Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་རྒྱ་ནག་གི་བཙོན་པ་ཡིན།

Posted on 2020-03-23 By ཁ་བརྡ 4 Comments on འཛམ་གླིང་རྒྱ་ནག་གི་བཙོན་པ་ཡིན།

ནམ་མཁའ།

དུས་རབས་ཉེར་གཅིག་གི་ལོ་རབས་ཉི་ཤུ་སྟེ༢༠༢༠/༡/༢༣ ནས་བཟུང་རྒྱ་ནག་གི་ཝུའུ་ཧན་ཟེར་བའི་གྲོང་ཁྱེར་དེའི་ནང་དུ།མིང་ལ་ཏོག་དབྱིབས་ཟེར་བའི་ནད་ཡམས་ཞིག covid_19བྱུང་སྟེ། རྒྱ་ནག་སྲིད་གཞུང་གིས་བཤད་པ་ལྟར་ན། ཝུའུ་ཧན་གྲོང་ཁྱེར་གྱི་ཆུང་བྱིས་པ་ནས་རྒན་གཞོན་བར་གསུམ་སྟོང་ཕྲག་གསུམ་ལྷག་གི་ཚེ་སྲོག་ཤོར་ཚུལ་བཤད། དེ་ལྟ་ན་ཡང་། འཛམ་གླིང་གསར་འགྱུར་བརྒྱུད་ལམ་ཁག་ནས་དེ་ལས་མང་བར་ཤི་བར་དོག་པ་བྱེད་བཞིན་འདུག་མོད། འོན་ཀྱང་གྲངས་ཀ་དངོས་གནས་ཞིག་ཤེས་ཐུབ་མེད། གང་ལྟར་ཡང་། རྒྱ་ནག་སྲིད་གཞུང་གིས་ནད་ཡམས་དེ་འདྲ་ཞིག་བྱུང་ཡོད་པ་༢༠༡༩ལོའི་ལོ་མཇུག་ཏུ་ཤེས་ཡོད་ཀྱང་། རྒྱ་ནག་གི་ལོ་གསར་ཐོན་ལ་ཉེ་སྟབས། རྒྱ་ནག་མི་དམངས་དང་འཛམ་གླིང་ལ་གསང་རྒྱ་བྱས་ཚུལ་བཤད་པ་མ་ཟད། ༢༠༡༩ལོའི་སྤྱི་ཟླ༡༢ཚེས༣༠ཉིན་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་པ་ལིའི་བིན་ལིན༼李文亮༽གྱིས་ཁོའི་གྲོགས་པོ་འགའ་ལ་༢༠༠༣ལོའི་ན་ཚ་སར་སི་འདྲ་བའི་ནད་པ་བདུན་ཁོ་རང་མདུན་ཡོད་ཚུལ་དྲ་ལམ་བརྒྱུད་ནས་བཤད་དུས། རྒྱ་ནག་གི་ས་གནས་སྲིད་གཞུང་གི་ཉེན་རྟོག་པས། སྨན་པ་ལིའི་ལགས་ལ་དཀྲོགས་གཏམ་སྤེལ་ཚུལ་གྱི་ནག་ཉེས་བཙུགས་ཏེ། ཁོས་གྲོགས་པོ་ཚོར་བཤད་པའི་གནས་ཚུལ་དེ་དངོས་ཡོད་མིན་ཚུལ་བསྐྱར་དུ་དྲ་ལམ་དུ་སྤེལ་དུ་བཅུགས།

ཡིན་ན་ཡང་།རྒྱ་ནག་ནད་ཡམས་ཀྱི་དངོས་ཡོད་གནས་ཚུལ་འགོག་ཐབས་མེད་པར་གྱུར་དུས། ཉིན་ཉི་ཤུ་རྗེས་ཀྱི༢༠༢༠ཟླ་༡ཚེས༢༣ཉིན་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་དགོས་བྱུང་བ་མ་ཟད། ཝུའུ་ཧན་གྲོང་ཁྱེར་གྱི་མི་རྣམས་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བྱེད་དགོས་བྱུང་བ་རེད། འདིར་ཚང་མས་དོ་སྣང་དང་ཤེས་དགོས་པ་ཞིག་ལ། རྒྱ་ནག་སྲིད་གཞུང་གིས་མི་དམངས་ཀྱི་བདེ་འཇགས་ལས་སྲིད་གཞུང་གི་བདེ་འཇགས་གཙོ་བོ་འཛིན་པ་དེ་རེད། ལྷག་པར་དུ་ཡང་། ཞིའི་ཅིན་ཕེན་སྲིད་འཛིན་ལ་བསྡད་པ་ནས་བཟུང་། རྒྱ་ནག་མི་དམངས་ཀྱི་རང་དབང་༡༩༨༠ནང་གི་ཏིན་ཞོ་ཕེན་སྐབས་ཀྱི་སྲིད་ཇུས་ལས་སྡུག་ཏུ་ཕྱིན་ཏེ། མའོ་ཙེ་ཏུང་གི་ལམ་ཁ་ལ་ཕྱིར་ལོག་གོམས་པ་སྤོ་བཞིན་ཡོད་སྟབས། རྒྱ་ནག་མི་དམངས་ལ་དཀའ་སྡུག་ཅི་ཞིག་བྱུང་ན་ཡང་། དངོས་ཡོད་གནས་ཚུལ་བཤད་ས་མེད་པར་གྱུར་ཏེ། ས་གནས་སྲིད་གཞུང་གི་དམར་ཤོག་འགོ་ཁྲིད་ཚོས་ག་རེ་བཤད་པ་ཁྲིམས་ལུགས་སུ་གྱུར་ཡོད་པ་ལས། ཤོག་ངོས་སུ་བཀོད་ཡོད་པའི་རྒྱ་ནག་གི་རྩ་ཁྲིམས་ལ་ནུས་མེད་དུ་གྱུར་ཡོད་པ་རེད།

གང་ལྟར་ཡང་། རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་མི་ས་ཡ་ལྔ་ཙམ་ཞིག་ཝུའུ་ཧན་ལ་བཀག་སྡོམ་ཆེས་མ་བྱས་བའི་ཡར་སྔོན། རྒྱ་ནག་ནང་ཁུལ་གྱི་ས་གནས་གཞན་དང་ཕྱིའི་རྒྱལ་ཁབ་ཨ་རི་དང་ཡོ་རུབ་སོགས་ལ་ནང་མི་ཐུགས་འཕྲད་དང་ལོ་གསར་གཏོང་བར་ཕྱིན་ཚུལ། རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་འགོ་གཙོས་བཤད་པའི་བརྙན་ཐུང་ཞིག་ཐེ་ཝན་གྱི་གསར་ཁང་唐NTDབསྟན་སོང་། རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་འགོ་གཙོས་བཤད་པ་ལྟར། འདིར་དཔེ་མཚོན་སྟབས་བདེ་ཞིག་དྲངས་ཏེ་བཤད་ན། རྒྱ་ནག་གི་ནད་ཡམས་ཕོག་ཟིན་པའི་ཝུའུ་ཧན་གྱི་རྒྱ་རིགས་རྒད་པོ་ལོ་༨༠ཅན་ཞིག་ཧྥུ་རན་སི་ལ་སྤྲོ་འཆམ་དུ་ཡོང་སྟེ། མཐར་ཧྥུ་རན་སིའི་སྨན་ཁང་ནས་ཚེ་ལས་འདས་པ་རེད། རྒྱ་རིགས་རྒད་པོ་འདི་ནི་ཧྥུ་རན་སིའི་ཏོག་དབྱིབས་ནད་དུག་ཡོད་པའི་མི་ངོས་འཛིན་ཐོག་མ་དེ་ཡིན་པ་མ་ཟད། ཧྥུ་རན་སིའི་ས་གཞན་ཞིག་ཏུ་གནས་སྡོད་བྱེད་པའི་རྒྱ་ནག་ཝུའུ་ཧན་ནས་ཡིན་པའི་མི་ཚང་ཞིག་གི་བུ་མོ་ལོ་ཆུང་ཞིག་ཝུའུ་ཧན་ལ་སོང་སྟེ། ཕྱིར་ཧྥུ་རན་སིར་ཡོང་ནས་ཉིན་འགའི་རྗེས་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་ཤེས་སྟེ་སྨན་ཁང་དུ་བསྐྱལ་བའི་གནས་ཚུལ་བྱུང་ཡོད།

འདི་ནི་གཉིས་ནི་ཧྥུ་རན་སིའི་ཏོག་དབྱིབས་ནད་དུག་ཕོག་པའི་ཐོག་མའི་མི་དེ་གཉིས་རེད། ང་ཚོའི་སེམས་ཀྱི་དྲི་བ་ཞིག་ལ། འདི་འདྲའི་རྒྱ་རིགས་རྒྱ་ནག་གི་ནད་ཡམས་ཕོག་ཟིན་པའི་མི་ག་ཚོད་ཞིག་གིས་རྒྱ་ནག་གི་ནད་འབུའི་མཚོན་ཆ་ཁྱེར་སྟེ། འཛམ་གླིང་སྟེང་འགྲུལ་བཞུད་བྱས་ཡོད་དམ། རྒྱ་ནག་གི་ནད་འབུའི་མཚོན་ཆ་རང་གི་ལུས་སྟེང་ལ་སྦས་བའི་མི་དེ་ཚོས་མི་ག་ཚོད་ཞིག་ལ་ནད་འབུའི་མཚོན་ཆ་འཕངས་ཡོད་དམ། འདི་དག་ཚང་མ་ནི། ཁ་སང་དེ་རིང་འཛམ་གླིང་ཡོངས་ཀྱི་མི་རིགས་ཚོའི་སེམས་ཀྱི་ལན་འདེབས་དཀའ་བའི་དྲི་བ་རེད།

ཡིན་ན་ཡང་། དང་པོ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་འཇར་པན་དང་ལྷོ་ཀོ་རེ་ཡ་སོགས་ལ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དུ་འགྲོ་དུས། ཨ་རི་དང་ཡོ་རུབ་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གཉིད་ལས་སད་ཐུབ་མེད་སྟབས། འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བྱས་མེད། དེ་ལྟ་ན་ཡང་། སྤྱི་ཟླ་གཉིས་བའི་ནང་ཨེ་ཊ་ལེ་ལ་རྒྱ་ནག་གི་ནད་ཡམས་ཁྱབ་བརྡལ་དུ་ཕྱིན་དུས། རྗེས་ནས་ཡོ་རུབ་རྒྱལ་ཁབ་སོགས་ཀྱིས་ས་མཚམས་འགོག་དགོས་མིན་གླེང་ཞིང་། ཁ་ཤས་ཀྱིས་ཨེ་ཊ་ལ་ལ་ཕྱིན་ཏེ་ཕྱིར་རང་གི་ལུང་པ་ཡོང་མཁན་ཚོ། ཉིན་༡༤རིང་ཕྱི་ལོགས་སུ་སོང་མི་ཆོག་པའི་བཀག་རྒྱ་བྱས་ཡོད། འདི་ལྟར་བདུན་ཕྲག་གཉིས་ཀྱི་རྗེས་སུ་འཛམ་གླིང་ཕྱོགས་གང་སར་སྟོན་མཇུག་གི་རྩྭ་ཐང་མེ་ཤོར་བ་ལྟར། འཛམ་གླིང་ཕྱོགས་གང་སར་རྒྱ་ནག་གི་ནད་ཡམས་ཀྱིས་ཁྱབ་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་ཡོད་ལ། ཉིན་མ་རེ་རེ་ནུབ་ཕྱོགས་རྒྱལ་ཁབ་སོགས་སུ་རྒྱ་ནག་གི་ནད་ཡམས་ཕོག་པའི་ནད་པའི་གྲངས་ཀ་འཕར་ཞིང་། རྒྱ་ནག་གི་ནད་ཡམས་ཀྱིས་ནུབ་ཕྱོགས་མི་རིགས་ཀྱི་ཚེ་སྲོག་འཕྲོག་པའི་མི་གྲངས་ཡང་ཇེ་མང་དུ་ཕྱིན་དུས། རྗེས་ནས་ཡོ་རུབ་དང་ཨ་རི་རྒྱལ་ཁབ་སོགས་ཀྱིས་འགྲོ་འདུག་སྤྱོད་གསུམ་བཀག་འགོག་བྱ་འགོ་བརྩམས་ཡོད།

འཛམ་གླིང་ཡོངས་སུ་ཛ་དྲག་གི་གནས་སྟངས་ལ་སླེབས་ཏེ། རྒྱ་ནག་དམར་ཤོག་གི་ནད་འབུའི་མཚོན་ཆ་ལ་ནུབ་ཕྱོགས་རྒྱལ་ཁབ་ཚོས་དངོས་སུ་དམག་འཁྲུག་རྒྱག་མགོ་རྩོམ་དུས། རྒྱ་ནག་གུང་ཁྲན་ཏང་གིས་ཁོ་རང་ཚོའི་མི་དམངས་ལ་མགོ་སྐོར་གཏོང་ཆེད། རྒྱ་ནག་ཏུ་ཏོག་དབྱིབས་ནད་ཡམས་རིམ་ཡལ་དུ་སོང་ཚུལ་དང་། ཡོ་རུབ་དང་ཨ་རི་སོགས་ཀྱི་ནུབ་ཕྱོགས་ལུང་པ་སོགས་སུ་ནད་འགོག་གི་མཐུན་རྐྱེན་མ་འཛོམས་པར་དཀའ་ངལ་ནང་དུ་ལྷུང་ཡོད་ཚུལ་བཤད་པ་མ་ཟད། ང་ཚོ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཀྱི་ཡོད་ཚུལ། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་བཤད་དེ་རྒྱ་ནག་མི་དམངས་ཀྱི་བློ་སེམས་འགུག་ཐབས་བྱེད་ཀྱི་ཡོད། སེམས་སྐྱོ་དགོས་པ་ཞིག་ལ། རྒྱ་ནག་གུང་ཁྲན་ཏང་གིས་བཤད་པའི་གསར་འགྱུར་ལས་གཞན་ཅི་ཡང་མི་ཐོས་ཞིང་མི་མཐོང་བའི་མི་ཚོས་བདེན་པར་སྙམ་ཡོད་པ་མ་ཟད། ཕྱི་རྒྱལ་ཡོ་རུབ་དང་ཨ་རི་སོགས་སུ་ནད་པའི་གྲངས་ཀ་དང་ཤི་གྲངས་འཕར་བ་ལ་ཡིད་ཚིམ་བཞིན་ཡོད།

མཚམས་འདིར་བོད་ཀྱི་གཏམ་དཔེ་ཞིག་བཀོད་ན། རྐུན་མའི་གདོང་ཇེ་ཆེ་ཟེར་བ་ལྟར། འཛམ་གླིང་ལ་རྒྱ་ནག་གི་སྲིད་འཛིན་གཙོ་བྱས་ནས་རྒྱ་ནག་མི་དམངས་ཀྱིས་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ་དགོངས་དག་ཞུ་རྒྱུའི་ཚབ་ལ། ཕྱི་རྒྱལ་ལུང་པ་ལ་རྒྱ་ནག་གི་ནད་ཡམས་ཁྱབ་བརྡལ་དུ་ཕྱིན་དུས། རྒྱ་ནག་དམར་ཤོག་ཚོགས་པས་བཤད་པའི་མགོ་སྐོར་ལ་ཡིད་ཆེས་ཏེ། ནུབ་ཕྱོགས་ལུང་པ་སོགས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ནད་ཡམས་ཁྱབ་པ་ལ་ཡིད་ཚིམས་ནས་འདུག་པ་ནི། རྒྱ་ནག་སྲིད་གཞུང་གིས་སྤྲད་པའི་སློབ་གསོས་རྒྱ་ནག་མི་དམངས་ཀྱི་ཀླད་པ་ཁྲུས་ཟིན་པའི་ར་སྤྲོད་བྱེད་ཐུབ། དེ་མིན་ཁྱེད་ཀྱི་ལུང་པ་དང་ཁྱེད་ཀྱི་རྒྱལ་ཁབ་ཀྱི་ནད་ཡམས་ཀྱིས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་མི་རྒྱུ་གཉིས་ཀ་གོད་ཆགས་ཆེན་པོ་བྱུང་ཚེ། ཁྱེད་རང་བློ་ཕམ་མི་བྱུང་ཡང་ངོ་ཚ་དགོས་པ་ཞིག་ཡོང་དགོས། གད་མོ་ཤོར་བ་ཞིག་ལ། རྒྱ་ནག་སྲིད་གཞུང་གིས་ག་དུས་ཡིན་ཡང་ནོར་འཁྲུལ་དང་། རང་སྐྱོན་ཁས་མི་ལེན་པར་གཞན་ཞིག་གི་སྟེང་འཇོག་པ་ཆོས་ཉིད་ལྟར། ད་ཐེངས་ཀྱི་རྒྱ་ནག་གི་ནད་ཡམས་དེ་ཡང་ཨ་རིའི་དམག་གིས་རྒྱ་ནག་ཝུའུ་ཧན་ལ་ཁྱེར་ཡོང་ཚུལ་འཛམ་གླིང་ལ་བསྒྲགས་ཀྱི་ཡོད། རྒྱ་ནག་ཝུའུ་ཧན་གྱི་བྱིས་པ་ལོ་ལྔ་ཅན་ཞིག་གིས་ཀྱང་ད་ཐེངས་ཀྱི་ནད་ཡམས་གང་ནས་བྱུང་བ་ཤེས་ཀྱི་ཡོད། གང་ལྟར་ཡང་། ཕྱི་ཟླ་གཉིས་པ་ནས་བཟུང་། འཛམ་གླིང་ཡོངས་རྒྱ་ནག་གི་བཙོན་པར་གྱུར་ཏེ། དཔྱིད་དཔལ་མོ་ལྷ་ལས་བབ་པའི་དགའ་སྐྱིད་ཀྱི་དུས་ཚོད་ལ་རོལ་མ་ཐུབ་པར་ནང་དུ་འཛུལ་ནས་ཡོད་ལ། ང་རང་ཉིད་ཡང་ནུབ་ཕྱོགས་ལུང་པའི་ནང་གི་རྒྱ་ནག་གི་བཙོན་པ་ཞིག་ཡིན། ག་དུས་ཞིག་ལ་བཙོན་གྲོལ་ཐོབ་མིན་ལ་སྒུགས་བཞིན་ཡོད།

༢༣/༣/༢༠༢༠ལ་ཡོ་རུབ་ནས་ནམ་མཁས་བྲིས།

སྣ་ཚོགས།

Post navigation

Previous Post: ཕྱོགས་རིས་འཐེན་འཁྱེར་ཟེར་བ་དེ།
Next Post: དགའ་སྐྱོ་འདྲེས་མའི་ཁུ་སིམ།

Comments (4) on “འཛམ་གླིང་རྒྱ་ནག་གི་བཙོན་པ་ཡིན།”

  1. རིན་ཆེན says:
    2020-03-23 at 11:51 am

    ཆ་ཚང་བཀླགས་ཟིན།དེང་སང་མི་ཚང་མས་གླེང་བཞིན་པ།ནད་ཡམས་ཀྱི་མིང་རེད།རྒྱ་ནག་གི་ནད་ཡམས་དང་ཝུའུ་ཧན་ནད་ཡམས་གཉིས་ཀྱི་བར་ན་དཔྱད་གླེང་མང་པོ་འདུག ཡིན་ཡང་འདིར་བྲིས་བ༼རྒྱ་ནག་གི་ནད་འབུའི་མཚོན་ཆ༽ནུས་པ་ཆེ་བར་མཐོང་།

  2. ཇ་མ་ says:
    2020-03-23 at 8:44 pm

    武汉病毒(Wuha virus)དགྱ་དམར་ཝུ་ཧན་གྱི་འགོས་ནད། ཝུ་ཧན་ནད྄་ཡམས་ཟེར་ན་ཧ་ཅང་འགྲིག

  3. རིན་ཆེན says:
    2020-03-24 at 4:26 am

    ཇ་མ་ལགས་ཀྱིས་གསུང་བའི་ཝུའུ་ཧན་ནད་ཡམས་ཟེར་བའི་མིང་འདི་ནུས་པ་དང་ཁྱབ་ཆུང་བར་མཐོང་། དེ་ལས་རྒྱ་ནག་གི་ནད་ཡམས་ཟེར་ན་ཁྱབ་ཆེ་བར་འདོད་ཀི ནུས་པ་ཆེ་ཤོས་རྒྱ་ནག་གི་ནད་འབུའི་མཚོན་ཆ་བཏགས་ན་ནུས་པ་ཆེ་བར་འདུག གོང་གི་རྩོམ་ནང་དུ་ཡང་ཝུའུ་ཧན་གྱི་མི་ས་ཡ་ལྔ་ཙམ་ཕྱོགས་གང་སར་སོང་སྟེ། ནད་འབུའི་མཚོན་ཆ་འཕངས་ཡོད་མེད་ལ་དོག་སློང་བྱེད་ཀྱི་འདུག དེང་སང་འེ་ཊ་ལེ་དང་ཕྱི་རྒྱལ་གྱི་མི་ག་ཚོད་ཞིག་ཤི་བའི་གྲངས་ཀ་ལ་ལྟོས་ན་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པ་གསལ་བོ་རེད།རྒྱ་ནག་གི་ནད་འབུའི་མཚོན་ཆ་ཞེས་མིང་འདི་ལས་འོས་མཚམས་ཞིག་མི་འདུག

  4. བྱང་ཆུབ་ལོ་མ། says:
    2020-03-24 at 9:43 pm

    ནམ་མཁའ་ལགས། ཐུགས་རྗེ་ཆེ། ད་ནི་ལྷོད་ལྷོད་ཀྱི་བཞུགས་ཡོད་སྐབས་དང་བསྟུན་ཏེ། རྩོམ་ཡིག་རེ་མུ་མཐུད་སྤེལ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme