Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉན་ནད་ཀྱི་རྒྱུ་རྐྱེན་དང་སྐྱེ་ཁམས་བར་གྱི་འབྲེལ་བ།

Posted on 2020-04-052020-04-05 By འཚོ་བྱེད་བུ No Comments on གཉན་ནད་ཀྱི་རྒྱུ་རྐྱེན་དང་སྐྱེ་ཁམས་བར་གྱི་འབྲེལ་བ།

སྨན་པ་འཚོ་སྐྱིད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།

དང་པོ། གཉན་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་དཔྱད་པ།

སྤྱིར་གཉན་ཞེས་པ་དང་ཐོག་འབྱུང་བའི་ནུས་པའམ་འབྱུང་བཞི་འཁྲུགས་པ་ལས་བྱུང་བའི་མཚན་མ་ཙམ་ལ་གོ་དགོས་འདུག་མོད། རྗེས་སུ་ཆོས་ལུགས་ཀྱི་ལྟ་བས་ཤན་ཞུགས་ནས་འབྱུང་བ་དང་བར་སྣང་ལ་དབང་སྒྱུར་མཁན་གྱི་ལྷ་ཞིག་ཏུ་ངོས་བཟུང་འདུག

གཉན་ནི་ལྷ་ཞིག་ཏུ་ངོས་བཟུང་བ་དང་། ལྷ་དེ་ལའང་རིགས་མང་དུ་ཡོད་པར་འདོད་དེ་གཉན་དཀར་པོ་བྱ་བ་དང་། ཉི་གཉན་དང་ཟླ་གཉན། སྐར་གཉན་དང་གཟའ་གཉན། གཞའ་གཉན་དང་སྤྲིན་གཉན། རྫ་གཉན་དང་རླུང་གཉན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཅིག་ནམ་མཁའ་དང་མཚུངས་པར་བར་སྣང་ལ་གནས་ཡོད་པར་ངོས་འཛིན་པར་མ་ཟད། གངས་རི་དང་གཡའ་བྲག རྩྭ་ཤིང་དང་ནགས་ཚལ། ས་གཞི་དང་ཆུ་ལ་གནས་པའི་གཉན་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་དོ། ། ཞེས་གསུངས་པ་ལྟར་ས་གཞི་སོགས་ལ་དབང་སྒྱུར་མཁན་གྱི་གཉན་གྱི་ལྷ་ཚོགས་མང་དུ་ཡོད་པར་བཤད་དོ། །

བཙན་ཞེས་པ་ཡང་དོན་གྱིས་གཉན་གྱི་རིགས་སུ་གཏོགས་པ་ཡིན་ཏེ།འབྱུང་བའི་ལྷ་ཚོགས་ཀྱི་གྲས་ཡིན། བོན་གཞུང་ལྟར་ན། བཙན་ཞེས་པའི་ལྷ་དེ་ནི་མདོག་དམར་ལ་རླུང་ལྟར་རྒྱུ་བ་དང་། ཉག་ཁ་དང་བཞི་མདོ་སོགས་རྒྱུ་ལམ་ཡང་ངེས་གཏན་ཡོད། བཙན་ཡོང་སྐབས་སིལ་སྒྲ་གྲགས་པ་དང་། གལ་ཏེ་གདོང་ཐུག་བརྒྱབ་ཚེ་མི་ལ་གནོད་པ་འབྱུང་བར་བཤད། དེ་བས་བཙན་ཟློག་ཐབས་སུ་བཙན་མཆོད་ཅེས་པའི་བོན་གྱི་ཆོ་ག་ཞིག་ཡོད་པ་དང་། གདོང་ཐུག་བརྒྱབ་མ་ཐག་ཟོམ་ཤིང་གིས་ལུས་ལ་བྱུག་བྱུག་བྱས་ན་ཕན་པ་ཡོད་པར་བཤད། ཀྱལ་རྟ་དམར་པོ་ཡོད་ས་ན། བུ་རྟ་བཙན་གྱིས་ཁྱེར་བ་མེད་ཅེས་པའི་ཁ་དཔེ་ཞིག་ཀྱང་ཡོད་ལ། ཁ་དཔེ་འདི་ལས་ཀྱལ་རྟ་ཞེས་པའི་ཤིང་རིགས་དེ་ནི་བཙན་ཟློག་ཐབས་ཀྱི་རྫས་མཆོག་ཅིག་ཡིན་པ་གསལ་བཤད་བྱས་ཡོད།

གཉན་ཞེས་པའི་ཐ་སྙད་ཀྱི་སྤྱོད་སྟངས་མི་འདྲ་བའི་དབང་གིས་གོ་དོན་ཡང་དུ་མ་བྱུང་འདུག་སྟེ། བཙན་པོ་དང་། ནུས་མཐུ། སྣང་སྲིད་ཀྱི་ལྷའི་གྲས་ས་བདག་དང་ནད་རིགས་སོགས་ལ་གོ་བ་དང་། གཞན་ཡང་རི་དྭགས་དང་བོད་ཀྱི་རུས་ཤིག་ལ་གོ་བ་ཡང་ཡོད་དོ། ། དཔེར་ན། ས་གཉན་དང་རྡོ་གཉན་ཞེས་པའི་སྐབས་སུ་བཙན་པོ་ལ་གོ་བ་དང་། རྣལ་འབྱོར་བའི་གཉན་ཐེབས་ཞེས་པ་དང་། མི་གཉན་པོ་ཞིག་རེད་ཅེས་པའི་སྐབས་སུ་ནུས་མཐུ་ལ་གོ་བ་དང་། གཉན་ཆེན་ཐང་ལྷ་ཞེས་པའི་སྐབས་སུ་སྣང་སྲིད་ཀྱི་ལྷའི་རིགས་ཏེ་གཞི་བདག་ལ་གོ་བ་དང་། གཉན་རིམས་ཞེས་པའི་སྐབས་སུ་འགོས་ནད་ཅིག་ལ་གོ་བ་སོགས་མང་དུ་ཡོད་པས། འཆད་འགྱུར་གྱི་བོད་ལུགས་གསོ་རིག་གཞུང་གི་གཉན་རིམས་ཀྱི་ནད་ནི་མ་མོ་མཁའ་འགྲོ་འཁྲུགས་པའི་ཁ་རླངས་སམ་དུག་རྐྱེན་སྲིན་བུ་རིགས་བདུན་མཁའ་ལ་རྒྱུ་བ་སོགས་ལས་བྱུང་བའི་ནད་ཕོག་པའི་མི་གཅིག་གིས་ནད་མེད་བརྒྱ་སྟོང་ལ་འགོ་བར་བྱེད་ཅིང་ཡམས་ཐབས་སུ་མཆེད་ནས་རིམ་པས་འགོ་བས་ན་རིམས་ནད་ཅེས་དང། སྲོག་ལ་ཤིན་ཏུ་གཟན་པས་གཉན་ཞེས་སུ་གྲགས། གཉན་གྱི་སྡོང་ཟླ་མེད་པ་ལ་རིམས་རྐྱང་དང་། གཉན་གྱི་སྡོང་ཟླ་དང་ལྡན་པར་རིམས་སྨྱོན་ཞེས་བྱ་ལ། དེ་ཡང་གཉན་རིམས་གཉིས་ནི་ཕ་གཅིག་བུ་ སྤུན་འདྲ། ། གཅིག་གྲོགས་གཅིག་གིས་བྱེད་ཅིང་གྲོས་ཁ་མཐུན། ། འགྲོ་སྲོག་མྱུར་བར་ལེན་ལ་མཐུ་དཔུང་ཆེ། ། ཞེས་སྔོན་གྱི་བོད་སྨན་པ་དག་གིས་གཟིགས་འདུག་པ་འདི་ནི་ཕྱི་རབས་པ་རྣམས་ཀྱི་བློ་ལ་ཤོང་དཀའ་ཞིང་ངོ་མཚར་བའི་མཛད་རྗེས་ལགས།

གཉིས་པ། གཉན་ནད་ཇི་ལྟར་བྱུང་བའི་རྒྱུ་རྐྱེན།

བོད་དུ་གཉན་ཞེས་པའི་ཐ་སྙད་བྱུང་བ་ནས་ད་ལྟའི་བར་གོ་དོན་སྣ་ཚོགས་ཤིག་བྱུང་འདུག་མོད། གཉན་ཞེས་པའི་ངོས་འཛིན་གྱི་ཐད་ནས་བཤད་ན་གཙོ་བོ་སྣང་སྲིད་ཀྱི་ལྷ་སྟེ་ས་གཞི་དང་བར་སྣང་ལ་གནས་པའི་ལྷའི་རིགས་ཤིག་ལ་གོ་དགོས་པར་འདུག དེ་བས་གཉན་ཞེས་པའི་ལྷ་དེར་རིགས་ཀྱི་སྒོ་ནས་དབྱེ་ན། ཉི་ཟླ་སྐར་གསུམ་སོགས་ལ་གནས་པའི་བར་སྣང་གི་གཉན་དང་། ས་ཆུ་སོགས་འབྱུང་བ་ལ་གནས་པའི་ས་གཞིའི་གཉན་ཞེས་ གཙོ་བོའི་རིགས་མི་འདྲ་བ་གཉིས་སུ་དབྱེ་ཆོག་པར་སྙམ། རྒྱུད་ལས། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན།། མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། ། སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར། ། དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུགས་བྱེད། ། མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། ། སྐྱེ་བོ་རྣམས་ནི་མནའ་འཐབ་བཤན་དམར་བྱེད། ། དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། ། ནད་ཀྱི་མཁའ་རླངས་སྤྲིན་དུ་ཆགས་པ་ལས། ། བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང་། ། ཞེས་དུས་ངན་གྱི་མི་རྣམས་མི་དགེ་ལོག་པར་སྤྱད་པའི་ཚེ་སྲིད་པ་སྐྱེ་འཇིག་ལ་དབང་བའི་མ་མོ་མཁའ་འགྲོ་རྣམས་ཁྲོས་ནས་ཁ་རླངས་སྤྲིན་དུ་བཏང་བ་ལས་རིམས་ནད་མཆེད་པའི་ཚུལ་གསང་སྔགས་ཀྱི་རྒྱུད་གཞུང་དུ་མ་ནས་གསུངས་ཏེ། ཁམས་གཙང་གཏེར་སྟོན་པད་མ་ཆོས་དབྱིངས་རོལ་བའི་རྡོ་རྗེས། གཞན་ཡང་གསང་ སྔགས་སྒྲུབ་རྒྱུད་གཞུང་རྣམས་ལས། ། དུས་ཀྱི་སྤྱོད་ངན་ཐབ་གཞོབ་དམེ་ འཁོན་དང་། ། སྡོམ་ཁྲིམས་བསླབ་བྱ་ཁས་བླངས་དམ་ཚིག་ཉམས། ། དགེ་སྡིག་རྒྱུ་འབྲས་སྤང་བླང་ཁྱད་དུ་བསད། ། དུས་དེར་དམ་ཅན་སྲུང་མའི་ཐུགས་ཀྱང་ཁྲོས། ། སྲིད་པ་སྐྱེ་འཇིག་དབང་བྱེད་མ་མོ་འཁྲུགས། ། ཁ་རླངས་མ་མོའི་ཁྲག་ནད་དལ་ཡམས་གཏོང་། ། ཞེས་དང་། དེའུ་དམར་བསྟན་ འཛིན་ཕུན་ཚོགས་ཀྱིས། འོན་ཀྱང་དེང་སང་མི་རེར་རྒྱུན་ནད་རེ། ། དུས་དང་ཟླ་རེར་མི་གཅིག་རིམས་ནད་རེ། ། འབྱུང་ཕྱིར་རྐྱང་བའི་ནད་གཞི་ཤིན་ཏུ་དཀོན། ། ཞེས་གསུངས་པ་ལྟར་མ་མོ་ཁ་རླངས་ནད་དུ་གཏོང་བ་ལ། དེ་ཉིད་འགྲོ་བ་གང་ལ་ནད་ཀྱི་རྣམ་པ་ཅན་བར་སྣང་ནས་རྒྱུ་བ་བ་སྤུའི་བུ་གའམ་སྣ་སྒོ་སོགས་དབང་བོའི་སྒོ་ནས་འཇུག་སྟེ། སློབ་དཔོན་པད་མའི་བདུད་རྩིའི་བུམ་ཆུང་ལས། ནད་གཞི་གང་ལ་ཡོད་པར་འབབ། མིང་ནི་སྲིན་བུ་པར་པ་ཏ་བྱ་བ་ཡིན། རྒྱུ་ནི་གདོན་གྱིས་བསྐྱེད། འཇུག་སྒོ་བ་སྤུ་བུ་ག་དང་སྣ་ནས་འཇུག་ཅེས་དང་། སྡེ་སྲིད་མན་ངག་ལྷན་ཐབས་ལས། རྒྱུ་ལ་རྐྱེན་ཏེ་ཏྲེ་ཏྲེ་ཧོ་ཞེས་སམ། ། པར་པ་ཏ་དེ་སྲིན་གྱི་གཟུགས་སྤྲུལ་བ། ། རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུ། ། མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང་། ། རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། ། བར་སྣང་ཁམས་ནས་བ་སྤུའི་སྣ་སྒོར་འཇུག ། དེ་བསྟུན་ལུས་ནང་གནས་པའི་སྲིན་བུ་ནི། ། ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། ། ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། ། གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། ། ཅེས་པའི་དུག་ཅན་སྲིན་བུ་རྣམ་པ་བདུན། ། ཟངས་ལྟར་དམར་ཞིང་ལ་ལྟར་མི་མངོན། ། སྐད་ཅིག་ཙམ་ལ་མགོ་རྐང་རྒྱུ་བར་ནུས། ། སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། ། ཤིན་ཏུ་སྲོག་ལ་གཟན་པས་གཉན་ཞེས་བྱ། ། ས་ཆུ་མེ་རླུང་བཞི་ཡི་རྟ་ལ་ཞོན།། ཀུན་ཀྱང་ངོ་བོ་ཚ་བ་ལས་མ་འདས། ། ཞེས་དང་། རྒྱུད་ལས། དེ་ལྟར་བླ་གཉན་ཐོར་བུ་ནད་སྣ་ཚོགས།། ཚ་བ་ཀུན་ལ་ཕལ་ཆེར་འབྱུང་འགྱུར་ཏེ།། ཁྱད་པར་བལ་ནད་རིམས་ལ་མང་བ་ཡིན། ། ཞེས་གསུངས་ཟིན་པའི་གཏན་ཚིགས་ལས། ད་ལྟ་བྱུང་བའི非典ལྟ་བུའི་ནད་ཡམས་གང་མང་ཞིག་བོད་ལུགས་གསོ་རིག་གི་གཞུང་དུ་སྔ་མོ་ནས་བསྟན་ཡོད་པར་གསལ་ལོ།།

གསུམ། གཉན་ནད་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགོས་པ།

སྤྱིར་གསོ་བ་རིག་པ་དང་སྐྱེ་ཁམས་རིག་པ་གཉིས་ངོ་བོའི་ཆ་ནས་བརྗོད་ན་རང་བཞིན་ཡན་གར་བར་གནས་པའི་གཞུང་ལུགས་སོ་སོ་བ་དང་། ཞིབ་འཇུག་དང་བརྗོད་དོན་སོགས་ཕྱོགས་གང་ཅིའི་ཐད་ནས་མི་འདྲ་ལ་སྔ་མས་འགྲོ་བ་མིའི་རིགས་ཀྱི་ལུས་རྟེན་འདི་ཉིད་ནད་མེད་པར་ཐབས་བདེ་བར་འཇུག་པ་དང་། གལ་སྲིད་ནད་ཀྱི་དབང་གིས་ན་བའི་ཚེ་ནད་འཇོམས་ཤིང་ལུས་སེམས་ཡུན་རིང་དུ་འཚོ་གཞེས་གནང་ཐུབ་པར་ཞིབ་འཇུག་བྱེད་པའི་ཚན་རིག་གི་གཞུང་ཞིག་དང་། ཕྱི་མས་མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁོར་ཡུག་བར་གྱི་ཕན་ཚུན་འགལ་འབྲེལ་སྤྱིའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་པས། བོད་ཀྱི་འཚོ་བའི་རྒྱུན་དུ་ཤིང་གཉན་བཅད་པ། ས་གཉན་བརྐོས་པ། བྲག་གཉན་བཤིག་པ། རྡོ་གཉན་བརློགས་པ། ཆུ་གཉན་དཀྲུགས་པ། ནེའུ་གསིང་བརྐོས་པ། སྤང་རྒོད་འཕྲུའདུལ་བྱེད་པ། ཁང་ནགས་བཤུ་འགེབ་ཀྱི་མཁར་ལས་བྱེད་པ། རི་གཉན་གྱི་རྩེར་ཀི་འདེབས་པ། རི་ལ་མི་བཀྱེས་པ། བྱ་དང་གཅན་གཟན་གྱི་རིགས་བསད་པ། མནའ་གཉན་གྱི་དཔང་བོར་བྱས་པ། རྡོ་གཉན་བསྣུར་བ་སོགས་རི་བོ་དང་ནགས་ཚལ། སྤང་གཞོང་སོགས་ལ་གནོད་པ་བྱས་ན་དེ་དག་ལ་གནས་པའི་གཉན་གྱིས་ནད་རིགས་སྣ་ཚོགས་གཏོང་བར་གསུངས། དེར་བརྟེན། དེང་རབས་གསོ་རིག་དང་སྲོལ་རྒྱུན་གསོ་རིག་ གང་ཡིན་ཡང་ནད་འབྱུང་བའི་རྒྱུ་སྐྱེ་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཡིན་པ་ཤིན་ཏུ་ནས་གལ་ཆེ་བར་མཐོང་བཞིན་ཡོད་དེ། བྱང་བ་ལྷན་ལྡིང་བས། དེས་ན་འབྱུང་བ་སྙོམས་ལས་ནད་མེད་དང་། ། འཕེལ་ཟད་འཁྲུགས་པས་ནད་ཀུན་འབྱུང་བས་ན། ། འབྱུང་བཞི་འཕེལ་ཟད་སྙོམས་པར་བྱེད་པ་ འདི། ། བཅོས་ཐབས་ཀུན་གྱི་རྩ་བ་མ་ཡིན་ནམ། ། ཞེས་དང་། རྒྱུད་བཞི་ལས། ས་གཉན་རློག་ནས་སྤང་ཐང་ཞིང་དུ་འདུ། ། ཆུ་གཉན་དཀྲུགས་ནས་ནེའུ་གསིང་རྫོང་དུ་བསྐྱིལ།། ཤིང་གཉན་གཅོད་ཅིང་རྡོ་གཉན་རྩབ་འདེགས། ། མི་གཙང་ཐབ་གཞོབ་ཤན་དམར་འཇོལ་ཉོག་སྤྱོད།། དེ་ཚེ་ཀླུ་གཉན་ས བདག་ལྷ་སྲིན་འཁྲུགས། ། སོགས་ལས་ང་ཚོས་དུས་གང་ཞིག་ལའང་རང་བྱུང་ཁོར་ཡུག་ལ་བརྩི་མཐོང་བྱ་དགོས་ཤིང་། སྐྱེ་དངོས་སྨན་ རྫས་ཀྱི་ཐོག་མའི་འབྱུང་ཁུངས་ཡང་དེ་ལ་བརྟེན་ནས་བྱུང་བས། མིའི་རིགས་ཀྱི་ལུས་རྟེན་འདི་ཉིད་ཡུན་རིང་དུ་གནས་པ་དང་། གལ་སྲིད་ནད་ཀྱི་དབང་གིས་སྡུག་བསྔལ་མི་བཟོད་པས་ཡོངས་སུ་མནར་བའི་ཚེ་ཐོག་མར་སྣོད་ཀྱི་བཀོད་པའི་མཐུན་རྐྱེན་མི་འདྲ་བར་བརྟེན་ནས་མིའི་རིགས་ཀྱི་གཟུགས་གཞི་གསོ་བཞིན་ཡོད་ལ། ལྷག་པར་དུ་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་བོ་ཡང་དེ་ལ་བརྟེན་ནས་བྱུང་བ་ནི་བསྙོན་དུ་མེད་པས། ཕྱིའི་འབྱུང་ཁམས་ལ་བརྟེན་ནས་ནང་འབྱུང་བའི་ཁམས་རྣམས་འཕེལ་འགྲིབ་འབྱུང་བཞིན་པ་འདི་ནི་ཐད་ཀར་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པ་དང་། དེ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་མིག་མདུན་དུ་ལྷགས་པའི་གནད་དོན་ཡིན་པའང་ཤེས་པར་བྱ་དགོས།

རྩོམ་ཁུངས། ཙོང་ཁའི་གསོ་རིག་ཞིབ་འཇུག་རྩོམ་བཏུས།

 

གསོ་རིག, འཕྲོད་བསྟེན།

Post navigation

Previous Post: རྒྱ་ནག་ནི་འཛམ་གླིང་གི་ལག་དམར་དུ་གྱུར།
Next Post: ཀོ་རོ་ན་༡༩་ཏོག་དབྱིབས་ནད་ཡམས་ལ་དཔྱད་པའི་ཀ་བཤད་གཉིས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme