར་ཡོད་ན་དེ་བེད་སྤྱད་དགོས།
  • གཅེས་ཉར་སྲོག་ཆགས་དང་དུད་འགྲོ་རྣམས་ལ་རེག་ཐུག་གནང་མཚམས་བཞག་དགོས། མི་གཞན་གྱི་ཉེ་འཁོར་ལས་རྒྱང་བཀྱེད་པ་ནང་བཞིན་གཅེས་ཉར་སྲོག་ཆགས་དང་དུད་འགྲོ་རྣམས་ལ་རེག་ཐུག་གནང་མཚམས་བཞག་དགོས།
  • གཅེས་ཉར་སྲོག་ཆགས་དང་དུད་འགྲོ་གཞན་ལ་ཏོག་དབྱིབས་ནད་དུག་བྱུང་བའི་སྙན་ཐོ་མེད་ན་ཡང་། ཏོག་དབྱིབས་ཀྱི་ནད་ཡོད་པའི་མི་རྣམས་ཀྱིས་གནས་ཚུལ་གསལ་པོ་མ་ཆགས་བར་རེག་ཐུག་གནང་མཚམས་བཞག་དགོས་པ་ལམ་སྟོན་དུ་བརྩི་བ་ཡིན།
  • ཁྱེད་རང་ལ་ཏོག་དབྱིབས་ནད་དུག་ཡོད་པའི་སྐབས་བྱུང་ན་ནང་མི་གཞན་ཞིག་ནས་སེམས་ཅན་ལ་གཅེས་སྐྱོང་གནང་འཇུག་དགོས། གལ་ཏེ་ཁྱེད་རང་ན་བའི་སྐབས་གཅེས་ཉར་སྲོག་ཆགས་ལ་གཅེས་སྐྱོང་དང་དུད་འགྲོ་རྣམས་ཀྱི་ཉེ་འཁོར་གནས་ནས་ཕན་ཚུན་རེག་ཐུག་བྱེད་ན་སྔོན་དང་རྗེས་སུ་ལག་པ་འཁྲུ་དགོས། གནས་ཚུལ་མང་འདོད་ཏོག་དབྱིབས་ནད་དུག་དང་དུད་འགྲོ་ལ་གཟིགས།
  • སྨན་པའི་སར་མ་བཅར་གོང་ཁ་པར་བཏང་།

  • སྔོན་ལ་ཁ་པར་བཏང་། གལ་ཏེ་སྨན་པ་བསྟེན་པའི་དུས་ཚོད་བཟོས་ཡོད་ན་སྨན་པའམ་ཛ་དྲག་སྡེ་ཚན་ལ་ཁ་པར་བཏང་ནས་ཁྱེད་རང་ལ་ཏོག་དབྱིབས་ནད་དུག་ཡོད་པའམ་ཡོད་སྲིད་སྐོར་སྨྲ་དགོས། དེས་ལས་ཁུངས་ཀྱི་ངོས་ནས་སྨན་ལས་དང་ནད་པ་གཞན་རྣམས་སྲུང་བར་ཕན་ཐོག་ཡོད།
  • ཁྱེད་རང་ནད་པ་ཡིན་ན་ཁ་རས་གྱོན་དགོས།

  • ཁྱེད་རང་མི་གཞན་གྱི་ཉེ་འཁོར་ཡོད་པའི་སྐབས་དང་འཕྲོེད་བསྟེན་ལྟ་སྐྱོང་ཁང་གི་ལས་ཁུངས་ནང་མ་ཞུགས་སྔོན་ཁ་རས་གྱོན་དགོས།
  • གལ་ཏེ་ཁྱེད་རང་གིས་གཞན་ལྟ་སྐྱོང་གནང་གི་ཡོད་ན། གལ་ཏེ་ན་ཚ་ཡོད་པའི་མི་དེས་ཁ་རས་གྱོན་ཐུབ་ཀྱི་མེད་ན་(དཔེར་ན། དེས་དབུགས་གཏོང་བར་དཀའ་ངལ་ཡོད་ན་)ཁྱིམ་ནང་ཡོད་པའི་མི་རྣམས་ཁང་མིག་གཞན་ཞིག་ཏུ་བསྡད་དགོས། ལྟ་སྐྱོང་གནང་མཁན་རྣམས་ནད་པའི་ཁང་པར་ཞུགས་དུས་ཁ་རས་གྱོན་དགོས། ལྟ་སྐྱོང་གནང་མཁན་མ་གཏོགས་མགྲོན་པོ་རྣམས་ཀྱིས་ཐུག་འཕྲད་བྱེད་པར་རྒྱབ་གཉེར་གནང་རྒྱུ་མེད།
  • ཁྱེད་རང་གློ་དང་ཧབ་སྦྲིད་རྒྱག་དུས་འགེབས་དགོས།

  • འགེབས། ཁྱེད་རང་གློ་དང་ཧབ་སྦྲིད་རྒྱག་དུས་ལག་ཕྱིས་ཤོག་བུས་ཁ་དང་སྣ་འགེབས་དགོས།
  • དོར། བེད་སྤྱད་པའི་ལག་ཕྱིས་ཤོག་བུ་རྣམས་རིམ་ཅན་བཞག་པའི་གད་སྙིགས་བླུག་སྣོད་ནང་དོར།
  • ལག་པ་འཁྲུས། ལག་པ་ཉུང་མཐར་སྐར་ཆ་༢༠རིང་ཡི་རྩི་དང་ཆུས་འཕྲལ་མར་འཁྲུ་དགོས། གལ་ཏེ་ཡི་རྩི་དང་ཆུ་མེད་ན་ཨ་རག་གི་གཞི་བྱས་པའི་འདག་རྫས་ཀྱིས་ལག་པ་གཙང་མ་བཟོ་དགོས། དེའི་ཉུང་མཐར་ཨ་རག་༦༠%ཡོད་པ་དགོས།
  • ལག་པ་ཡང་སེ་གཙང་མ་བཟོ་དགོས།

  • ལག་པ་འཁྲུས། ལག་པ་ཡང་ཡང་ཡི་རྩི་དང་ཆུས་ཉུང་མཐར་སྐར་ཆ་༢༠རིང་འཁྲུ་དགོས། དེ་ཡང་སྣ་ཤུགས་ཀྱིས་འབུད་པ་དང་། གློ་རྒྱག་པ། ཧབ་སྦྲིད་རྒྱག་པ། འཁྲུ་ཁང་དུ་ཕྱིན་པ་དང་། ཁ་ཟས་གཡོས་པ་དང་ཟོས་པ་རྣམས་ཀྱི་རྗེས་སུ་དམིགས་བསལ་གལ་ཆེན་པོ་ཆགས་ཀྱི་ཡོད།
  • ལག་པའི་འདག་རྫས། གལ་ཏེ་ཡི་རྩི་དང་ཆུ་མེད་ན་ཨ་རག་གི་གཞི་བྱས་པའི་འདག་རྫས་སྤྱོད་དགོས། དེ་ཡང་ཨ་རག་༦༠%བྱས་པ་ལག་པའི་ངོས་ཐམས་ཅད་ཁྱབ་ནས་སྐེམ་པའི་ཚོར་བ་མ་བྱུང་གི་བར་དུ་ལག་གཉིས་མཉམ་དུ་འཕུར་དགོས།
  • ཡི་རྩི་དང་ཆུ། གལ་ཏེ་ལག་པ་གཉིས་མངོན་གསལ་རྫོར་པོ་ཡོད་ན་དམིགས་བཀར་གདམ་ག་ཡག་ཤོས་དེ་ཡི་རྩི་དང་ཆུ་གཉིས་ཡིན།
  • རེག་ཐུག་སྤོངས། སོ་སོའི་མིག་དང་། སྣ། ཁ་རྣམས་ལག་པ་མ་འཁྲུས་པའི་རེག་ཐུག་བྱེད་པ་སྤོངས།
  • སྒེར་བདག་ནང་གི་ཡོ་ཆས་རྣམས་མཉམ་སྤྱོད་བྱེད་པ་སྤོངས།

  • མཉམ་སྤྱོད་གནང་རྒྱུ་མེད། ཁ་ལག་དང་། འཐུང་སྣོད། ཕོར་པ། ལྟོ་སྣོད། ཨ་ཅོར་དང་མལ་ཁྲི་རྣམས་ནང་དུ་ཡོད་པའི་མི་གཞན་དང་མཉམ་དུ་སྤྱོད་རྒྱུ་མེད།
  • བེད་སྤྱད་པའི་རྗེས་དཔྱིས་ཕྱིན་པར་འཁྲུ་དགོས། ཡོ་ཆས་འདི་དག་བེད་སྤྱད་པའི་རྗེས་ཡི་རྩི་དང་ཆུས་དཔྱིས་ཕྱིན་པར་འཁྲུ་བའམ་སྣོད་ཆས་འཁྲུ་བའི་འཕྲུལ་འཁོར་ནང་བླུག་དགོས།
  • “ལན་མང་རེག་པའི་”ངོས་ཐམས་ཅད་ཉི་མ་རྟག་པར་གཙང་མ་བཟོ་དགོས།

    རང་ཉིད་ཀྱི་ཟུར་བཅད་(“ནད་ཁང་”དང་འཁྲུ་ཁང་)ནང་ལན་མང་རེག་པའི་ངོས་རྣམས་ཉི་མ་རྟག་པར་གཙང་མ་བཟོ་དགོས། ལན་མང་རེག་པའི་ཁྱིམ་ནང་གི་གནས་གཞན་རྣམས་ཀྱི་ གཙང་བཟོ་དང་དུག་སེལ་ལྟ་སྐྱོང་གནང་མཁན་ལ་བྱེད་འཇུག་དགོས།

  • གཙང་བཟོ་དང་དུག་སེལ་བྱེད་དགོས། ཁྱེད་རང་གི་”ནད་ཁང་”དང་འཁྲུ་ཁང་ནང་ལན་མང་རེག་པའི་ངོས་རྣམས་འཆར་ཅན་གཙང་མ་བཟོ་དགོས། ཁྱེད་རང་གི་མལ་ཁྲི་དང་འཁྲུ་ཁང་མ་གཏོགས་ཐུན་མོང་དུ་སྤྱོད་པའི་གནས་ཀྱི་ངོས་རྣམས་ཀྱི་གཙང་བཟོ་དང་དུག་སེལ་གཞན་ཞིག་ལ་བྱེད་དུ་འཇུག །
  • གལ་ཏེ་ལྟ་སྐྱོང་མཁན་ནམ་མི་གཞན་ཞིག་གྱིས་ནད་པའི་མལ་ཁྲི་དང་འཁྲུ་ཁང་གཙང་བཟོ་དང་དུག་སེལ་གནང་དགོས་བྱུང་ན། ཁོ་ཅག་ནས་དགོས་མཁོ་ལ་གཞིགས་ཏེ་གནང་དགོས། ནད་པས་འཁྲུ་ཁང་བེད་སྤྱད་པའི་རྗེས་ལྟ་སྐྱོང་མཁན་ནམ་མི་གཞན་དེས་ཁ་རས་གྱོན་ནས་ཡུན་གང་རིང་སྒུག་དགོས།
  • ལན་མང་རེག་པའི་ངོས་རྣམས་ཀྱི་ནང་ལ་ཁ་པར་དང་། རྒྱང་བཀོལ་ཡོ་ཆས། མདུན་ལྕོག ལྕོག་ཙེའི་སྒང་། སྒོའི་ལག་འཇུ། འཁྲུ་ཁང་ནང་གྱང་སྦྱར་ཡོ་ཆས། གསང་སྤྱོད། ཐེབས་གཞོང་། བྱང་བུ་དང་།མལ་ཁྲིའི་འགྲམ་གྱི་ལྕོག་ཙེ་རྣམས་ཚུད་ཡོད།
  • ཁྲག་དང་། བཤང་བ། ལུས་ཀྱི་གཤེར་རྫས་རྣམས་ཡོད་སྲིད་པའི་གནས་རྣམས་གཙང་བཟོ་དང་དུག་སེལ་བྱེད་དགོས།
  • ཁྱིམ་ནང་གི་གཙང་བཟོ་དང་དུག་སེལ་ཡོ་ཆས། གལ་ཏེ་གནས་ས་དང་ཡོ་ཆས་རྣམས་རྫོར་པོ་ཡོད་ན་ཡི་རྩི་དང་ཆུ་འམ་ཁྲུས་རྫས་གཞན་གྱིས་གཙང་མ་བཟོ་དགོས། དེ་ནས་ཁྱིམ་ནང་ཡོད་པའི་དུག་སེལ་རྫས་བེད་སྤྱད་དགོས།
  • ཐོན་ཟོག་ཉེན་ཁ་མེད་པ་དང་ནུས་ལྡན་བེད་སྤྱོད་པར་མིང་བྱང་སྟེང་གསལ་བའི་བཀོད་བྱུས་རྣམས་ཀྱི་གོ་དོན་ངེས་ཤེས་སྐྱེད་པ་དགོས། ཐོན་ཟོག་མང་པོས་ཕྲ་སྲིན་ངེས་པར་གསོད་པར་སྐར་མ་མང་པོའི་རིང་ངོས་རློན་པ་ཉར་དགོས་པའི་མཚམས་སྦྱོར་བྱེད་པ་ཡིན། ལག་ཤུབས་གྱོན་པ་སོགས་ཐོན་ཟོག་མང་པོ་བེད་སྤྱོད་གནང་རིང་དྭ྄ོགས་ཟོན་དང་རླུང་འགྲོ་ངེས་པར་ཡག་པོ་དགོས་པའི་མཚམས་སྦྱོར་ཡང་བྱེད་པ་ཡིན།
  • EPA(འཁོར་ཡུག་སྲུང་སྐྱོབ་ངོ་ཚབ་ཁང་)-དེབ་སྐྱེལ་བྱེད་པའི་ཁྱིམ་ནང་གི་གཉན་དུག་སེལ་རྫས་མང་ཆེ་བ་ནུས་པ་དང་ལྡན་པ་དགོས། གཉན་དུག་སེལ་རྫས་ཀྱི་ཐོ་གཞུང་ཆ་ཚང་འདིར་གསལ་ཕྱིའི་འདྲ་གཟུགས་(hereexternal icon)ནས་རྙེད་ཐུབ།
  • རང་ཉིད་ཀྱི་ནད་རྟགས་ལ་བྱ་ར་བགྱིས།

  • ཚ་བ་དང་གློ་རྒྱག་པ་ནི་ཏོག་དབྱིབས་ནད་དུག་གི་སྤྱིའི་ནད་རྟགས་ཁོངས་སུ་བརྩི། དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་ནི་ཉེན་ཚབས་ཆེ་བའི་ནད་རྟགས་ཡིན་པས་ཁྱེད་རང་ལ་སྨན་པའི་ལྟ་རྟོགས་ཐོབ་པ་དགོས།
  • གལ་ཏེ་ཁྱེད་རང་ལ་དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ་ཡོད་ན་སྨན་པའི་ལྟ་རྟོགས་ཐབས་ཤེས་བགྱིས། ཡིན་ན་ཡང་དང་ཐོག་ཁ་པར་བཏང་།
  • རང་ཉིད་ཀྱི་སྨན་པའམ་ཛ་དྲག་ཁང་དུ་མ་འགྲོ་བའི་སྔོན་ལ་རང་ཉིད་ཀྱི་ནད་རྟགས་རྣམས་ཁ་པར་ནང་བཤད་དགོས། ཁོང་ཅག་གིས་ཁྱེད་རང་གི་གང་བྱེད་དགོས་པ་བཤད་ཀྱི་རེད།
  • ཁ་རས་གྱོན་དགོས། ཁང་པའི་ནང་མ་ཞུགས་གོང་ཁ་རས་ཡོད་ན་གྱོན་དགོས། གལ་ཏེ་ཁ་རས་གྱོན་མ་ཐུབ་ན་གློ་དང་ཧབ་སྦྲིད་རྒྱག་དུས་འགེབ་དགོས། མི་གཞན་དང་ཉུང་མཐར་ཕི་ཊི་༦རྒྱང་བཀྱེད་དེ་བཞུགས་དགོས། དེས་ལས་ཁུངས་དང་སྒུག་སྡོད་ཁང་ནང་ཡོད་པའི་མི་རྣམས་སྲུང་བར་ཕན་ཐོག་ཡོད།
  • འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་མཁན་དང་ས་གནས་འཕྲོད་བསྟེན་སྡེ་ཚན་གྱིས་རང་ཉིད་ལ་གཅེས་སྐྱོང་བྱེད་སྟངས་སློབ་ཁྲིད་གནང་བར་བརྩི་འཇོག་བགྱིས། ས་གནས་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱེད་རང་ལ་རང་ཉིད་ཀྱི་ནད་རྟགས་བརྟག་ཚུལ་དང་གནས་ཚུལ་སྙན་སེང་ཞུ་སྟངས་སློབ་ཁྲིད་གནང་གི་རེད།
  • གལ་ཏེ་ཁྱེད་རང་ལ་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཉེན་བརྡ་མངོན་ན་འཕྲལ་མར་སྨན་བཅོས་ཀྱི་ལྟ་སྐྱོང་ཐོབ་པ་བྱེད་དགོས།
    ཛ་དྲག་ཉེན་བརྡའི་རྟགས་རྣམས་ནི།*

  • དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ།
  • བྲང་སྟུད་དེ་གཟེར་བའམ་གནོན་ཤུགས་མངོན་པ།
  • དྲན་པ་མི་གསལ་བའམ་གཉིད་ལས་དྭངས་མ་ཐུབ་པ།
  • མཆུ་དང་བྱད་སྔོན་པོར་གྱུར་པ།
  • རེའུ་མིག་འདིའི་ནང་ཚང་མ་ཚུད་མེད། ཉེན་ཚབས་ཆེ་བ་དང་བློ་འཚབས་དགོས་པའི་རྟགས་གཞན་གྱི་ཐད་སྨན་གྱི་མཐུན་རྐྱེན་སྦྱོར་མཁན་ལ་སློབ་སྟོན་ཞུས།

    གལ་ཏེ་ཁྱེད་རང་ལ་ཛ་དྲག་སྨན་བཅོས་དགོས་པ་ཆགས་ན་༩༡༡ལ་ཁ་པར་བཏང་། གལ་ཏེ་ཁྱེད་རང་ལ་ཛ་དྲག་སྨན་བཅོས་དགོས་པ་ཆགས་ནས་༩༡༡ལ་ཁ་པར་གཏོང་དགོས་ན་ཁྱེད་རང་ལ་ཏོག་དབྱིབས་ནད་དུག་ཡོད་པའམ་ཡོད་སྲིད་སྐོར་འཕྲུལ་འཁོར་གཏོང་མཁན་ལ་བཤད་དགོས། སྨན་བཅོས་ཀྱི་རོགས་རམ་མ་སླེབས་པའི་སྔོན་ལ་བྱུང་ན་ཁ་རས་གྱོན་དགོས།

    ཁྱིམ་ནང་གི་ཟུར་བཀག་མཚམས་ཇི་ལྟར་བཞག་དགོས།

  • ཏོག་དབྱིབས་ནད་དུག་ཡོད་པའི་རྐྱེན་གྱིས་སོ་སོའི་ཁྱིམ་ནང་ཟུར་བཀག་བསྡད་པའི་མི་རྣམས་ཀྱིས་གཤམ་གསལ་ཆ་རྐྱེན་འོག་ཁྱིམ་ནང་གི་ཟུར་བཀག་མཚམས་བཞག་ཆོག །
  • གལ་ཏེ་ཁྱེད་རང་ལ་འགོས་ནད་ཡོད་པ་ཐག་ཆོད་པ་ཞིག་བརྟག་དཔྱད་གནང་འདོད་མེད་ན། ཁྱེད་རང་ལ་གནས་ཚུལ་འདི་གསུམ་བྱུང་ན་ནང་ནས་ཐོན་ཆོག །
  • ཁྱེད་རང་ལ་ཉུང་མཐར་ཆུ་ཚོད་༧༢རིང་ཚ་བ་མེད་པ་(དེ་ནི་ཉིན་མཚན་གསུམ་ཚ་བ་གཅོག་བྱེད་ཀྱི་སྨན་བེད་མ་སྤྱད་པར་ཚ་བ་མེད་པ་)དང་།
  • ནད་རྟགས་གཞན་རྣམས་དྲག་ཏུ་ཕྱིན་པ་(དཔེར་ན། ཁྱེད་རང་གི་གློ་དང་དབུགས་ཐག་ཐུང་བ་དྲག་ཏུ་ཕྱིན་པ་)དང་།
  • ཁྱེད་རང་ལ་ནད་རྟགས་རྣམས་དང་ཐོག་བྱུང་ནས་ཉུང་མཐར་ཉི་མ་༧ཡོལ་བ་འོ།
  • གལ་ཏེ་ཁྱེད་རང་ལ་འགོས་ནད་ཡོད་པ་ཐག་ཆོད་པ་ཞིག་བརྟག་འདོད་ན། ཁྱེད་རང་ལ་གནས་ཚུལ་འདི་གསུམ་བྱུང་ན་ནང་ནས་ཐོན་ཆོག །
  • ཁྱེད་རང་ལ་ཚ་བ་མེད་པ་(ཚ་བ་གཅོག་བྱེད་ཀྱི་བེད་མ་སྤྱད་པ་)དང་།
  • ནད་རྟགས་གཞན་རྣམས་དྲག་ཏུ་ཕྱིན་པ་(དཔེར་ན། ཁྱེད་རང་གི་གློ་དང་དབུགས་ཐག་ཐུང་བ་དྲག་ཏུ་ཕྱིན་པ་)དང་།
  • ཆུ་ཚོད་༢༤བར་ཁྱད་ཡོད་པའི་བརྟག་འབྲས་གཉིས་ཀ་ནད་མེད་ཐོན་པའོ། ཁྱེད་རང་གི་སྨན་པས་ནད་རིགས་འགོག་སྲུང་ལྟེ་གནས་(CDC)ཀྱི་ལམ་སྟོན་རྩ་འཛིན་བྱེད་ཀྱི་རེད།
  • གནད་དོན་ཐམས་ཅད་ཐད་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་མཁན་དང་ས་གནས་འཕྲོད་བསྟེན་སྡེ་ཚན་གྱི་ལམ་སྟོན་ལ་བརྩི་འཇོག་བགྱིས། རང་གི་ཁྱིམ་དུ་ཟུར་བཅད་སྡོད་པ་མཚམས་བཞག་ན་ཐག་གཅོད་དེ་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་མཁན་དང་མངའ་སྡེ་དང་ས་གནས་འཕྲོད་བསྟེན་སྡེ་ཚན་ལ་སློབ་སྟོན་ཞུས་ནས་གནང་དགོས། ས་གནས་ཀྱི་ཐག་གཅོད་དེ་ས་གནས་ཀྱི་གནས་སྟངས་ལ་རག་ལས་པ་ཡིན།

    གནས་ཚུལ་མང་བ་འདིར་ཡོད། https://www.cdc.gov/coronavirus/2019-ncov/hcp/disposition-in-home-patients.html.

    འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་མཁན་རྣམས་ཀྱི་ཆེད་ཁ་སྐོང་གནས་ཚུལ། Interim Healthcare Infection Prevention and Control Recommendations for Persons Under Investigation for 2019 Novel Coronavirus.

    ཏོག་དབྱིབས་ནད་དུག་དང་འབྲེལ་ཆགས་ལམ་སྟོན་འདི་ཕི་ལི་པིན་མི་རིགས་ Emmy Catedral ཞུ་བས་གློག་འཕྲིན་བརྒྱུད་རེ་སྐུལ་གནང་བ་དང་ལེན་བགྱིས་ཏེ་ཕབ་བསྒྱུར་ཞུས། ཁོང་གིས་ཞིབ་འཇུག་གནང་འབྲས་ནིའུ་ཡོག་ཏུ་བཞུགས་པའི་བོད་མིའི་སྤྱི་ཚོགས་ནང་ལམ་སྟོན་དེ་འདྲ་གང་ཡང་མེད་པ་གཟིགས་འདུག འདི་ལ་ཞུ་དག་བྱེད་ཁོམ་མ་བྱུང་བས་ནོར་བ་དེ་འདྲ་ཡོད་ན་བཟོད་གསོལ་ཞུ། སྨན་པ་བསྟན་འཛིན་གྲགས་པས་ཕྱི་ལོ་༢༠༢༠ཟླ་༤ཚེས་༦ཉིན་ཕབ་བསྒྱུར་ཞུས།

    གསོ་རིག, འགྱུར་རྩོམ།, འཕྲོད་བསྟེན།

    Post navigation

    Previous Post: གོ་ལ་ཧྲིལ་བོའི་ནད་བཟློག་དམག་འགྱེད།
    Next Post: རྒྱ་གར་གློག་བརྙན་གྱི་གླུ་གཞས་ལེ་ཚན་གཉིས།

    Leave a Reply

    Your email address will not be published. Required fields are marked *

    འཚོལ་བཤེར།

    ཉེ་ཆར་གྱི་རྩོམ།

    • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
    • ཨ་མའི་དཀའ་ལས་དང་བྱམས་བརྩེ།
    • ཨེ་ལི་སི།
    • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
    • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
    • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
    •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
    • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
    • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
    • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
    • རང་དབང་བྲལ་བའི་མགྲིན་ཚབ་པ། 
    • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
    • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
    • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
    • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

    ཉེ་ཆར་གྱི་མཆན་བུ།

    • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
    • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
    • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
    • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
    • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
    • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
    • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
    • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
    • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
    • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
    • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
    • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
    • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
    • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
    • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

    ཁ་བརྡ།

    • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
    • ཁ་བརྡའི་དམིགས་ཡུལ།
      • ཁ་བརྡའི་རྩ་དོན་གསུམ།
      • ཁ་བརྡ་ལ་འཇུག་ཚུལ།
      • ཁ་བརྡའི་མཆན་གྱི་རྩ་འཛིན།
      • ཁ་བརྡའི་རེ་སྐུལ།

    ཁ་བརྡའི་རྩ་དོན།

    དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

    གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

    གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

    བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

    ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

    ཟླ་འདིའི་ཀློག་གྲངས་མང་ཤོས།

    • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
    • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
    • ཨེ་ལི་སི། (53)
    • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
    • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

    དཀར་ཆག

    • གླུ་གཞས།
    • གློག་ཀླད་ཤེས་བྱ།
    • གློག་བརྙན་།
    • གསར་འགྱུར།
    • གསལ་བཤད།
    • གསལ་བསྒྲགས།
    • གསུང་བཤད།
    • གསོ་རིག
    • ངོ་སྤྲོད།
    • དཔྱད་བརྗོད།
    • དཔྱད་རྩོམ།
    • དཔལ་འབྱོར་རིག་པ།
    • དྲན་ཐོ།
    • དེབ་ཐེར།
    • པར།
    • བཀླགས་བྱང་།
    • བགྲོ་གླེང་།
    • བཅར་འདྲི།
    • བྱིས་རྩོམ་
    • བརྩམས་སྒྲུང་།
    • བསམ་ཚུལ།
    • མཚར་གཏམ།
    • ཚན་རིག
    • འགྱུར་རྩོམ།
    • འཕྲིན་ཡིག
    • འཕྲོད་བསྟེན།
    • རྩོམ་རིག
    • ལྷུག་རྩོམ།
    • ལོ་རྒྱུས།
    • སྙན་ངག
    • སྣ་ཚོགས།

    འབྲེལ་ཐག

    • ༸རྒྱལ་བ་རིན་པོ་ཆེ།
    • ཕ་ཡུལ།
    • བོད་ཀྱི་ཆ་འཕྲིན།
    • བོད་ཀྱི་དུས་བབ།
    • བོད་ཀྱི་བང་ཆེན།
    • བོད་མི་མང་སྤྱི་འཐུས་དྲ་བ།
    • བོད་མིའི་སྒྲིག་འཛུགས་དྲ་བ།
    • མཆོད་མེ་དྲ་བ།
    • འགྲོ་བ་མིའི་ཐོབ་ཐང་།
    • འཇམ་དབྱངས་ནོར་བུ།
    • འོད་ཟེར་ཟིན་བྲིས།
    • རི་མཐོ་ས་གཙང་།
    • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

    པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

    Powered by PressBook Premium Child theme