Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝུའུ་ཧྭན་ནད་ཡམས་སོགས་ལ་བསྩལ་པའི་བཀའ་སློབ།

Posted on 2020-03-172020-03-17 By ཁ་བརྡ 4 Comments on ཝུའུ་ཧྭན་ནད་ཡམས་སོགས་ལ་བསྩལ་པའི་བཀའ་སློབ།

སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།

(མཆན། བཀའ་སློབ་འདི་ཉིད་སྤྱི་ལོ་༢༠༢༠ཟླ་ ༢ ཚེས་ ༦ ཉིན་ཨོ་གླིང་གྲོང་ཁྱེར་སིཏ་ནིས་སུ་གུས་པའི་ཆོས་ཚོགས་ཡེ་ཤེས་འཁོར་ལོས་གོ་སྒྲིག་ཞུས་པའི་གུ་རུའི་བླ་སྒྲུབ་དང་འབྲེལ་བའི་བཀའ་ཆོས་སྐབས་ཐོག་མར་ཆུ་ཚོད་ཕྱེད་ཀྱི་རིང་༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག །ཏོག་དབྱིབས་ནད་དུག་ཞི་ཆེད་སྨོན་ལམ་ཞལ་འདོན་གསུང་སྐབས་ཀྱི་བཀའ་སློབ་གུས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར།)

དེ་རིང་ང་ཚོས་ཆུ་ཚོད་ཕྱེད་ཅིག་གི་སྔོན་ལ་མགོ་འཛུགས་ཀྱིས་མཉམ་དུ་ད་ཆ་འཛམ་བུ་གླིང་གི་སྒང་འདིར་ཡོང་བཞིན་པའི་གནས་ཚུལ་འདྲ་མིན་དང་།ཁྱད་པར་དུ་ཨོ་གླིང་དུ་ཉེ་ཆར་བྱུང་མ་ཐག་པའི་ནགས་ཚལ་གྱི་མེ་ཆེན། དེ་བཞིན་དུ། རྒྱ་ནག་དང་སའི་གོ་ལའི་ཕྱོགས་གཞན་དང་གཞན་དུ་འབྱུང་བཞིན་པའི་འགོས་ནད་སོགས་ཀྱིས་གནོད་འཚེའི་སྡུག་བསྔལ་མྱོང་བཞིན་པ་དག་གི་ཆེད་དུ་གསོལ་འདེབས་དང་སྨོན་ལམ་མཉམ་དུ་བྱེད།

དེ་ཡང་སངས་རྒྱས་ཀྱིས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ།འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པ་བཞིན། སྣང་བའི་དངོས་པོ་ཡོད་ཚད་རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་མཉམ་དུ་ཚོགས་པ་ལས་བྱུང་བ་ཞིག་རེད།དེ་ཡང་རྒྱུ་རྐྱེན་དེ་དག་གི་ནང་ནས་ཆེས་ཤུགས་ཆེ་ཤོས་དེ་ང་ཚོའི་སེམས་འདི་ཡིན་པ་དང་། དེའི་ནང་ནས་ཀྱང་ང་ཚོའི་ཀུན་སློང་དང་སེམས་བསྐྱེད་རེད།
མི་འགའ་རེས་བསམ་ན། ང་ཚོ་འདིར་མཉམ་དུ་འཛོམས་ནས་ཞལ་འདོན་འདོན་པ་དང་།སྨོན་ལམ་འདེབས་པ་དེ་འདྲ་བྱས་ན་ཡང་། དེའི་ཕན་ནུས་ནི་ནད་ཡམས་ཀྱི་གནོད་འཚེ་ཕོག་བཞིན་པའི་ས་ཁུལ་དེ་ཚོར་བསླེབས་མི་སྲིད་པ་དང་།ང་ཚོའི་གསོལ་འདེབས་དང་སྨོན་ལམ་གྱིས་མེ་གསོད་པ་དང་ནད་ཡམས་སྔོན་འགོག་ནི་དེ་བས་ཀྱང་ཐུབ་གི་མ་རེད་བསམ་གྱི་ཡོད་པ་རེད།ཅིག་བྱས་ན་ཐད་ཀ་ཐད་ཀར་ཕན་ཐོགས་མེད་པ་ལྟ་བུ་ཞིག་ཡིན་སྲིད། འོན་ཀྱང་དོན་ལ་དེ་འདྲ་ཞིག་གཏན་ནས་མ་རེད།

དངོས་ཡོད་གནས་ཚུལ་གྱི་ཆ་ནས། ང་ཚོས་ངེས་པར་བསྒྲུབ་ཐུབ་པ་ཞིག་གི་ནང་ནས་ནུས་པ་ཆེ་ཤོས་ཀྱི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྒོ་ནས་སྨོན་ལམ་འདེབས་པ་དེ་རེད། དེ་ལ་ཐོག་མར་ང་ཚོས། ནམ་རྒྱུན་ཐེག་པ་ཆེན་པོའི་གཞུང་གིས་ང་ཚོར་སློབ་ཀྱི་ཡོད་པ་ལྟར།འདུག་སྟངས་ཡག་པོ་དང་། དབུགས་འབྱིན་རྔུབ་རང་བབས་སུ་བྱས་ཐོག །དབུགས་ཕྱིར་གཏོང་བའི་སྐབས་སུ་བསམ་པ་བཟང་པོ་དང་བཅས་རང་གི་བདེ་བ་དང་དགེ་བ་གཞན་ལ་གཏོང་བ་དང་།དབུགས་ནང་དུ་རྔུབ་པའི་སྐབས་སུ་གཞན་གྱི་སྡུག་བསྔལ་དང་གནོད་འཚེ། ནད་དང་རྒུད་པ་ལ་སོགས་པ་ཚུར་རང་གི་ཐོག་ཏུ་ལེན་པ་སོགས་ཀྱི་དམིགས་པ་བྱེད་དགོས།དེ་ལྟར་སྐར་མ་འགའ་ཞིག་གི་རིང་ལ་ང་ཚོས་མཉམ་དུ་བདག་གཞན་མཉམ་བརྗེའི་སྒོམ་ལ་མཉམ་པར་འཇོག།
དེའི་རྗེས་ནས། དེ་རིང་འདིར་ཡོང་མཁན་ཁྱེད་ཚོ་མང་ཆེ་བ་ནི་གསང་སྔགས་རྡོ་རྗེ་ཐེག་པ་དང་ལས་འཕྲོའི་འབྲེལ་བ་ཡོད་པ་དེ་འདྲ་ཡིན་ངེས་རེད།དེ་འདྲ་ཡིན་སྟབས་ང་ཚོས་འོག་ཏུ་གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བའི་སྒོ་ནས་རྗེ་བཙུན་སྒྲོལ་མའི་གསོལ་འདེབས་མཉམ་དུ་འདོན།
རྗེ་བཙུན་སྒྲོལ་མ་ནི་བུད་མེད་ཀྱི་རྣམ་པ་ཅན་དུ་སྣང་བའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་རྣམ་འཕྲུལ་རེད་ལ།དོན་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཀྱང་རེད།

རྗེ་བཙུན་སྒྲོལ་མ་ནི་ཧ་ཅང་མྱུར་མགྱོགས་དང་ནུས་པ་ཤིན་ཏུ་ཆེ་བར་མ་ཟད།བྱམས་བརྩེ་ཤིན་ཏུ་ཆེན་པོ་དང་ལྡན་པ་ཡིན་པས། ད་ལྟའི་གནས་སྐབས་འདི་ལྟ་བུར་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་ན་ཕན་ཐོགས་དང་ནུས་པ་ཤིན་ཏུ་ཆེན་པོ་ཡོད།

དེ་ནས་ད་དུང་ང་ཚོས་སའི་གོ་ལའི་བདེ་ཐང་གི་ཆེད་དུ་ཡང་སྨོན་ལམ་རྒྱག་དགོས། ངས་བསམ་ན་རང་ཉིད་འགྲོ་བ་མིའི་རིགས་ཤིག་ཡིན་པའི་ཆ་ནས་ང་ཚོས་གོ་ལ་འདིར་ཕར་ཕུལ་བ་ཧ་ཅང་ཉུང་བ་དང་། ཚུར་བླངས་པ་ཧ་ཅང་མང་པོ་རེད། མ་གཞི་འདིའི་སྐོར་མི་ཚང་མས་ཧ་གོ་གིན་ཡོད་པས་ང་ཁྱེད་ཚོར་བཤད་དགོས་པ་ཞིག་གཏན་ནས་མ་རེད། ཡིན་ན་ཡང་། ངས་ང་རང་ཉིད་ཀྱི་ཚད་ལས་བརྒལ་བའི་ཧམ་འཕྲོག་ལ་གནོང་འགྱོད་མཚོན་པར་བྱས་པ་ཙམ་ཡིན།

དེ་འདྲ་ཡིན་སྟབས། ང་ཚོས་མི་མཐུད་ནས་སྨོམ་ལམ་འདེབས་དགོས། དེ་ཡང་སའི་གོ་ལའི་བདེ་ཐང་གི་ཆེད་གཅིག་པུ་མ་རེད། དེ་ལས་གཞན་པའི་གནོད་འཚེའི་ཁྲོད་དུ་ཚེ་སྲོག་འབོར་བཞིན་པའི་སྐྱེ་བོ་དེ་དག་གི་ཆེད་དུའང་སྨོན་ལམ་འདེབས་དགོས།ཁྱད་པར་དུ་ཨོ་གླིང་གི་མེ་སྐྱོན་གྱི་ཁྲོད་ནས་སྲོག་ཆགས་ཧ་ཅང་མང་པོ་ཞིག་ཤི་ཡོད་པའི་གྲངས་ཀ་གོ་བྱུང་།  དེ་དག་གི་ནང་དུ་འབུ་སྲིན་འབུ་སྦྲང་ལ་སོགས་པ་མང་པོ་ཞིག་ཕལ་ཆེར་ཚུད་ཡོད་མ་རེད།གང་ལྟར་མེ་སྐྱོན་གྱི་ཁྲོད་ཤི་བའི་ཚེ་སྲོག་དེ་དག་གི་ཆེད་དུ་ཡང་སྨོན་ལམ་འདེབས་དགོས།

ད་དུང་གཞན་ཞིག་ནི། རྒྱ་ནག་གི་ཝུའུ་ཧྭན་དུ་འབྱུང་བཞིན་པའི་གནས་ཚུལ་དེའི་ཆེད་དུ་སྨོན་ལམ་འདེབས་དགོས།ང་སྒེར་ལ་མཚོན་ན། ངའི་གྲོགས་པོ་མང་པོ་ཞིག་ས་ཆ་དེར་ལྷག་བསྡད་ཡོད་རེད། ད་ཆ་ཚང་མས་ཕན་ཚུན་གཅིག་གིས་གཅིག་ལ་དོགས་པ་བྱས་ནས་ཚང་མ་རང་ཉིད་ཀྱིས་རང་ཉིད་ས་ཆ་གང་ཞིག་ལ་བཀག་སྡོམ་བྱས་ནས་ལྷག་བསྡད་ཡོད་པ་རེད།

ང་ཚོའི་ངོས་ནས། ཁོང་ཚོ་ལ་སེམས་ཁུར་དང་སྨོན་ལམ་གང་ཐུབ་ཐུབ་བྱེད་དགོས།ངས་བསམ་ན། ས་གནས་དེའི་མི་ཚོའི་གནས་སྟངས་དངོས་དེ་ནི་ཧ་ཅང་དཀའ་ཁག་ཅན་ཞིག་ཆགས་ཡོད་ངེས་རེད།

ཁ་ནས་བཤད་སྐབས་ལས་སླ་པོ་ལྟ་བུ་ཞིག་ཡོད་པ་རེད་དེ།དེ་ཡང་ང་ཚོ་ས་ཆ་འདི་ན་ཡོད་པ་ཡིན་སྟབས། ང་ཚོས་ས་ཆ་དེ་ག་རང་ན་ཡོད་པ་དག་གི་དངོས་ཡོད་ཀྱི་མྱོང་བ་དེ་ཚོ་ཉམས་སུ་མྱོང་གིན་མེད་པ་རེད། དེའི་དབང་གིས་ང་ཚོས་ཁོང་ཚོའི་ཚོར་བ་དངོས་དེ་ཚོ་ཅི་མ་ཅི་བཞིན་ཞིག་ཤེས་ཐབས་མེད། གང་ལྟར།ངས་འདི་ནས་ཁོང་ཚོ་ལ་སེམས་ཤུགས་སྤར་བའི་ཆེད་དུ་བཟོད་སྲན་དང་སྡུག་རུས་ཆེན་པོ་གནང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།

མ་གཞི་ཀྲུང་གོར་མཚོན་ན། གནའ་ནས་ད་བར་མི་སྒེར་དང་ཚོགས་སྡེ་གང་གི་ངོས་ནས་ཀྱང་ཧ་ཅང་སྟོབས་ཤུགས་ཧ་ཅང་ཆེན་པོ་རེད།དེའི་ཆ་ནས། ཁོང་ཚོས་མུ་མཐུད་ནས་འདི་ལྟར་བློ་རྩ་བརྟན་པོས་ནད་ཡམས་འདིར་གདོང་ལེན་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད།

ཉིན་འདི་གར། རིམས་འགོག་དང་འབྲེལ་བའི་ལས་ཀའི་ཁྲོད་ཡིད་ཆེས་དཀའ་བའི་མི་སྒེར་གྱི་ལག་རིས་མང་པོ་ཞིག་གོ་ཐོས་བྱུང་།དེ་དག་གི་ཁྲོད་དུ་སྨན་པ་དང་། སྨན་ཞབས་པ། མི་དཀྱུས་མ་བཅས་ཚུད་ཡོད། སྤྱིར་བཏང་གི་མི་སེར་དཀྱུས་མ་མང་པོ་ཞིག་ལ་རྒྱུ་འབྱོར་དང་དབང་ཤུགས་ལ་སོགས་པ་གང་ཡང་མེད་ན་ཡང་།དམིགས་བསལ་གྱི་དུས་ཚོད་འདིར། ཁོང་ཚོའི་ཐོག་ནས་མི་རྣམས་ཧ་ལས་དགོས་པའི་བསམ་པ་བཟང་པོ་དང་།མི་གཞན་ལ་རོགས་ཕན་དང་སེམས་ཁུར་བྱེད་པའི་བྱམས་བརྩེ་བཅས་མངོན་ཡོད།

འདི་ལྟ་བུའི་དུས་སུ། དཀའ་ངལ་གྱི་ནང་དུ་ལྷུང་བའི་མི་རྣམས་ཀྱི་རང་གི་ལུས་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་འདི་ཐེངས་མང་པོ་ཞིག་ལ་ཕྱིར་མངོན་ཡོང་གིན་ཡོད་པ་རེད།འདི་ནི་ངས་བསམ་ན། ཚང་མས་རྗེས་སུ་ཡི་རང་དགོས་པ་ཞིག་རེད།

ངས་ཀྱང་སྨོན་ལམ་རྒྱུན་མི་འཆད་པར་འདེབས་ཀྱི་ཡོད། ང་ཚོ་ཚང་མས་མཉམ་དུ་ཁོང་དག་གི་ཆེད་དུ་སྨོམ་ལམ་འདེབས། ད་ལྟ་འཕྲད་བཞིན་པའི་གནོད་འཚེ་དེ་དག་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་མགྱོགས་ནས་མྱུར་དུ་ཡོད་པར་ཤོག། ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ཀྱང་། ད་ནས་བཟུང་སྟེ་སའི་གོ་ལ་འདིར་གང་འདྲ་བྱས་ནས་ཡག་ཙམ་བྱེད་དགོས་པ་དང་།གང་འདྲ་བྱས་ནས་གཞི་རྒྱ་ཆེ་བའི་སའི་གོ་ལ་འདིའི་ཐོག་ཏུ་འཚོ་བ་སྐྱེལ་དགོས་པ་དེ་ཤེས་པར་ཤོག།

བཀའ་སློབ་འདི་ཉིད་སྤྱི་ལོ་༢༠༢༠ཟླ་ ༢  ཚེས་ ༦ ཉིན་ཨོ་གླིང་གྲོང་ཁྱེར་སིཏ་ནིས་སུ་གུས་པའི་ཆོས་ཚོགས་ཡེ་ཤེས་འཁོར་ལོས་གོ་སྒྲིག་ཞུས་པའི་གུ་རུའི་བླ་སྒྲུབ་དང་འབྲེལ་བའི་བཀའ་ཆོས་སྐབས་ཐོག་མར་ཆུ་ཚོད་ཕྱེད་ཀྱི་རིང་༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག།ཏོག་དབྱིབས་ནད་དུག་ཞི་ཆེད་སྨོན་ལམ་ཞལ་འདོན་གསུང་སྐབས་ཀྱི་བཀའ་སློབ་སྟེ། གུས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་པའོ།།

གསུང་བཤད།

Post navigation

Previous Post: རིམས་ནད་སྔོན་འགོག་བྱེད་ཐབས།
Next Post: ས་སྲོད་ཀློང་བསམ་གཞིག་ནག་པོ།

Comments (4) on “ཝུའུ་ཧྭན་ནད་ཡམས་སོགས་ལ་བསྩལ་པའི་བཀའ་སློབ།”

  1. ཆོས་ལྡན་དཔལ་མོ། says:
    2020-03-19 at 8:08 pm

    རྫ་ཚེ་རིང་སྐྱིད་ལགས་ནས་ཡག་པོ་བསྒྱུར་གནང་འདུག་གོ

  2. ཀརྡོ་རབ་འབྱམས་པ says:
    2020-03-20 at 4:49 am

    རྒྱུ་དང་རྐྱེན་ལས་ནད་དེ་བྱུང་། །
    རྒྱུ་དང་རྐྱེན་ལས་ནད་དེ་གསོས། །
    དེས་ན་ཁ་གདོན་འཕྲོད་བསྟེན་དང་། །
    སྨན་བསྟེན་ཕན་སེམས་སེམས་ཀྱིས་གསོས། །

  3. བློ་བཟང་། says:
    2020-03-20 at 9:32 am

    རྒྱ་རྒན་དེ་འུ་རེད།

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-03-21 at 8:48 am

    རྒྱུ་རྐྱེན་འོག་ཏུ་འཚོ་བའི་ལུས་ཅན་ཀུན།
    རྒྱུ་རྐྱེན་འོག་ཏུ་ནད་གསོས་སྨན་ལ་བསྟེན།
    བཟང་དྲུག་སྨན་གྱི་ནུས་པ་ཡང།
    རྒྱུ་རྐྱེན་འོག་ཏུ་སྲུང་ན་དགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme