Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྲོད་ཀློང་བསམ་གཞིག་ནག་པོ།

Posted on 2020-03-172020-03-17 By ཁ་བརྡ 3 Comments on ས་སྲོད་ཀློང་བསམ་གཞིག་ནག་པོ།

ཆང་སྐྱེས།
 
ཉི་མ་ལ་མོ་རྒལ་ཏེ་རི་ལ་ནུབ།།
འཁོར་ཡུག་མཛེས་སྡུག་ས་སྲོད་ཀློང་ན་རྒུད།།
སྨུག་ནག་མུན་པ་ས་ལ་ཡུན་གྱིས་ལྷུང་།།
བསམ་གཞིག་ལྕི་མོའི་སེམས་པ་རྒྱང་ལ་ཕྱོགས།།

མི་ཚེ་འགྲུལ་བཞུད་རིང་མོ་ཚེར་མས་གཡོག།
སྐྱིད་སྡུག་འཚོ་བའི་ཁ་དོག་ལས་ཀྱིས་བཀོད།།
མི་སེམས་རློན་པ་བདུད་ཀྱིས་དབང་དུ་བསྒྱུར།།
གངས་དཀར་སེམས་ཀྱི་ཡིད་ཆེས་སུ་ལ་གཏོད།།

མགོ་བོ་ཡར་ལ་བཅག་ན་ལྷ་སེམས་འཁྲུག།
རྐང་པ་མར་ལ་བསྲིངས་ན་ཀླུ་རྒྱལ་ཁྲོ།།
བ་མ་བར་ནས་སྡད་ན་མྱི་ཁ་འཁོར།།
གོམ་པའི་འདེགས་འཇོག་ལྕི་མོ་གང་ལ་སྤོ།།

གཡོ་སྒྱུ་རྫུན་ལ་མཁས་ན་ཀུན་གྱིས་བཀུར།།
སྨྲ་བརྗོད་གཏམ་གྱིས་ཕྱུག་ན་མཁས་པར་རློམ།།
ད་ལྟའི་མི་སེམས་ཕལ་ཆེར་སྒོར་གྱིས་བསླུས།།
ལྷག་བསམ་དཀར་བའི་མདུན་མ་སུ་ལ་བཅོལ།།

ཉེ་བར་མཁོ་དུས་ཞུམ་ཞུམ་འཛུམ་གྱིས་བསུ།།
དགོས་མེད་དུས་ལ་སྡིག་འཛུབ་ཀེར་ཏེ་སྨད།།
ཁྲེལ་མེད་མི་ཡི་རང་མགོ་རང་གིས་གཡོག།
བསམ་ཞིང་བསམ་ན་ཡོད་ཚད་རྫུན་གྱིས་གྲུབ།

སྙན་ངག

Post navigation

Previous Post: ཝུའུ་ཧྭན་ནད་ཡམས་སོགས་ལ་བསྩལ་པའི་བཀའ་སློབ།
Next Post: ནད་གསོ་ནད་ཐར་མ། 

Comments (3) on “ས་སྲོད་ཀློང་བསམ་གཞིག་ནག་པོ།”

  1. ཀརྡོ་རབ་འབྱམས་པ says:
    2020-03-17 at 6:15 pm

    སྔ་དྲོའི་དུས་སུ་ཕན་སེམས་དྲག་འཕྱུར་གྱིས། །
    ཉིན་མོའི་དགུང་ལ་ལེགས་ཉེས་བརྟགས་ནས་གྱིས། །
    ཕྱི་དྲོའི་དུས་སུ་ལེགས་དགའ་ཉེས་འགྱོད་གྱིས། །
    དེ་ལྟར་བྱས་ཀྱང་མ་གྲུབ་ལས་འབྲས་སོམས། །
    ་
    དམྱལ་བར་ལྷུང་ན་ཚ་གྲང་སྡུལ་བསྔལ་ལོ། །
    ཡི་དྭགས་སྐྱེས་ན་བཀྲེས་སྐོམ་མྱོང་སྐད་དོ། །
    ལྷ་རུ་སྐྱེས་ཀྱང་འཆི་འཕོས་སྡུག་བསྔལ་བས། །
    ད་ལྟའི་མི་ལུས་འདི་ལས་ལྷག་ཅིག་མེད། །
    ་
    རང་དོན་བསྒྲུབས་ནས་མི་ལུས་དོན་ལྡན་གྱིས། །
    གཞན་དོན་བསྒྲུབས་ནས་མི་ལུས་མཚན་སྙན་གྱིས། །
    གཉིས་དོན་བསྒྲུབས་ནས་མི་ལུས་ཡར་ཐོན་གྱིས། །
    དལ་འབྱོར་ལུས་ཀྱིས་མངོན་མཐོ་ངེས་ལེགས་སྒྲུབས། །

  2. Abharu Jigwang says:
    2020-03-17 at 10:45 pm

    ས་མ་འགྲིག་བྱང་ཐང་ཐང་རྐྱང་རེད། འགྲིག་སོང་ས་རང་གི་ཕ་ཡུལ་རེད།
    ཁྱི་མ་འགྲིག་སྟག་ཁྱི་གཟིག་ཁྱི་རེད། འགྲིག་སོང་ན་རང་གི་སྒོ་ཁྱི་རེད།

  3. Abharu Jigwang says:
    2020-03-29 at 2:21 pm

    ༄༅། ཀོ་རོ་ན་ཀོ་ན་ཟེར་ནས་འཇིགས་མི་རུང།
    འཇིགས་ཤིང་འཇིགས་ན་འདུས་བྱས་མི་རྟག་འཇིགས།
    སོ་སོའི་ཚེ་བསྐལ་རྗོགས་ན་སངས་རྒྱས་ཀྱང།
    རང་སྲོག་སྐྱོབ་པར་མི་ཐུབ་གསུངས་ལ་ལྟོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme