Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ཅན་གྱི་ནད་ཡམས་འདིའི་རྐྱེན་བྱས་ནས་དམར་པོའི་སྲིད་གཞུང་མགོ་རྟིང་སློག་སྲིད།

Posted on 2020-04-042020-04-04 By འཚོ་བྱེད་བུ 1 Comment on ཏོག་དབྱིབས་ཅན་གྱི་ནད་ཡམས་འདིའི་རྐྱེན་བྱས་ནས་དམར་པོའི་སྲིད་གཞུང་མགོ་རྟིང་སློག་སྲིད།

ཆུ་རླངས་འབྲུག་བྱམས།

རྒྱ་ནག་གི་ཏོག་དབྱིབས་ཅན་གྱི་ནད་ཡམས༼Chinese virus༽ ཟེར་བ་འདིའི་འཛམ་གླིང་སྤྱིའི་དཔལ་འབྱོར་ལ་བརྡབ་གསིག་ཆེན་པོ་ཞིག་ཐེབས་བཞིན་ཡོད་པ་དང། ཉིན་རེ་བཞིན་མི་མང་ཁྲི་ཕྲག་མང་པོ་སྨན་ཁང་དུ་བསྐྱལ་ཞིང། མི་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག འཛམ་གླིང་གི་ས་ཆ་གང་སར་མི་ས་ཡ་མང་པོ་རང་ཁྱིམ་དུ་བཅུག་ནས་ཕྱི་ལ་ཐོན་དུ་འཇུག་གི་མེད།

རྒྱ་ནད་འདིའི་འགྲོ་བ་མིའི་ལོ་རྒྱུས་ནང་དུ་ཟིན་ཐོ་གསར་བ་ཞིག་བཀོད་ཡོད། ཕྱི་ལོ་༢༠༢༠ ལོ་མགོ་ནས་བཟུང་འཛམ་གླིང་གི་མི་མང་ཆེས་ཞེད་སྣང་སྐྱེ་སའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་ནག་ཏུ་བྱུང་བའི་ནད་ཡམས་འདིའི་འཛམ་གླིང་མི་མང་སྤྱིའི་ཚེ་སྲོག་ག་ཚོད་ཅིག་འཕྲོག་རྒྱུ་དང། དཔལ་འབྱོར་ཐད་གྱོང་གུད་ག་ཚོད་ཅིག་སྤྲོད་རྒྱུ་ཡིན་མིན་ད་ལྟ་བཤད་དཀའ་མོད། མ་འོངས་པའི་ཟླ་ངོ་ཁ་ཤས་རིང་རྒྱ་ནད་འདི་ང་ཚོ་དང་མཉམ་དུ་མུ་མཐུད་ནས་བསྡད་ཚེ། རྒྱ་ནད་འདི་འཛམ་གླིང་དམག་ཆེན་གསུམ་པ་ལྟ་བུ་ཆགས་མི་སྲིད་པ་མ་རེད། བྱས་ཙང། ཏོག་དབྱིབས་ཅན་གྱི་ནད་ཡམས་འདིའི་རྐྱེན་བྱས་ནས་རྒྱ་ནག་དམར་པོའི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ཚོད་དཔག་བྱས་ནའང་མི་ཆོག་པ་མེད།

འདས་པའི་ལོ་རྒྱུས་ནང་དུ་འགོས་ནད་ལ་རྐྱེན་བྱས་ནས་མི་སེར་སྤེལ་མཁན་གྱི་རྒྱལ་ཁབ་དབང་སྟོབས་ཅན་དག་གི་སྟོབས་ཤུགས་ཉམས་རྒུད་དུ་སོང་ཡོད། དཔེར་ན། ཉེ་ཆར་སྨན་པ་གཡང་འབུམ་རྒྱལ་ལགས་ཀྱིས་བསྒྱུར་གནང་བའི་གསར་ཁང་གི་འཕྲོད་བསྟེན་ལེ་ཚན་ནང་དུ་དུས་ཚོད་མ་འདྲ་བའི་ནང་དུ་འགོས་ནད་གྱི་རིགས་མ་འདྲ་བ་བྱུང་ནས་འགྲོ་བ་མིའི་ཚེ་སྲོག་གྲངས་ལས་འདས་པ་ཞིག་འཕྲོག་ཡོད་པ་དང་། འགོས་ནད་དེ་དག་ཡོང་ས་གཙོ་བོ་མི་སེར་སྤེལ་མཁན་གྱི་རྒྱལ་ཁབ་དག་ནས་བྱུང་ཡོད། རྒྱལ་ཁབ་བམ་མི་རིགས་ཤིག་དར་རྒྱས་སོང་བའི་སྐབས་སུ་ཉམས་རྒུད་དུ་འགྲོ་བ་ནི་ཆོས་ཉིད་རེད། ང་ཚོ་ལ་རྒྱུས་མངའ་ཡོད་པའི་སོག་པའི་ཅིང་གུར་རྒྱལ་བོའི་དབང་ཤུགས་ཉམས་རྒུད་དུ་སོང་བ་དེ་ཡང་ནད་ཡམས༼Black Death༽༽ ཟེར་བ་ཞིག་བྱུང་ནས་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་ནས་མཐར་རྒྱལ་པོའི་དབང་ཐང་ཉམས་ནས་ཁ་ཐོར་དུ་སོང་ཡོད་པ་ལྟ་བུ་རེད།

རྒྱ་ནག་གི་ནད་ཡམས་འདི་ལ་རྐྱེན་བྱས་ནས་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྨན་ཁང་ནང་དུ་ཡོད་པའི་ནད་པའི་གྲངས་འབོར་ནི་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་ལས་མང་པ་ཆགས་བཞིན་ཡོད། མང་གཙོ་དང་རང་དབང་ལྡན་པའི་ལུང་པའི་ནང་དུ་རྒྱ་ནད་འདིས་མི་ག་ཚོད་ཅིག་ལ་ནད་རྟགས་ཐོན་ཡོད་མེད་དང། མི་ག་ཚོད་ཅིག་འདས་གྲོངས་སུ་ཕྱིན་ཡོད་མེད་རོབ་ཙམ་ཞིག་ཤེས་ཐུབ་མོད། འོན་ཀྱང་རྒྱ་ནག་ནང་དུ་ནད་པའི་གྲངས་འབོར་ག་ཚོད་ཅིག་བྱུང་ཡོད་པ་དང། མི་ག་ཚོད་ཅིག་འཆི་སྐྱོན་ཕྱིན་ཡོད་མེད་ད་ལྟ་ཡང་ཁ་གསལ་པོ་མེད་པར་ཚང་མར་གསང་པ་བྱས་ཡོད། གོ་ཐོས་ལ་ཟླ་དང་པོ་ནས་བཟུང་རྒྱ་ནག་ནང་ཁ་པར་འཛིན་མཁན་གྱི་མི་གྲངས་ས་ཡ་གཅིག་ལྷག་མར་ཆགས་འདུག་ཟེེར། གནས་ཚུལ་འདི་བདེན་པ་ཡིན་ཚེ། འབྱུང་འགྱུར་རྒྱ་ནག་ནང་དུ་གནས་སྟངས་ཛ་དྲག་ཆགས་འགྲོ་རྒྱུ་ཡིན་པ་གསལ་པོ་རེད།

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཕྱི་སྲིད་མི་སྣ་ཞིག་གིས་ཏོག་དབྱིབས་ཅན་གྱི་ནད་ཡམས་དེ་ཨ་རིའི་དམག་གིས་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་དུ་འཁྱེར་ཡོང་བ་ཡིན་ཚུལ་བཤད་པ་དེའི་ཐད་རྒྱུ་མཚན་གཉིས་འདུག་བསམ། རྒྱུ་མཚན་གཅིག་ནི། རྒྱ་ནག་ནང་གི་མི་མང་གྱི་ཆེད་དུ་དམིགས་པ་ཞིག་རེད། གང་ལ་ཟེར་ན། མ་འོངས་པར་རྒྱ་ནག་མི་མང་ནས་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་སྲིད་པར་ད་ལྟ་ནས་ཚོད་དཔག་བྱས་ཡོད། བྱས་ཙང། ནད་ཡམས་འདི་ཡོང་ས་ཨ་རིའི་སྒང་ལ་བཞག་ནས་མི་མང་གི་མགོ་གནོན་བྱེད་ཀྱི་ཐབས་ཇུས་ཤིག་ད་ལྟ་ནས་འདོན་བཞིན་ཡོད། ད་དུང་རྒྱ་ནག་མི་མང་ཨ་རིའི་ཐོག་དུ་སྡང་སེམས་ཆེ་རུ་བཏང་ནས་དམར་པོའི་སྲིད་གཞུང་སྲ་བརྟན་དུ་གཏོང་རྒྱུ་དེ་རེད། རྒྱུ་མཚན་གཉིས་པ་ནི་ནད་ཡམས་འདི་ངོ་མ་རྒྱུ་གང་ཞིག་ལ་བརྟེན་ནས་ཡོང་བ་ད་ལྟ་ཡང་གསལ་བོར་བཤད་དཀའ་མོད། འོན་ཀྱང་མི་རྣམས་ཀྱིས་ཚོད་དཔག་བྱེད་བཞིན་པ་ལྟར་ན། གཅིག་སྲོག་ཆགས་ཀྱི་ལུས་སྟེང་ནས་ཡོང་བ་དང། གཞན་ཞིག་ནི་རྒྱ་ནག་དམར་པོའི་དམག་གི་རྡུལ་ཕྲན་གྱི་རྫས་འགྱུར་ཞིག་ནས་ཡོང་བ་རེད་ཟེར། གལ་ཏེ། སྲོག་ཆགས་ཀྱི་ཤ་ཟོས་ནས་ཡོང་པ་ཡིན་ཕྱིན། རྒྱ་མི་རིགས་ཀྱི་སྲོག་ཆགས་རིགས་མ་འདྲ་བ་མང་པོའི་ཤ་ཟ་བ་ནི་ད་ལྟ་གསར་དུ་དར་བ་ཞིག་མིན། འདས་པའི་ལོ་བརྒྱ་ཕྲག་མང་པོའི་རིང་ནས་རྒྱ་མི་རིགས་ཀྱིས་སྲོག་ཆགས་འདྲ་མིན་གྱི་ཤ་ཟོས་ནས་ཡོང་ཡོད། གལ་ཏེ་ནད་ཡམས་འདི་སྲོག་ཆགས་ཀྱི་ཤ་ཟོས་ནས་ཡོང་པ་ཡིན་ཕྱིན། རྒྱ་ནག་གཞུང་གི་གསང་བ་བྱེད་དགོས་པའི་རྒྱུ་མཚན་དུ་མ་མཐོང། འདས་པའི་ནད་ཡམས་དེ་དག་ཡང་རྒྱུ་གང་ཞིག་དང་སྲོག་ཆག་གང་ཞིག་ནས་ཡོང་བ་གསལ་པོ་ཤེས་ཐུབ་ཡོད།

འོན་ཀྱང། ནད་ཡམས་འདི་འཛམ་གླིང་གང་སར་ཁྱབ་ནས་ཟླ་གསུམ་ལྷག་འགོར་ཡང་ད་དུང་རྒྱ་ནད་འདི་ཡོང་ས་གཙོ་བོ་གང་ཞིག་དང་རྒྱུ་གང་ཞིག་ནས་ཡིན་པ་གསལ་པོ་ཆགས་མེད་པ་འདིའི་གང་ཞིག་སྟོན་གྱི་འདུག་གམ་ཞེ་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ནད་ཡམས་འདི་ཨ་རིའི་དམག་མིས་རྒྱ་ནག་ནང་དུ་འཁྱེར་ཡོང་པ་རེད་ཟེར་སྟངས་ལ་གཞི་བཞག་ནས་ཚོད་དཔག་བྱས་ཚེ། ཏོག་དབྱིབས་ཅན་གྱི་ནད་ཡམས་འདི་རྒྱ་ནག་རང་གི་དམག་མིས་བཟོས་བའི་རྡུལ་ཕྲན་གྱི་རྫས་འགྱུར་ཞིག་ནས་ཡོང་བ་བདེན་དུ་འདོད། དེ་ལྟར་ཡིན་ཚེ། རྫས་འགྱུར་དེ་ལྟ་བུ་ཞིག་བཟོ་དགོས་པའི་དམིགས་ཡུལ་ཡང་དམར་པོའི་སྲིད་གཞུང་སྲ་བརྟན་དང་མི་མང་དང་མི་རིགས་གཞན་རྣམས་ལ་གཉའ་གནོན་གྱི་ཆེད་དུ་ཡིན་ངེས་མོད། ཡིན་ནའང།དམར་པོའི་སྲིད་གཞུང་གིས་བཟོས་བའི་རྫས་འགྱུར་དེ་ངོ་བོ་ཏོག་དབྱིབས་ཅན་གྱི་ནད་ཡམས་ཤིག་ཏུ་གྱུར་ནས། ནད་ཡམས་འདིས་རིགས་རུས་དང་མི་རིགས། ས་མཚམས་བཅས་ཀྱི་དབྱེ་བ་གང་ཡང་འབྱེད་མ་ཤེས་པར་འགྲོ་བ་མིའི་ཡོངས་རྫོགས་ཀྱི་ཚེ་སྲོག་འཕྲོག་མཁན་ཞིག་དུ་གྱུར་ཡོད། ཁྱད་པར་དུ་ནད་ཡམས་འདིས་རྒྱ་ནག་རང་གི་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང་དམར་པོའི་སྲིད་གཞུང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་ནས་ཁེར་རྐྱང་དུ་ཕུད་ཡོད་པ་མ་ཟད། དམར་པོའི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་རྒྱུ་གཙོ་བོ་ཞིག་དུ་ཆགས་ཡོད།

ཡིན་ནའང། རྒྱ་ནག་སྲིད་གཞུང་གི་འཁྲབ་སྟངས་ལ་ངེས་པར་དུ་གཟབ་དགོས། ད་ལྟ་རྒྱ་ནག་གི་ཏོག་དབྱིབས་ཅན་གྱི་ནད་ཡམས་ཁྱབ་བརྡལ་དུ་འགྲོ་སའི་རྒྱ་ཁབ་འི་ཊི་ལི་དང་དབྱིན་ཇི་སོགས་ལ་རོགས་རམ་བྱེད་དུ་འབྱོར་ཡོད། འདས་པའི་ཟླ་འགའི་རིང་འཛམ་གླིང་མི་མང་གིས་རྒྱ་ནག་གི་ཕྱི་འབྲེལ་དང་རྒྱ་ནག་མི་མང་གྱི་སྒང་ལ་ལྟ་སྟངས་ངན་ཕྱོགས་སུ་འགྱུར་ཡོད། བྱས་ཙང། རྒྱ་ནག་གིས་གོ་སྐབས་དམ་འཛིན་ཀྱིས་འཛམ་གླིང་མི་མང་གི་མིག་ལམ་དུ་རྒྱ་ནག་རྒྱལ་ཁབ་ཀྱི་སྣང་བརྙན་བསྐྱར་གསོ་བྱེད་ཆེད་ཁོ་ནར་འཁྲབ་སྟོན་བྱེད་ཀྱིན་ཡོད། ཡིན་ནའང། མ་འོངས་པར་ནད་ཡམས་འདི་མཚམས་ཆད་ནས་མི་ག་ཚོད་ཅིག་གི་ཚེ་སྲོག་འཕྲོག་ངེས་པ་དང་དཔལ་འབྱོར་ཐད་གྱོང་གུད་ག་ཚོད་ཞིག་སྤྲད་པ་སོགས་གསལ་པོ་ཆགས་ངེས་རེད། སྐབས་དེ་དུས་ཆང་ལེན་ཆང་གིས་མཇལ་ཟེར་བའི་དཔེར་བཞིན། དེ་དག་གི་འགན་ཡོངས་རྗོགས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཡོད་པ་ལས་གཞན་སུ་གང་ལ་མེད། ང་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོ་ཞེད་སྣང་སྐྱེས་ས་དངོས་དེ་ད་ལྟ་འགྲོ་བཞིན་པའི་རྒྱ་ནད་འདི་མ་རེད། ཞེད་སྣང་སྐྱེས་ས་ངོ་མ་དེ་རྒྱ་ནད་འདིའི་མཇུག་འབྲས་རེད། ནད་ཡམས་འདིའི་ངོ་བོ་གང་འདྲ་ཞིག་དུ་འགྱུར་མིན་དེ་རེད། ཕྱི་ལོ་༢༠༢༠ ལོ་རྒྱ་ནག་གི་ལོ་རེད་ལ། དམར་པོའི་སྲིད་གཞུང་གི་ངོ་གདོང་གསལ་པོ་ཆགས་པའི་ལོ་ཞིག་ཀྱང་རེད། རྒྱ་ནག་དམར་པོའི་སྲིད་གཞུང་མགོ་རྟིང་སློག་པའི་ལོ་ཞིག་ཀྱང་ཡིན་སྲིད་པས། མཐར་ཐུག་རྒྱ་ནད་འདི་ལ་ཐུགས་རྗེ་ཆེ་ཞུ་བའི་གོ་སྐབས་ཞིག་ལ་སྒུག་བཞིན་ཡོད།

བསམ་ཚུལ།

Post navigation

Previous Post: གཞས་ཚིག་ལ་བརྒྱུས་པའི་གསེར་མདོག་གི་རྣམ་ཤེས།
Next Post: ང་རང་མི་ཡག་པོ་ཞིག་འོང་ཐབས་བྱེད་ཀྱི་ཡིན།

Comments (1) on “ཏོག་དབྱིབས་ཅན་གྱི་ནད་ཡམས་འདིའི་རྐྱེན་བྱས་ནས་དམར་པོའི་སྲིད་གཞུང་མགོ་རྟིང་སློག་སྲིད།”

  1. བདེ་འཇགས་ཕོ་ཉ། says:
    2020-04-05 at 10:24 am

    ཡ་ཡ། རྩོམ་བྲིས་ན་འདི་མོ་ཅན་པོ་བྲི་དགོས་ཡ། ཁྱོད་བུ་ངར་ནེ་མི་ཚད་ཀླད་པ་ར་ངར་ཀི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme