Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཐོ།

Posted on 2020-04-072020-04-07 By ཁ་བརྡ No Comments on ཉིན་ཐོ།

ཆང་སྐྱེས།
 
རེས་གཟའ་ཟླ་བའི་མཚན་མོ། ༢༠༢༠ལོའི་ཟླ་༤ཚེས་༦

ཏོག་དབྱིབས་གསར་བའི་གློ་ཚད་ནད་ཡམས་འདིའི་རྐྱེན་གྱིས་འཛམ་གླིང་གི་མི་དམངས་དུང་ཕྱུར་མང་བོ་རང་ཁྱིམ་དུ་བཀག་ནས་སྡོད་དགོས་པ་བྱུང་ཡོད་པ་མ་ཟད་འཇིེགས་སྣང་དང་སེམས་ཁྲལ་གྱིས་འཚོ་དགོས་པ་ཡང་བྱུང་ཡོད ། དེ་དང་དེའི་ནང་བཞིན་ཁོ་བོ་ཡང་རང་ཁྱིམ་དུ་འཛུལ་ནས་ཉིན་ཞག་གི་དུས་ཡུན་རིང་མོ་དོན་མེད་ངང་ཕུད་ཐབས་བྱས་ཏེ་མི་འདུག་ག་མེད་བྱུང་། དེ་བས་ཁོ་བོས་ཉིན་མ་རྟག་པར་བརྙན་འཕྲིན་ལ་ལྟ་ཞོར་དང་གསར་འགྱུར་ལ་ཉན་བཞིན་དུ་རང་ཁྱིམ་ནས་ཕྱི་ལ་གོམ་པ་གང་ཡང་སྤོ་མ་ཕོད་པར་སྡད་ཡོད། ད་དུང་མཚམས་མཚམས་ན་ཁོ་བོས་རང་གི་ཚོད་ཀྱིས་བསམ་བློ་ཡང་འདྲ་མིན་མང་པོ་ཞིག་བཏང་བ་ཡིན། དེ་ཡང་ཁོ་བོས་བསམ་ན་༢༠༡༩ལོའི་ལོ་མཇུག་ཏུ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གསར་བའི་གློ་ཚད་ནད་ཡམས་འདི་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བར་ཁྱབ་སྟེ་འཛམ་གླིང་མི་དམངས་ཡོངས་ཀྱི་སྟེང་ལ་ལོ་ངོ་བརྒྱ་ཕྲག་གཅིག་གི་རིང་ལ་བྱུང་མ་མྱོང་བའི་གོད་ཆགས་ཆེན་པོ་ཞིག་ཐེབས་དང་ཐེབས་བཞིན་ཡོད་པ་ཁོ་བོས་མ་བཤད་ཀྱང་ཚང་མས་མཁྱེན་གསལ་རེད། ཏོག་དབྱིབས་གསར་བའི་གློ་ཚད་ནད་ཡམས་འདིས་འཛམ་གླིང་གི་འགྲོ་བ་མི་སྤྱི་ཡོངས་ལ་བརྗོད་ཐབས་མེད་པའི་དཀའ་ཚེགས་ཤིག་དང་བཟོད་པར་དཀའ་བའི་སྡུག་བསྔལ་མང་པོ་ཞིག་སྤྲད་ཡོད་པ་མ་ཟད་མི་དམངས་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་ཀྱང་འཕྲོག་དང་འཕྲོག་བཞིན་པའི་སྒང་རེད། མ་ཟད་འཛམ་གླིང་གི་རྒྱལ་ཁབ་སོ་སའི་འཛུགས་བསྐྲུན་དང་དཔལ་འབྱོར ། སློབ་གསོ་དང་འཚོ་བའི་ཁ་ཕྱོགས་སོགས་ཀྱི་གོ་རིམ་ཡང་རྨང་ནས་དཀྲུགས་སོང་། འདི་དག་གིས་འཛམ་གླིང་མི་དམངས་ཀྱི་སེམས་ལ་སོས་ཐབས་མེད་པའི་རྨ་ཁ་ཞིག་དང་བརྗོད་ཐབས་བྲལ་བའི་དཀའ་ངལ་ཞིག་བཞག་ཡོད་པའང་བརྗོད་ག་ལ་དགོས། ཡིན་ན་ཡང་ཁོ་བོས་བསམ་ན་འཛམ་གླིང་གི་མི་བུ་རླབས་ཆེན་དག་གིས་གང་མགྱོགས་ངང་ཏོག་དབྱིབས་གསར་བའི་ནད་ཡམས་འདི་ཉིད་སྔོན་འགོག་བྱེད་ཐུབ་པ་བྱུང་རྗེས་འཛམ་གླིང་མི་དམངས་ལ་དཀའ་ངལ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་གྱི་ཕྱོགས་ལའང་ཚང་མས་བསམ་བློ་གཏོང་དགོས་རྒྱུ་ནི་ཧ་ཅང་གིས་གལ་ཆེན་ཞིག་རེད་བསམ་བྱུང་། རྒྱུ་མཚན་ཏོག་དབྱིབས་གསར་བའི་ནད་ཡམས་འདིས་འགྲོ་བ་མི་ཡོངས་ལ་དཀའ་ངལ་མང་པོ་མང་པོ་ཞིག་སྤྲད་ཡོད་པས་ཆེ་ས་ནས་བཤད་ན་གླིང་ཕྲན་དང་གླིང་བར་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རྙོག་དྲ་ཆེན་པོ་ཞིག་འབྱུང་སྲིད་པ་མ་ཟད་མི་དམངས་མང་པོ་ཞིག་ལ་མུ་གེ་བྱུང་སྟེ་མི་དམངས་དཀྱུས་མ་མང་པོ་ཞིག་གི་ཚེ་་སྲོག་ཀྱང་ཤོར་རྒྱུ་རེད ། མ་ཟད་རྒྱལ་ཁབ་ནང་ཁུལ་དུ་ཡང་སྲིད་དབང་འཐབ་རྩོད་གྱི་གཡོ་འགུལ་ཆེན་པོ་ཞིག་དང་ཁྱོད་ཤི་ང་གསོང་གྱིས་ནང་འཁྲུག་ཚབས་ཆེན་ཞིག་ཀྱང་འབྱུང་མི་སྲིད་པ་སུ་ཡིས་ཤེས། ད་དུང་ཆུང་ས་ནས་བཤད་ན་ས་ཁུལ་དང་ས་ཁུལ་བར་ལ་ཡང་ཚོང་དོན་རྙོག་དྲ་དང་ས་རྩོད་ཆུ་རྩོད། ད་དུང་ཁྱིམ་ཚང་ནང་རོལ་གྱི་བཟའ་ཟླའི་འགལ་ཟླ་ཡང་མི་ཉུང་བ་ཞིག་བྱུང་སྟེ་བཟའ་ཐོར་རྒྱག་པའང་ནམ་རྒྱུན་ལས་ལྡབ་འགྱུར་གྱིས་མང་རུ་འགྲོ་སྲིད། ཐ་ན་ཕ་མ་དང་བུ་ཕྲུག་གཉིས་ཀྱི་བར་ལ་ཡིན་ནའང་ཚར་རྒྱུ་མེད་ཞིང་གསལ་ཁ་མེད་པའི་དོན་དག་འདྲ་མིན་མང་པོ་ཞིག་མི་འབྱུང་བའི་ངེས་བ་ཡང་མེད་དོ། སྤྱིར་ན་ང་ཚོ་མིའི་རིགས་དཀའ་ངལ་དང་སྡུག་བསྔལ་སོགས་གང་ལ་ཡང་མ་ཕྲད་ཚེས་ཡོད་ཚད་འགྲིག་ནས་སྡད་ཡོད་པའི་རྣམ་པ་ཞིག་མཐོང་ཐུབ་མོད ། འོན་ཀྱང་གློ་བུར་ཏུ་དཀའ་ངལ་དང་སྡུག་བསྔལ་སོགས་ལ་ཕྲད་ཚེས་ད་བཟོད་རང་གཤིས་ངོ་མ་བོ་དེ་ཕྱིར་བཏོན་ནས་འཐབ་རྩོད་དང་རྙོག་དྲ་ཡི་འགོ་བཟུང་ནས་ཡོང་གིས་རེད། ད་ནི་མི་འགྱང་བར་དོན་དག་ཅི་ཞིག་འབྱུང་ཡོང་བསམ་ནས་འདང་རེ་བརྒྱབ་ན་ཁོ་བོ་ནི་འདུག་མི་བཟོད་པ་དང་གཉིད་མིི་ཐུབ་པའི་ཚོད་ཞིག་རེད།

སྣ་ཚོགས།

Post navigation

Previous Post: ཏོག་དབྱིབས་ནད་ཡམས་ལས་ཐར་ཐབས་ཀྱི་སྲུང་བྱ།
Next Post: གོ་ལ་ཧྲིལ་བོའི་ནད་བཟློག་དམག་འགྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme