Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་རིམས་ནད་དང་འདྲེ་བཤད་གླིང་།

Posted on 2020-04-032020-04-03 By ཡེ་ཤེས་ 3 Comments on ཏོག་དབྱིབས་རིམས་ནད་དང་འདྲེ་བཤད་གླིང་།

ཀླུ་སྨྱོན།

བོད་ཕྱི་ལོགས་སུ་སྐྱེས་པའི་བོད་མི་ཚོས་ཤེས་མི་ཤེས་གང་ལྟར། བོད་ནང་ལོགས་ནས་སྐྱེས་པ་ཞིག་དང་ལྷག་པར་དུ་ངའི་ཕ་ཡུལ་ནས་སྐྱེས་པ་ཞིག་ཡིན་ན་ཕོ་མོ་རྒན་གཞོན་མེད་པར་འདྲེ་བཤད་ལ་དགའ་ཞིང་འདྲེ་བཤད་འདྲ་མིན་བཤད་ཀྱང་ཤེས། ཟླ་བ་གཅིག་གི་སྔོན་ལ་ངས་གྲོགས་པོ་ཞིག་གི་སྐད་འཕྲིན་རྒྱབ་ལྗོངས་ནས་འདྲེ་བཤད་གླིང་ཞེས་པའི་ཚོགས་པ་ཞིག་རྙེད་བྱུང་། ཚོགས་པ་དེའི་ནང་དུ་མི་སུ་ཞིག་གསར་དུ་འཛུལ་ཚེ་ཆེས་ཐོག་མར་འདྲེ་བཤད་ཅིག་ལེགས་སྐྱེས་ཀྱི་ཚུལ་དུ་བཤད་དགོས་ཤིང་། གལ་སྲིད་ཁྱེད་ཀྱིས་བཤད་མི་ཤེས་ན་རང་གི་གྲོགས་པོ་ཞིག་གླས་ནས་བཤད་ན་ཡང་འགྲིག་གི་འདུག སྟབས་ལེགས་པ་ཞིག་ལ། ངས་གནའ་བོའི་འདྲེ་བཤད་འགའ་རེ་བཤད་ཤེས་པ་མ་ཟད། རང་ཉིད་སྒྲུང་གཏམ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་འདྲེ་བཤད་གསར་བ་རེ་བརྩམས་ནས་བཤད་ན་ཡང་ཆོག ཚོགས་པ་འདིའི་ནང་དུ་འཛུལ་བ་དང་ཏོག་དབྱིབས་ནད་ཡམས་འདིས་འཛམ་གླིང་སྤྱི་དང་ཁྱད་པར་ཨ་མེ་རི་ཀར་རྒོལ་རྡུང་གཏོང་མགོ་བཙུགས་པ་ཕལ་ཆེར་དུས་མཉམ་ལྟ་བུ་ཞིག་རེད། དེའི་ཕྱིར། ངས་རང་གི་ཞོགས་པའི་ཁ་འདོན་དེ་ཚོ་བཏོན་ཚར་རྗེས་སྐད་འཕྲིན་གྱི་ཁ་ཕྱེས་ནས་འདྲེ་བཤད་ལ་ཉན་བཞིན་ཞོགས་ཇ་འཐུང་གི་ཡོད། འདི་ནི་ངོ་མ་དུས་ཚོད་སྡུག་པོ་འདིའི་ནང་ལ་མཚོན་ན་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་རེད་ཡ།

ད་ལྟ་བར་དུ་ངས་འདྲེ་བཤད་གླིང་དུ་ཕྲ་མེན་མའི་སྒྲུང་མི་འདྲ་བ་གསུམ་དང་། མེ་ཡི་གྲུབ་ཐོབ་ལྷ་རིའི་གཟིམ་སྤྲུལ་གྱི་གཏམ་རྒྱུད། འཇའ་ལུས་པ་འཇམ་དབྱངས་རྒྱལ་མཚན་གྱི་གཏམ་རྒྱུད། ནྰ་ལུང་གྲུབ་ཆེན་སངས་རྒྱས་བཟང་པོའི་གཏམ་རྒྱུད་ཁག་དང་པོ་བཅས་བཤད་ཟིན།
ཚོགས་པ་འདི་འཛུགས་མཁན་དང་ཚོགས་མི་ཕལ་མོ་ཆེ་མདོ་སྨད་མཚོ་སྔོན་གྱི་མི་རེད་ལ། ཚོགས་མི་རེ་ཟུང་རྔ་བ་དང་མཛོད་དགེའི་ཕྱོགས་ནས་ཡིན་པ་འདྲ། ཚོགས་མི་ཕལ་ཆེ་བ་བོད་ནང་དུ་འདུག་ལ། ཚོགས་པ་འདིའི་ནང་དུ་ཚོགས་པ་གཞན་དག་གི་ནང་དུ་བཤད་ཟིན་པའི་གཏམ་རྒྱུད་ཀྱི་རིགས་ཕལ་ཆེར་ནང་འདྲེན་བྱས་ཆོག་གི་མེད།
དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་པ་ཚོ་སྐད་འཕྲིན་དང་ཐད་གཏོང་འདྲ་མིན་ལ་ཞུགས་ནས་དུས་ཚོད་སྐྱེལ་བཞིན་པའི་དུས་འདིར། ང་ཡོད་སའི་ཚོགས་པ་འདི་ལ་མཚོན་ན་འདྲེ་བཤད་རིག་པ་འདི་ཡར་རྒྱས་གོང་འཕེལ་དང་མི་ཉམས་རྒྱུན་འཛིན་བྱེད་པ་ལ་དགེ་མཚན་ཆེན་པོ་ཡོད་པ་ཞིག་རེད།
ང་ཚོའི་མི་རབས་རྗེས་མའི་ཁྲོད་དུ་འདྲེ་བཤད་རིག་པར་ཞིབ་འཇུག་གིས་རབ་འབྱམས་པ་དང་འབུམ་རམས་པའི་ཐོབ་ཐང་ལག་ཁྱེར་ལེན་མཁན་ཡང་ཡོད་མི་སྲིད་པ་ཞིག་ག་ལ་ཡིན་ཏེ། ཉེ་ཆར་དྲ་ལམ་ནས་བོད་ནང་གི་དགེ་བཅུའི་ལུགས་སྲོལ་ལམ་དགེ་བཅུའི་ཁྲིམས་ལ་ཞིབ་འཇུག་གིས་རབ་འབྱམས་པའི་དམ་བཅའ་འཇོག་བཞིན་པའི་བརྙན་ཐུང་ཞིག་ཀྱང་མཐོང་བྱུང་།
ང་ཚོ་འདྲེ་ལ་ཡིད་ཆེས་ཤིང་འདྲེ་ལ་འཇིགས་ཤིང་སྐྲག་པ་མ་ཡིན་ནམ། ང་ཚོ་ཕལ་མོ་ཆེ་བྱིས་པ་ཡིན་དུས་མཚན་མོར་མུན་ནག་ནང་དུ་གཅིག་བུར་གཅིན་པ་གཏོང་དུ་འགྲོ་མི་ནུས་པ་མ་ཡིན་ནམ། དེ་ནི་འདྲེ་ཡོད་པར་ཡིད་ཆེས་པ་མ་ཟད་འདྲེ་ཡིས་མུན་ནག་ནང་རང་ཉིད་ལ་བསྒུགས་ཡོད་པར་བསམས་ཀྱང་རེད།
འདྲེ་བཤད་ནི་མི་རིགས་ཚང་མའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འདྲེ་ཡོད་པས་ལྷ་ཡོད་པར་གྱུར་ཅིང་། འདྲེ་ཡོད་པས་ལྷ་ཡི་རིན་ཐང་ཡང་ཇེ་མཐོར་སོང་བ་ལགས། འདྲེ་ཡོད་པས་ང་ཚོས་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་བྱེད་ཤེས་པར་གྱུར་ཅིང་། ལྷ་ཡོད་པས་ང་ཚོས་རང་བྱུང་ཁམས་ལ་བརྩེ་སེམས་བཅིངས་པ་རེད།
གང་ལྟར་ང་ཚོའི་ཚོགས་པ་འདིའི་ནང་གི་འདྲེ་ཡི་གཏམ་རྒྱུད་རེ་རེ་ནི་ང་ཚོའི་ཕ་ཡུལ་གྱི་ཟབ་ས་ངོ་མ་དེ་རེད་ལ། འདྲེ་ཡི་དར་རྒུད་རེ་རེ་ནི་ང་ཚོའི་མི་རབས་འདིའི་སྐྱིད་སྡུག་གི་འཚོ་བའི་གཏིང་རུམ་ངོ་མ་དེ་རེད། འདྲེ་ཡོད་པས་ང་ཚོའི་གཏམ་རྒྱུད་ལ་ཚོན་མདངས་འབར་ཞིང་། འདྲེ་ཡོད་པས་ང་ཚོའི་མཚན་ལྗོངས་ལ་ཚེ་སྲོག་འབུས་ཐུབ་ཡོད།
འདྲེ་བཤད་གླིང་ནས་ཁྱེད་ཀྱིས་གཞི་བདག་གིས་འབྲོག་པའི་བུ་མོ་མནའ་མར་ཁྲིད་པའི་འདྲེ་དང་མིའི་བར་གྱི་བརྩེ་དུང་གི་གཏམ་རྒྱུད་ཐོས་ཐུབ་ལ། འདྲེ་བཤད་གླིང་ནས་ཁྱེད་ཀྱིས་འདྲེ་མོ་གཞོན་ནུ་མ་དེས་ན་གཞོན་དགེ་རྒན་དེ་ཇི་ལྟར་ཤ་ཟད་རུས་ཀོང་དུ་བསྒྱུར་པའི་གཟུགས་མེད་ཀྱི་ཚོར་བ་མངར་མོ་ཞིག་ཀྱང་ཉམས་སུ་མྱོང་ཐུབ།
ཕོ་མོ་དང་རྒན་གཞོན། སྐྱ་སེར་དང་དབུལ་ཕྱུག་མེད་པར་འཛམ་གླིང་བཟང་བཙོན་ཆེན་པོའི་བཙོན་མར་གྱུར་པའི་དུས་ཚོད་འདིར། འདྲེ་བཤད་ནི་ཁྱེད་ཀྱི་བཙོན་རོགས་བྱམས་བརྩེ་ལྡན་པ་ཞིག་ཡིན། འདྲེ་བཤད་ནི་ཁྱེད་ཀྱི་འདུག་རོགས་བློ་གཏད་ཆོག་པ་དེ་ཡིན།

ངོ་སྤྲོད།

Post navigation

Previous Post: དེ་འདྲ་ཡིན་ས་ཨེ་རེད།
Next Post: གཞས་ཚིག་ལ་བརྒྱུས་པའི་གསེར་མདོག་གི་རྣམ་ཤེས།

Comments (3) on “ཏོག་དབྱིབས་རིམས་ནད་དང་འདྲེ་བཤད་གླིང་།”

  1. བློ་བཟང་། says:
    2020-04-04 at 6:56 am

    འདྲེ་བཤད་མེད་ན་བོད་ཀྱི་ཆོས་ལུགས་པ་ཚོ་ལ་ཟ་རྒྱུ་དང་གོན་རྒྱུ། མ་ཚད་སྒོར་མོ་སོགས་གང་ནས་ཡོང་།

  2. རྟ་བདུན་དབང་བོ says:
    2020-04-04 at 11:58 am

    ཨ་ལགས་ཀླུ་སྨྱོན་ལགས། འདྲེ་སྒྲུང་དེ་དག་ཁ་བརྡ་དྲ་ཐོག་གམ་གདོང་དེབ་སྒང་ལ་འགོད་རོགས་ཞུ། ཀློག་འདོད་འདུག །

  3. Abharu Jigwang says:
    2020-04-04 at 1:03 pm

    ༄༅། བོད་ཀྱི་རིག་གནས་ཕྱུག་པོ་རྒྱས་པོ་གཏིང་གཟབ་པོ་དེ་ཚོ་མ་སྦྱང་མ་བཤད་པར་
    གཟུགས་མེད་འདྲེ་ལ་ཡིད་ཆེས་དང་བཤད་པ་བརྒྱབ་ནས་འདི་ཕྱི་གཉིས་ཀར་ལ་
    ཕན་ཅི་ལ་ཐོག་། ལམ་ལུགས་ངན་པ་ནད་དུག་ལྟར་དེ་ཚོ་ཕར་ཞོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme