Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་འདྲ་ཡིན་ས་ཨེ་རེད།

Posted on 2020-04-03 By ཁ་བརྡ 5 Comments on དེ་འདྲ་ཡིན་ས་ཨེ་རེད།

གསོ་ཆར།

དེང་རིམས་ནད་ལས་ཉེན་ཡོལ་ཆེད་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གནས་སྐབས་འཚོགས་ཐུབ་ཀྱི་མེད་ཀྱང་། སློབ་ཕྲུག་གི་ཤེས་ཡོན་ལ་འཐུས་ཤོར་མི་ཡོང་བའི་སླད་ལྷག་བསམ་ཅན་རེ་ཟུང་ནས། དྲྭ་ལམ་སློབ་ཁྲིད་ཀྱི་ཐབས་ལམ་སྤྱད་པ་སོགས་ལས་གཞི་སྣ་མང་ཞིག་སྤེལ་བཞིན་པ་ནི་བསྔགས་འོས་སུ་མཆིས། གུས་པས་ཀྱང་དྲྭ་ཐོག་སློབ་ཚན་དེ་དག་ལ་ཉན་ཙམ་བྱས་པས་གནས་ལུགས་གཉིས་རྟོགས་སོང་སྙམ།

དང་པོ། སློབ་ཕྲུག་ཚོས་བོད་ཡིག་སློབ་ཚན་སྦྱོང་བ་ལ་སྤྲོ་བ་ཞན་པའི་རྒྱུ་མཚན།

དགེ་རྒན་གྱིས་སློབ་འཁྲིད་སྐབས། སློབ་ཚན་འཁྲིད་བདེ་ལོད་བལྟ་བ་ལས་ཕྲུ་གུས་ཤེས་བདེ་ལོད་ལ་དོ་སྣང་མི་བྱེད་པ། ཕྲུ་གུའི་སེམས་ཁམས་ནི་རང་བཞིན་གྱིས་ཤེས་འདོད་ཆེན་པོ་ཡོད་པས་ཐོག་མ་ནས་སློབ་ཚན་འདི་ལ་དགའ་བ་དང་། དེ་ལ་མི་དགའ་བ་ལྟ་བུ་གཏན་ནས་མིན། དཔེར་ན། ལེགས་བཤད་ལྗོན་དབང་ལ་མཚོན་ན། དེའི་དགོས་པ་གཙོ་བོ་དེ་ཕྲད་དང་རྣམ་དབྱེ་ཡི་གོ་བ་མི་དམན་པ་ཤེས་པའི་ཆེད་ཡིན་ནའང་། སློབ་ཚན་ལ་འཇུག་སྐབས་ཐོག་མ་ཉིད་ནས། འཇམ་པའི་དབྱངས་ལ་གུས་བཏུད་ནས། ཞེས་པ་མཆོད་བརྗོད་ཡིན་ཚུལ་དང་། འཇམ་དབྱངས་ཤེས་རབ་ཀྱི་ལྷ་ཡིན་ཚུལ། ད་དུང་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་འདི་དང་འདི་ཞེས་དགོས་པ་གཞན་དང་། བསྟན་བཅོས་རྩོམ་རྩོམ་པ་པོའི་ཤེས་ཚད་ལ་དཔག་ནས་བྲིས་པ་གང་དེ་ཕྲུ་གུའི་བློ་ལ་མཚམས་པོ་ཡོད་ཤག་བྱས་ནས་མགོ་ན་བཅུག་གི་འདུག སྔོན་རྗེས་མིང་གསུམ་གྱི་གྲངས་འདྲེན་ཙམ་དང་། ཕྲད་རྣམ་དབྱེའི་སྒྲ་དོན་འཇུག་ཚུལ་སོགས་ཐད་དཀར་བསླབས་ན་ཤེས་བདེ་བ་དང་། བོད་ཡིག་འདི་མགོ་རྙོག་པ་ལ་ཨང་ཞེས་པའི་བློ་མི་སྐྱེས་པའི་དགོས་པ་ཡོད། གཞི་རིམ་དགེ་རྒན་ཚོས་སློབ་ཁྲིད་སྐབས་མཆོད་བརྗོད་དང་དགོས་སོགས་ཆོས་བཞི་ཟེར་བ་དེ་ཚོ་གནས་སྐབས་མ་བསླབས་ཕན་ཡོན་ཆེ་བར་མཐོང་།

གཉིས་པ། ཕ་མ་བོད་པ་ཡིན་པའི་བོད་ཕྲུག་ཞིག་བོད་པའི་སློབ་གྲྭར་འཚར་ལོང་བྱེད་པ་དང་། སློབ་ཚན་ཁག་བོད་སྐད་ཐོག་འཁྲིད་ཀྱང་། ད་དུང་བོད་སྐད་ཡག་པོ་མི་ཤེས་པའི་རྒྱུ་མཚན་གང་ཡིན་ནམ།

སྤྱིར་སྐད་ཡིག་ཟེར་བ་ནང་བསམ་བློ་མཚོན་བྱེད་ཀྱི་རི་མོ་ལྟ་བུ་ཞིག་རེད། རྒྱུན་དུ་རང་གི་དགའ་ཕྱོགས་གང་ཡིན་དང་། རང་གི་འཚོ་བ་ལ་ཁ་ཐག་ཉེ་བའི་བྱ་བྱེད་གང་ཡིན་པ་དག་ལ་བསམ་བློ་མང་བ་གཏོང་བ་དང་། དེ་དང་འབྲེལ་བའི་སྐད་ཆ་ཡང་མང་བ་བཤོད་ཀྱི་རེད། རྒྱུ་མཚན་དེའི་ཕྱིར། ནང་བསམ་བློའི་དགའ་ཕྱོགས་དང་། དེ་མཚོན་བྱེད་སྐད་ཆའི་དབར་ལ་བོད་སྐད་ཀྱི་ཐག་ཉེ་བོ་བཟོ་མ་ཐུབ་ན་མཚོན་བྱེད་སྐད་ཡིག་གཞན་ཡིག་བེད་སྤྱོད་བྱེད་ཡོང་བ་ཆོས་ཉིད་རེད།

ཉེ་འཆར་ལ་དྭགས་བོད་ཁྱིམ་གྱི་ཚན་རིག་དང་། ཨང་རྩི་སློབ་ཚན་ཁག་དྲ་ཐོག་ནས་སློབ་ཁྲིད་བྱེད་བཞིན་པ་མཐོང་། སྤྱིར་བཏང་དགེ་རྒན་གྱིས་བོད་སྐད་ཐོག་ཚན་རིག་བསླབ་བཞིན་འདུག་ཀྱང་། བྱ་ཚིག་ཕལ་ཆེར་ཨིན་སྐད་དང་མིང་ཚིག་ཕལ་ཆེར་ཨིན་སྐད་སྤྱད་ནས་བར་ལ་བོད་སྐད་ཀྱི་ཕྲད་ཁ་ཤས་བཅུག་ནས་བསླབ་བཞིན་འདུག དཔེ་མཚོན་ཙམ་དྲངས་ན། དེ་རིང་ང་ཚོ་ Chemistry སྦྱོང་གི་ཡིན། Chemistry ལབ་ན་ Element འདྲ་མི་འདྲ་ reaction གང་འདྲ་བྱེད་ཀྱི་ཡོད་མེད་སྐོར་རེད། ཟེར་བ་ལྟ་བུ། མིང་ཚིག་དང་བྱ་ཚིག་གི་སྤྱོ་སྒོ་ཉམས་ན་སྐད་ཡིག་ཉམས་པ་དང་ཧ་ལམ་ཁྱད་མེད་པ་དང་། དེ་ལས་ཀྱང་བྱ་ཚིག་གི་སྤྱོད་སྒོ་ཉམས་ན་ཉེས་ཚབ་ཆེ་བའི་དེ་ལུགས་འབད་འབུང་གནང་གལ།

གང་ལྟར་ང་ཚོའི་རྒྱུན་ལྡན་འཚོ་བའི་ནང་ཡང་ཡང་བེད་སྤྱོད་ཡོད་པའི་ཅ་དངོས་དང་དེ་འབྲེལ་གྱི་བྱ་བྱེད། ནང་གི་བསམ་བློ་ཡ་མ་ཟུང་ཚུན་ཆད་བོད་སྐད་གྱིས་ལེགས་པར་མཚོན་མ་ཐུབ་ན་ལྷའི་སྐད་ཡིན་ན་ཡང་ཉམས་རྒྱུ་ཡིན་པ་གདོན་མི་ཟ། ང་ཚོས་སྐད་ཡིག་མི་འདྲ་བ་གཉིས་ཀྱི་འཕེལ་རིམ་ལ་འཁྱུག་ཙམ་བལྟ། ལེགས་སྦྱར་གྱི་སྐད་ནི་གཙོ་བོ་བྲམ་ཟེའི་ཆོས་ལུགས་ཀྱི་སྐད་ཡིག་ལྟ་བུ་ཞིག་དང་། བརྡ་སྤྲོད་ཀྱི་ཁྲིམས་ཧ་ཅང་འཐུས་ཚང་ཡོད་ཀྱང་། ད་ཆ་ཤ་མ་གསོན་གྱི་གནས་སུ་གྱར་བཞིན་པ་འདི་བརྡ་སྤྲོད་ཀྱི་ཁྲིམས་ཀྱི་མ་འདང་བ་མ་ཡིན་པར་སྤྱོད་སྒོ་ཆུང་བས་ལན་པ་ཡིན། ཨིན་སྐད་འདི་གནའ་དུས་བེད་སྤྱོད་བྱེད་མཁན་ཉུང་ངུ་ལས་མེད་ཀྱང་། དེང་སང་འཛམ་གླིང་གི་སྐད་ཡིག་ལྟ་བུ་གྱུར་ཡོད། འདིའི་རྒྱུ་མཚན་གཙོ་བོ་ནི། ཁ་སྐད་ལས་རྒྱང་ཐང་རིང་བའི་བརྡ་སྤྲོད་ཀྱི་ཁྲིམས་ཀྱིས་ཚད་བཀག་མེད་པས་ཡིན། མཐའ་དོན། སྤྱོད་སྒོ་ཆུང་བའི་སྐད་ཡིག་ནི་བེད་སྤྱོད་བྱེད་མི་བདེ་བའི་ཅ་དངོས་ཤིག་དང་གཉིས་སུ་མེད་པས་རིང་མིན་ཀུན་གྱིས་འདོར་ངེས།

བསམ་ཚུལ།

Post navigation

Previous Post: བྱིས་པ་ཞིག་གི་རེ་སྨོན་དང་འབོད་སྐུལ།
Next Post: ཏོག་དབྱིབས་རིམས་ནད་དང་འདྲེ་བཤད་གླིང་།

Comments (5) on “དེ་འདྲ་ཡིན་ས་ཨེ་རེད།”

  1. ལྷག་པ་དོན་གྲུབ། says:
    2020-04-04 at 8:38 pm

    རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། ཡག་པོ་བྲིས་འདུག འོན་ཀྱང་། དགོངས་ཚུལ་ཚང་མར་ངོས་ལེན་ཞུ་ཐུབ་མ་སོང་། དམིགས་བསལ་ཨིན་སྐད་དར་ཁྱབ་ཆེན་པོ་བྱུང་བའི་རྒྱུ་མཚན་དེ་ལ་རྒྱབ་སྐྱོར་དེ་ཙམ་བྱེད་ཐུབ་མ་སོང་། ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཨིན་སྐད་དེ་ནི་སྐད་ཡིག་ཆེ་ཁག་མང་པོ་ཞིག་མཉམ་དུ་བསྡུས་ནས་བཟོ་དགོས་བྱུང་བའི་སྐད་ཡིག་ཡིན་པ་དང་། ཐོག་མའི་ཨིན་སྐད་ལ་ཉམས་རྒུད་ཤུགས་ཆེ་ཕྱིན་པ་ལོ་རྒྱུས་ནང་གསལ་པོ་ཡོད། དཔེར་ན། ད་ལྟའི་ཨིན་སྐད་ནང་ལན་ཌན་དང་། གྷི་རིག་སོགས་ནས་གཡར་པའི་ཚིག་མང་པོ་ཡོང་དོན་གང་ཡིན་ནམ། དེ་ལ་གཞིགས་ན་རང་རེ་བོད་ཀྱི་སྐད་ཡིག་ནང་ལ་དེ་ལྟ་བུ་རྒྱ་དཀར་ནག་གི་ཚིག་དང་ཐ་སྙད་གཡར་དགོས་བྱུང་བའི་གནས་སྟངས་ཡོད་དམ།

  2. ཀརྡོ་རབ་འབྱམས་པ་ says:
    2020-04-05 at 2:50 am

    བོད་སྐད་ནང་ལ་གཡར་ཚིག ཨ་རབ་ནས། ཨ་རག རྒྱ་ནག་ནས། པད་ཚལ། ཁོ་ཙེ། རྒྱ་གར་ནས། པདྨ་སོགས་ཡོད་རེད། ཁ་སྐད་ལ་སུམ་རྟགས་གསར་པའི་སྒྲིག་ལམ་ལ་ཞིག་བཟོ་མ་ཐུབ་ན། བོད་ཡིག་ཉམས་དཀའ་ཡང་། བོད་སྐད་ཉམས་རྒྱུ་ངེས་པ་རེད་དོ།།

  3. གསོ་ཆར། says:
    2020-04-07 at 1:39 pm

    ལྷག་པ་དོན་གྲུབ་ལགས་སུ་ཞུ་རྒྱུར། ཨིན་སྐད་དར་ཁྱབ་བྱུང་ཟེར་དུས་སྔར་གྱི་སྐད་དེ་འགྱུར་བ་མེད་པ་མེད་པ་དར་ཁྱབ་འགྲོ་གི་འདུག་ཟེར་གྱི་མེད། སྐད་ཡིག་གཞན་ལས་ཐ་སྙད་ནང་འདྲེན་བྱས་ཡོད་ཟེར་བ་བདེན་པ་རེད་ལ། གདོན་མའི་སྐད་ཡིག་ལ་ཉམས་རྒུད་ཟེར་ན་འདྲ་འགྱུར་བ་ཕྱིན་ཡོད་ཡོད་པ་བདེན་པ་རེད། འོན་ཀྱང་ད་སྐབས་སྤྱོད་བཞིན་པའི་ཨིན་སྐད་དེ་བེད་སྤྱོད་བྱེད་བདེ་ཤོས་དང་འབྲི་བདེ་ཤོས་ཀྱི་སྐད་ཡིག་ཅིག་ཏུ་གྱུར་པའི་རྒྱུ་མཚན་གང་རེད། མ་གཞི་ཨིན་ཇི་སྐད་ཡིག་ལ་འགྱུར་བ་འགྲོ་ཡོད་མེད་དེ་བརྩོད་གཞི་མ་རེད། བརྩོད་གཞི་གཙོ་བོ་དེ་ཨིན་སྐད་ནང་སྐད་ཡིག་གཞན་ནས་ཐ་སྙད་གཡར་བ་དང་། སྐད་ཡིག་ལ་འགྱུར་བ་འགྲོ་མུས་ཁར། ད་དུང་སྐད་ཡིག་འདི་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དེའི་རྒྱུ་མཚན་གང་རེད། སྐད་ཡིག་གང་ཞིག་གཏན་ནས་ཉམས་རྒྱུ་དང་འགྱུར་རྒྱུ་མེད་པ་དེ་སྐད་ཡིག་ཞིག་གི་ཁྱད་ཆོས་གཙོ་བོ་མ་རེད། འོ་ན། སྐད་ཡིག་ཞིག་གི་ཁྱད་ཆོས་གཙོ་བོ་གང་རེད་ཅེ་ན། ཕན་ཚུན་དབར་གོ་བརྡ་འཕྲོད་སླ་པོ། མཚོན་བྱེད་ཡི་གེའམ་རྗོད་བྱེད་དང་། མཚོན་བྱ་བརྗོད་དོན་དབར་ཧེ་བག་དེ་ཙམ་མེད་པར་། བརྗོད་བྱ་ལེགས་པ་མཚོན་ཐུབ་ན་ཡི་གེའི་གོ་དོན་རྫོགས་པ་མ་ཡིན་ནམ།
    དོན་གང་ཞིག་སྟོན་པར་བཞེད་ནས། ངག་ནས་ཚིག་ཅིག་ཐོན་པ་ན། ཚིག་དེས་དོན་གང་ཡིན་པ་དེ་་ཇི་ཙམ་ལས་སླ་པོ་མཚོན་ཐུབ་ན་དེ་ཙམ་གྱིས་བཟང་བ་མ་ཡིན་ནམ།

  4. གསོ་ཆར། says:
    2020-04-07 at 1:58 pm

    བོད་ཀྱི་སྐད་ཡིག་འདི་ཡང་མི་ཉམས་གོང་འཕེལ་དགོས་ན། མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཞིག་ལ་བརྟེན་དགོས། དེ་ཡང་། དཔེར་ན། དངོས་པོ་བྱེ་བྲག་པ་དང་། གང་ཟག་ག་གེ་མོའི་དངོས་མིང་ཚུན་ཆད་བསྒྱུར་དགོས་པའི་མཐའ་གཅིག་དང། བྱ་ཚིག་ཚུན་ཆད་གཞན་ནས་གཡར་ཏེ་བྱ་བའི་མཐར་ ཅེས་ཁོ་ན་སྦྱར་ནས་འཐུས་པ་ལྟར་བུ། དཔེར་ན། ཁོང་གིས་ Exercise བྱེད་ཀྱི་འདུག་ཟེར་བ་ལྟ་བུ་སོགས་མཐའ་དེ་གཉིས་དང་བྲལ་བའི་དབུས་ན་གནས་ན། མིང་ཚིག་གཡར་བ་ཙེ་སྐད་ཡིག་ཉམས་པའི་རྒྱུ་རུ་མི་འགྲོ་བ་བར་སྐད་ཡིག་ཕྱུག་ཏུ་འགྲོ་བའི་རྒྱུ་རུ་འགྲོ་ངེས། གཞན་ང་ཚོས་སྐད་ཆའི་ནང་སྐད་ཡིག་གཞན་གྱི་ཐ་སྙད་རྡོག་པོ་གཅིག་བེད་སྤྱོད་མ་བྱེད་ནའང་སྐད་ཡིག་མི་ཉམས་པའི་ཁག་ཐེག་བྱེད་ག་ལ་ཐུབ། བརྡ་རྙིང་ཚིག་མཛོད་ཟེར་བ་ཞིག་དགོས་པ་གང་འདྲ་ཆག་པ་རེད། གནའ་རྩོམ་དང་ད་རྩོམ་དབད་ལ་དུས་ཀྱི་ཁྱད་པར་གི་དབང་གིས་རྩོམ་གཤིས་ལ་མི་འདྲ་བའི་ཁྱད་པར་ཡོད་པ་མངོན་སུམ་རེད། མ་ཚད་ཞིབ་མོར་དཔྱད་ན་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་མི་འདྲ་བ་གཉིས་ཀྱིས་ཉིན་ཐོ་ཞིག་བྲིས་པའི་དབང་དུ་བཏང་རུང་། བཟང་ངན་གྱི་སྐད་ཆ་མ་བཤད་ནའང་། རྩོམ་གཤིས་དང་བྲིས་ལུགས་ལ་ཁྱད་པར་ཡོད་བདེན་པ་རེད་བ། བྱས་ཙང་། དུས་སྔ་ཕྱི་ལ་སྐད་གཤིས་ལ་ཕྲན་བུ་འགྱུར་བ་འགྲོ་ནའང་། བོད་སྐད་ཟེར་བའི་མ་རྩ་འདི་གནས་ཐུབ་དགོས་པ་གལ་ཆེ་ཤོས་ནང་གི་ཆེ་ཤོས་མ་ཡིན། འདུ་བྱས་ཐམས་ཅད་མི་རྟག་པར་གསུངས་ཙང་། འགྱུར་ཡ་མེད་པའི་བོད་སྐད་ཅིག་འོང་མི་སྲིད་པས་འགྱུར་བ་དེ་ཉམས་པའི་རྒྱུ་རུ་མི་འགྲོ་བར་འཕེལ་བའི་རྒྱུ་རུ་འགྲོ་ཐུབ་དགོས་པ་དེ་གནད་ཀྱི་དོན་པོར་སེམས་སོ།

  5. ཀརྡོ་རབ་འབྱམས་པ་ says:
    2020-04-08 at 5:09 pm

    ་་་་་་་་་་་་་་ དུས་སྔ་ཕྱི་ལ་སྐད་གཤིས་ལ་ཕྲན་བུ་འགྱུར་བ་འགྲོ་ནའང་། བོད་སྐད་ཟེར་བའི་མ་རྩ་འདི་གནས་ཐུབ་དགོས་པ་གལ་ཆེ་ཤོས་ནང་གི་ཆེ་ཤོས་མ་ཡིན། འདུ་བྱས་ཐམས་ཅད་མི་རྟག་པར་གསུངས་ཙང་། འགྱུར་ཡ་མེད་པའི་བོད་སྐད་ཅིག་འོང་མི་སྲིད་པས་འགྱུར་བ་དེ་ཉམས་པའི་རྒྱུ་རུ་མི་འགྲོ་བར་འཕེལ་བའི་རྒྱུ་རུ་འགྲོ་ཐུབ་དགོས་པ་དེ་གནད་ཀྱི་དོན་པོར་སེམས་སོ། ་་་་་་་་་་་
    ་
    འདི་ལ་རྒྱབ་སྐྱོར་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme