Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ནད་ཡམས་དང་ཨ་རི་གཞུང་དམངས་གཉིས་ཀྱི་ཐེམ་སྤང་ལས་འགུལ།

Posted on 2020-03-312020-04-02 By འཚོ་བྱེད་བུ 4 Comments on ཏོག་དབྱིབས་ནད་ཡམས་དང་ཨ་རི་གཞུང་དམངས་གཉིས་ཀྱི་ཐེམ་སྤང་ལས་འགུལ།

སྨན་རམས་པ་གཡང་འབུམ་རྒྱལ།

ཏོག་དབྱིབས་ནད་ཡམས་ཆེས་ཆེར་བདོ་བའི་དུས་འདིར། འཛམ་གླིང་ཡུལ་གྲུ་ཀུན་གྱི་གཞུང་དམངས་གཉིས་ཀྱིས་ཐེམ་སྤང་ Stay at home  དང་སྤྱི་ཚོགས་རྒྱང་བཀྱེད་ Social distancing ལག་བསྟར་བྱས་ཏེ་ནད་ཡམས་ཀྱི་འཇིགས་པ་ལས་ཐར་ཐུབ་ཀྱི་འབད་བརྩོན་བྱེད་བཞིན་ཡོད། ཨ་རི་དབུས་གཞུང་དང་མངའ་སྡེ་སྲིད་གཞུང་ཁག་གིས་ནད་ཡམས་སྔོན་འགོག་དང་ཁྱབ་བརྡལ་ཇེ་ཆེར་མི་འགྲོ་བའི་ཆེད་དུ་ནང་ཁྱིམ་དུ་བདེ་འཇགས་ཆེ་བ་ Safer at home དང་། ནང་ཁྱིམ་དུ་སྡོད་ཅིག་ stay at home ། རང་གནས་སུ་སྐྱབས་འཚོལ་ shelter in place ཞེས་པའི་བཀའ་རྒྱ་མི་འདྲ་བ་གསུམ་ཕེབས་དང་ཕེབས་མུས་ཡིན། སྔ་མའི་བཀའ་རྒྱ་གཉིས་འདྲ་མཚུངས་ཡིན་ནའང་ལག་ལེན་བྱེད་སྟངས་དེ་ས་གནས་ཀྱི་ཁྱད་པར་ལ་རག་ལས་ཡོད།  ནང་ཁྱིམ་དུ་བདེ་འཇགས་ཆེ་བ་ Safer at home ཟེར་བ་མི་དམངས་ཀྱིས་ནང་ཁྱིམ་དུ་སྡོད་རྒྱུར་འབད་བརྩོན་བྱས་ནས་ཏོག་དབྱིབས་ནད་འབུ་འགོས་ཁྱབ་མི་འགྲོ་བར་ཐབས་ཤེས་རྩལ་སྤྲུགས་བྱེད་པར་གོ་དགོས། ཡིན་ནའང་གལ་འགངས་ཆེན་པོ་མ་ཡིན་པའི་ཚོང་ལས་ཁག་གིས་རང་ངོས་ནས་སོ་སོའི་ས་ཁང་དུ་མི་དང་མིའི་བར་དུ་བར་ཐག་འཇོག་ཐུབ་པ་བྱས་ནས་སྤྱི་ཚོགས་རྒྱང་བཀྱེད་ཉམས་ལེན་བྱེད་ཐུབ་ཚེ་སྒོ་ཕྱེ་རུ་འཇུག་གི་ཡོད། ནང་ཁྱིམ་དུ་སྡོད་ཅིག་  Stay at home ཅེས་པ་ནི་གོང་གི་དེ་ལས་དམ་བསྒྲགས་ཅུང་ཆེ་བ་ཡོད། ས་གནས་རེ་རེར་བྱེད་ཐབས་མི་འདྲ་བ་རེ་ཡོད་ནའང་གཙོ་བོ་གལ་འགངས་ཆེ་བའི་ལས་དོན་དེ་སྨན་པར་བསྟེན་གཏུག་དང་། བཟའ་ཆས་ཉོ་ཆ། མེད་དུ་མི་རུང་བའི་ལས་བྱེད་རྣམས་ལས་ཀར་འགྲོ་བ་བཅས་བསྒྲུབ་ཆོག་གི་ཡོད། དེ་མ་ཟད་མངའ་སྡེ་མང་ཆེ་བས་མི་དང་རྒྱང་བཀྱེད་བྱེད་ཚེ་ཕྱི་རོལ་དུ་ལུས་རྩེད་རྩེ་བར་འགྲོ་རུ་འཇུག་གི་ཡོད།

ནང་ཁྱིམ་དུ་བདེ་འཇགས་ཆེ་བ་ Safer at home དང་ནང་ཁྱིམ་དུ་སྡོད་ཅིག་ stay at home ཅེས་པའི་བཀའ་རྒྱ་གཉིས་ལ་འདྲ་བའི་ཆ་ཡོད་ནའང་། རང་གནས་སུ་སྐྱབས་འཚོལ་ shelter in place ཞེས་པའི་བཀའ་རྒྱ་འདི་སྔ་མ་དེ་གཉིས་ལས་དམ་བསྒྲགས་ཆེ་བ་ཡོད། ཨ་རི་ནད་རིགས་འགོག་སྲུང་ལྟེ་གནས་ CDC ཀྱི་ལམ་སྟོན་ལྟར་ན། རང་གནས་སུ་སྐྱབས་འཚོལ་ཞེས་པའི་བཀའ་རྒྱའི་ནང་དོན་ནི་ཁང་པ་དང་། ཁང་མིག སྣུམ་འཁོར་ནང་དུ་ཡོད་སྐབས་བཀོད་ཁྱབ་མ་སླེབས་བར་དུ་ཕྱི་ལ་མི་ཐོན་པར་སྡོད་དགོས་པ་མཚོན་གྱི་ཡོད།

ཨ་རིའི་ཡུལ་གྲུ་གང་སར་རང་རིགས་བོད་མི་གནས་སྡོད་བྱེད་ཀྱི་ཡོད་པར་བརྟེན། ནད་ཡམས་ཀྱི་གཙེས་པའི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རང་གཞན་གཉིས་ཀ་ནད་ཀྱི་འཇིགས་པ་ནས་སྲུང་སྐྱོབ་བྱ་ཆེད། འདི་རུ་ཐེམ་སྤང་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ནང་དོན་དང་ཉམས་ལེན་བྱེད་སྟངས་གོ་བདེར་བཏང་སྟེ་གསལ་བཤད་རེ་ཞུ་རྒྱུ་ཡིན།

ཐེམ་སྤང་ Stay at home  གི་ནང་དོན་ནི།

༡། ཁྱེད་རང་ངེས་པར་དུ་ནང་ཁྱིམ་དུ་སྡོད་དགོས།

༢། སོ་སོའི་སྡོད་ཁང་ནས་ཕྱི་ལ་མི་འགྲོ་བ། (ཁྱེད་རང་གཏན་སྡོད་བྱེད་ས་ནས)

༣། ཁྱེད་ཀྱིས་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་ཉམས་ལེན་བྱེད་དགོས།

ཐེམ་སྤང་སྐབས་སུ་ཁྱེད་རང་སོ་སོའི་ནང་ཁྱིམ་ནས་གཤམ་འཁོད་གལ་འགངས་ཆེ་བའི་ལས་དོན་ཆེད་ཕྱི་ལ་འགྲོ་ཆོག 

༡། བཟའ་ཆས་ཚོང་ཁང་།

༢། གསོལ་སྨན་ཚོང་ཁང་།

༣། བརྟག་དཔྱད་སྨན་ཁང་ clinic (ནད་སྟོན་དུས་ཚོད་བཟོ་བའམ་མྱུར་སྟོན་ལྟ་རྟོག་སྨན་ཁང་ urgent care དུ་འགྲོ་དགོས་ཚེ། ཐོག་མར་བརྟག་དཔྱད་སྨན་ཁང་ལ་ཁ་པར་གཏོང་རྒྱུ)

༤། ནད་གསོ་སྨན་ཁང་ hospital (ནད་སྟོན་དུས་ཚོད་བཟོ་བའམ་ཛ་དྲག་མྱུར་སྐྱོབ་སྡེ་ཚན་ emergency room དུ་འགྲོ་དགོས་ཚེ། ཐོག་མར་ཁ་པར་གཏོང་རྒྱུ)

༥། ཟ་ཁང་ (སྣུམ་འཁོར་བསྐོར་ནས་ཟ་མ་ལེན་པའམ་ཕྱི་ལ་འཁྱེར་བ་ཁོ་ན)

༦། སྣུམ་འཁོར་བསྐོར་ནས་དངུལ་ཁང་ལས་དོན་བསྒྲུབ་པ།

༧། སློབ་གྲྭ (རིན་མེད་ཟ་མའམ་སློབ་སྦྱོང་མཁོ་ཆས་ཆེད་དུ་འགྲོ་བ)

༨། ཡོ་བྱད་ལྕགས་ཆས་ཚོང་ཁང་།

༩། མོ་ཊེལ་འགྲུལ་ཁང་ motel ། མགྲོན་ཁང་། སྐྱབས་བཅོལ་སྡོད་གནས་ shelter (གལ་ཏེ་ཁྱེད་ཀྱི་ནང་ཁྱིམ་དུ་ཉེན་ཁ་ཡོད་ཚེ)

༡༠། ཕྱི་ནས་ལུས་རྩལ་རྩེ་བ་སྟེ་གོམ་བགྲོད། རྒྱུག་པ། རྐང་འཁོར་ཞོན་པ། ཐག་རིང་གོམ་བགྲོད།(སྤྱི་ཚོགས་རྒྱང་བཀྱེད་ཉམས་ལེན་བྱ་རྒྱུ)

༡༡། རོགས་སྐྱོར་དགོས་པའི་ནང་མིའམ་གྲོགས་པོར་ལྟ་སྐྱོང་བྱ་རྒྱུ།

༡༢། རོགས་སྐྱོར་དགོས་པའི་ནང་མིའམ་གྲོགས་པོར་ཟ་མའམ་མཁོ་ཆས་སྐྱེལ་བ།

༡༣། ཁྱེད་ཀྱི་ཕྲུ་གུའི་ཆེད་དུ་ཁྲིམས་ཁང་མོས་མཐུན་ལྟར་གསོ་སྐྱོང་བདག་ཉར་དང་ཡར་ལེན་མར་ལེན་དུས་ཚོད་བཟོ་དགོས་པ།

༡༤། གལ་ཏེ་ཁྱེད་རང་གལ་འགངས་ཆེ་བའི་ལས་ཁུངས་ཤིག་གི་ལས་བྱེད་ཅིག་ཡིན་ཚེ། ཁྱེད་རང་ལས་ཀ་དང་ཕྲུ་གུ་ལྟ་སྐྱོང་བྱེད་དུ་འགྲོ་ཆོག

ཐེམ་སྤང་སྐབས་སུ་ཁྱེད་རང་སོ་སོའི་ནང་ཁྱིམ་ནས་ཕྱི་ལ་འགྲོ་བར་དམིགས་བསལ་ཆོག་མཆན་ནམ་ཡིག་ཆ་དགོས་སམ།

མི་དགོས། སོ་སོའི་ནང་ཁྱིམ་ནས་གོང་གསལ་གལ་འགངས་ཆེ་བའི་ལས་དོན་ཁག་གི་ཆེད་དུ་ཕྱི་ལ་འགྲོ་བར་དམིགས་བསལ་ཆོག་མཆན་ནམ་ཡིག་ཆ་མི་དགོས།

གལ་འགངས་ཆེ་བའི་ལས་དོན་མ་ཡིན་པ་གང་དག་ཡིན་པ་དང་། ཁྱེད་ཀྱི་བྱེད་མི་ཆོག་པ་དང་འགྲོ་མི་ཆོག་པ་ནི།

༡། རྩེད་ཐང་།

༢། བྱིས་པ་གཞན་པའི་མཉམ་དུ་རྩེད་མོའི་དུས་ཚོད་བཟོ་བ།

༣། ཁྱེད་དང་མཉམ་སྡོད་བྱེད་ཀྱི་མེད་པའི་གྲོགས་པོ་གྲོགས་མོའམ་ནང་མིར་ཐུག་འཕྲད།

༤། མི་མང་མཉམ་ཞུགས་འགྲན་རྩོད་རྩེད་རིགས།(ལག་རྩེད་སྤོ་ལོ། འཕུར་རྦིས་ Frisbee རྐང་རྩེད་སྤོ་ལོ། ཨ་རིའི་རྐང་སྤོལ་སོགས)

༥། གསོལ་སྟོན་སྤྲོ་ཚོགས། (མི་མང་ཉུང་ཇི་འདྲ་ཞིག་ཡིན་རུང་)

༦། སྤྲོ་གསེང་བྱེད་སྒོ (སྤྱན་གཟིགས་ཁང་། ཆུ་རྐྱལ་ཁང་། གློག་བརྙན་ཁང་སོགས)

༧། རྩལ་སྦྱང་ཁང་ gyms ངམ་ལུས་སེམས་གསོ་སྦྱོང་ཁང་ Fitness centers

༨། ས་ལོན་མཛེས་བཟོ་ཁང་ salons (སྐྲ་དང་། སེན་མོ། སྤུ་བཀོག ཤ་མདོག་སྨུག་བཟོ)

༩། སྐྲ་བཞར་ཁང་།

༡༠། ཤ་པགས་ཁབ་གཙག་ཁང་།

ཐེམ་སྤང་སྐབས་སུ་ཁྱེད་ལ་ནང་ཁྱིམ་མེད་ཚེ་ཅི་ཞིག་བྱེད་དགོས་སམ།

༡། སྡོད་སའི་ནང་ཁྱིམ་མེད་ཚེ་རྙོག་དྲར་འཕྲད་མི་སྲིད།

༢། ཁྱེད་རང་རྒྱུན་འདུག་བྱེད་སའི་སྐྱབས་བཅོལ་སྡོད་གནས་ཤིག་འཚོལ་དགོས།

ཐེམ་སྤང་སྐབས་སུ་ཁྱེད་ཀྱི་ནང་ཁྱིམ་དུ་བདེ་འཇགས་མེད་ཚེ་ཅི་ཞིག་བྱེད་དགོས་སམ།

༡། ནང་ཁྱིམ་དུ་བདེ་འཇགས་མེད་ཚེ། ཕྱི་ལ་འགྲོ་རྒྱུ།

༢། བདེ་འཇགས་ཅན་གྱི་ས་ཆར་འདུག་རྒྱུ (མགྲོན་ཁང་། མོ་ཊེལ་འགྲུལ་ཁང་ motel །  སྐྱབས་བཅོལ་སྡོད་གནས་ shelter ། གྲོགས་པོའམ་ཁྱིམ་ཚང་གཞན་གྱི་ཁང་པ)

སྤྱི་ཚོགས་རྒྱང་བཀྱེད་ Social distancing ཀྱི་ནང་དོན་ནི།

ཁྱེད་དང་མཉམ་འདུག་མཉམ་སྡོད་བྱེད་ཀྱི་མེད་པའི་མིའི་བར་དུ་གཤམ་གསལ་གནས་ཡུལ་གང་རུང་དུ་ངེས་པར་དུ་ཁྲུ་ ༦ གིས་རྒྱང་བཀྱེད་ནས་སྡོད་དགོས།

༡། ཁང་པའི་ཕྱི་རོལ་དུ།

༢། འགྲུལ་སྐྱེལ་སྦ་སི་ནང་དུ།

༣། ཁང་པ་གང་རུང་གི་ནང་དུ (བཟའ་ཆས་ཚོང་ཁང་། བརྟག་དཔྱད་སྨན་ཁང་ clinic ། གསོལ་སྨན་ཚོང་ཁང་)

༤། ཁྱིམ་མཚེས་སམ་གླ་གཏོང་སྡོད་ཁང་ནང་དུ་བྱིས་པ་ཕན་ཚུན་བར་ངེས་པར་དུ་ཁྲུ་ ༦ གིས་རྒྱང་བཀྱེད་ནས་སྡོད་དགོས།

༥། ཁྱེད་དང་མཉམ་འདུག་མཉམ་སྡོད་བྱེད་ཀྱི་མེད་པའི་མི་ཚོ་དང་ལག་འཇུའམ་འཐམ་འཁྱུད་མི་བྱེད་པ།

 ཐེམ་སྤང་སྐབས་སུ་ཁྱེད་རང་སྒེར་གྱི་ཁེ་གཉེར་ཚོང་ལས་ལ་ཅི་ཞིག་བྱེད་དམ།

གལ་ཆེན་མ་ཡིན་པའི་གཤམ་འཁོད་ཚོང་ལས་རྣམས་སྒོ་རྒྱག་དགོས་ཀྱི་ཡོད། དཔེར་ན།

༡། ཡུལ་ལྗོངས་མཛེས་བཟོ། landscaping

༢།  མི་སྒེར་ལྟ་རྟོག (སྐྲ་དང་། སེན་མོ། སྤུ་བཀོག ཤ་མདོག་སྨུག་བཟོ)

༣། སྤྲོ་གསེང་བྱེད་སྒོའམ་གསོལ་སྟོན་སྤྲོ་ཚོགས།

༤། རྩལ་སྦྱང་ཁང་ gyms 

༥། ལུས་སེམས་བདེ་གསོ་ཁང་ fitness classes

༦། མིའི་གཅེས་ཉར་སྲོག་ཆགས་ལྟ་སྐྱོང་། pet grooming

༧། ཟ་ཁང་རང་དུ་ཟ་མ་བཟའ་བ (སྣུམ་འཁོར་བསྐོར་ནས་ལེན་པའམ་ཕྱི་ལ་འཁྱེར་བ་ཁོ་ན)

༨། འདུག་གནས་སྡོད་ཁང་གཙང་བཟོའི་ཞབས་ཞུ།

ཁྱེད་ཀྱིས་བཀའ་རྒྱ་འདི་དག་བརྩི་སྲུང་མ་བྱས་ཚེ་ཅི་ཞིག་འབྱུང་ངམ།

༡། ཆད་པ་སྒོར་ ༢༥༠ བར་སྤྲོད་དགོས།

༢། བཙོན་ཁང་དུ་ཉིན་ ༣༠ བར་སྡོད་དགོས།

 

གསོ་རིག, འཕྲོད་བསྟེན།

Post navigation

Previous Post: འགྲོ་བ་མིའི་བྱུང་རབས་སྙིང་བསྡུས།
Next Post: ང་དང་ཆུང་འདྲིས་བྱམས་པ།

Comments (4) on “ཏོག་དབྱིབས་ནད་ཡམས་དང་ཨ་རི་གཞུང་དམངས་གཉིས་ཀྱི་ཐེམ་སྤང་ལས་འགུལ།”

  1. ཉི་མ་རང་གྲོལ། says:
    2020-04-01 at 2:54 am

    སྨན་པ་ལགས། ངོ་སྤྲོད་གསལ་བཤད་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ།

  2. ཀརྡོ་རབ་འབྱམས་པ་ says:
    2020-04-01 at 8:53 am

    བོད་ཀྱི་གསོ་བ་རིག་པའི་སྒོ་ནས་མི་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་སྐོར་སློབ་གསོ་ལམ་སྟོན།
    https://www.facebook.com/watch/?v=1615249361985814

  3. འབྲོང་གི་བུ་བརྒྱུང། says:
    2020-04-01 at 9:27 pm

    ཡག་པོ་འདུག

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-04-03 at 2:42 pm

    ནད་ཡམས་སྔོན་འགོག་གི་ལམ་སྟོན་ཡག་པོ་གནང་འདུག་བཀྲིན་ཆེ་ནད་མིང་རྟགས་ནས་སྨན་བཟོ་མི་ཐུབ་པ་དེ་ཚན་རིག་དང་སྨན་པས་ཞན་ཆ་ལ་ངོས་འཛིན་བྱས་ན་མ་འགྲིག་པ་ཨ་ཡོད་ན་ཧཧཧ།
    ནད་ཡམས་འཇའ་ལྟར་ཡལ་བའི་ཆེད་མཧ་མགུ་རུའི་གཟུངས་སྔགས་དང་ཡིག་དྲུག་སྒྲོལ་མའི་གཟུངས་སྔགས་ལོ་མ་གྱོན་མའི་གཟུངས་སྔགས་སྟོན་པའི་མཚན་སྔགས་སྨན་གཟུངས་སོགས་གྲངས་བསོག་གནང་རྒྱུ་དང་ཆུ་ཁོལ་མ་དང་ཇ་ཐང་སོགས་ཁ་དང་བྲལ་མི་ཉན་པ་བཅས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme