Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་དབྱིབས་ནད་དུག་དང་བོད། 

Posted on 2020-02-09 By ཁ་བརྡ 2 Comments on ཏོག་དབྱིབས་ནད་དུག་དང་བོད། 

སྒང་པ་དགེ་ལེགས།

Man working with dangerous viruses in the laboratory

ཟླ་གཉིས་ཙམ་གྱི་སྔོན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་འདིས་ཅུང་ཞི་འཇམ་དུ་གྱུར་བའི་ཡུལ་གྲུ་མང་པོ་ཞིག་སླར་ཡང་འུར་དིར་རེ་བཏང་སོང་། དེ་ལས་ཀྱང་ཕྱི་ཚུལ་གྱི་ལྷིང་འཇག་གཙོ་གཉེར་བྱེད་པའི་རྒྱ་ནག་གི་ཕྱི་ནང་ཐམས་ཅད་ཟང་ཟིང་ལང་ལོང་དུ་གྱུར་སོང་། འདིའི་ཁྲོད་ན་རང་སྲོག་འབེན་ཏུ་འཛུག་པའི་དཔའ་བོ་ཡང་ཡོད་ན་གཞན་སྲོག་རྩེད་ཆས་བྱེད་པའི་ཁྲམ་པའང་ཡོད། གང་ལྟར་ནད་ཡམས་འདིས་མཐོ་བ་དབུས་གཞུང་དང་དམའ་བ་མི་སྒེར་སོགས་ལ་འཇིགས་སྣང་དཔེ་མེད་ཅིག་བསྐྱེད་པའི་དབང་གིས་བསམ་དབང་དྲན་དབང་མེད་པར་རང་རང་གི་དེ་ཉིད་ཁྲོམ་སྲང་དུ་འགྲེམ་སྟོན་ཡང་བྱས་སོང་། དེ་རིང་སྟེ་ཕྱི་ཟླ་གཉིས་པའི་ཚེས་དྲུག་བར་་མི་གྲངས་སུམ་ཁྲི་གཅིག་སྟོང་གཅིག་བརྒྱ་དགུ་བཅུ་གོ་བརྒྱད་31198ལ་ནད་ཡམས་དེ་འགོས་ཁྱབ་བྱུང་ཞིང་མི་གྲངས་དྲུག་བརྒྱ་སུམ་ཅུ་སོ་བདུན་637འདས་གྲོངས་སུ་གྱུར། གྲངས་ཚད་འདི་རྒྱ་ནག་གཞུང་གིས་ཕྱིར་བསྒྲག་བྱས་པའི་སྡོམ་རྩིས་རང་ཡིན་པ་ལས་རང་དབང་ཅན་གྱི་སྡེ་ཚན་གང་ཡང་རུང་བས་ཞིབ་འཇུག་གི་སྡོམ་རྩིས་མ་རེད། བརྒྱ་ལ་གྲངས་ཚད་འདི་བདེན་པ་ཡིན་པས་དབང་དུ་བཏང་ན་ཡང་དུས་ཡུན་ཐུང་ཐུང་འདི་དང་བསྡུར་ན་ཧ་ལས་དགོས་པ་ཞིག་རེད།

ནད་ཡམས་འདི་ཕ་ཝང་གི་ཤ་ཟོས་པ་ལས་བྱུང་བ་ཡིན་ན་ཡང་འདྲ། རྒྱ་ནག་གི་སྐྱེ་དངོས་ཞིབ་འཇུག་ཁང་གི་རྫས་ངན་ཕྱི་ལ་ཤོར་བ་ཡིན་ན་འདྲ། གང་ལྟར་འདིས་ཝོས་ཧཱན་武汉དང་རྒྱ་ནག་ཙམ་མ་ཡིན་པར་འཛམ་གླིང་ཧྲིལ་བོར་འཇིགས་སྣང་ཆེན་པོ་ཞིག་བསླང་སོང་ཞིང་། རྒྱ་ནག་ལྟ་བུར་མཚོན་ན་གྲོང་ཁྱེར་འགོག་སྡོམ་ནི་རྒྱུན་ལྡན་ལྟ་བུར་གྱུར་འདུག་པར་མ་ཟད། ཉིན་འདི་འགའི་རིང་ལ་གྲོང་ཚོ་དང་ཐ་ན་ཁྱིམ་ཚང་འགོག་སྡོམ་གྱི་ལས་ཀ་ཚ་ཚ་འུར་འུར་དང་དོ་ནན་པོའི་ངང་ནས་སྤེལ་བཞིན་འདུག་པར་མ་ཟད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་world health organization གཙོ་བོར་གྱུར་བའི་འཕྲོད་བསྟེན་གྱི་སྒྲིག་འཛུགས་ཁག་དང་། རྒྱ་ནག་གིས་དཔལ་འབྱོར་གྱི་དགྲ་ཟླར་བརྩི་བའི་ཨ་རི་དང་ལོ་རྒྱུས་ཀྱི་དགྲ་ཟླར་བརྩི་བའི་ཉི་ཧོང་སོགས་ཀྱིས་ཀྱང་མ་སྐུལ་དང་བླང་གིས་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས། གནས་ཚུལ་འདི་དག་ནི་ལྟ་ཕྱོགས་ཤིག་གིས་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་ཏུ་མཐོང་སྲིད་ན་ཡང་། ལྟ་ཚུལ་གཞན་ཞིག་ནས་འདི་རྒྱ་ནག་ཁོ་ནས་ཆག་འཇིགས་མ་ཡིན་པར་རྒྱ་སྤྱིའི་འཇིགས་ཉེན་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་བའི་རྒྱལ་ཁབ་ཁག་གི་འཇིགས་ཉེན་ཆེན་པོ་ཞིག་ཡིན་པའང་མཐོང་ཐུབ། དེ་ཡང་འཕྲོད་བསྟེན་གྱི་འཇིགས་ཉེན་གཅིག་པུ་མ་ཡིན་པར་ཡུལ་སྐོར་ལས་རིགས་དང་འབྲེལ་བའི་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཞིག་ཡིན་ཏེ། ཡུལ་སྐོར་གྱི་ཡོང་སྒོ་འདིས་རྒྱ་ཁབ་མང་པོ་ཞིག་གི་ལོ་རེའི་དཔལ་འབྱོར་གྱི་ཡོང་སྒོའི་ཚད་གཞི་ངེས་ཅན་ཞིག་བཟུང་ཡོད་པར་མ་ཟད་ཐ་ན་ཡོང་སྒོ་ཆེ་ཤེས་སུ་གྱུར་བའི་རྒྱལ་ཁབ་ཀྱང་ཡོད་ལ། ཡུལ་སྐོར་བ་ཕལ་མོ་ཆེ་ནི་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་གི་ཡོད་པ་རེད། གནས་ཚུལ་འདི་འདྲའི་ཐོག་ནས་ང་ཚོས་འཛམ་གླིང་འདི་ཇེ་ཆུང་དུ་འགྲོ་བཞིན་པ་ཤེས་ཐུབ་ཅིང་།  མི་རྣམས་ཀྱིས་ཡར་རྒྱས་སུ་རློམ་པའི་བྲེལ་འཚུབ་ཀྱི་དུས་རབས་དང་བསྟུན་ནས་གནས་ཚུལ་བཟང་ངན་གང་རུང་གི་འཕེལ་ཤུགས་དང་ཁྱབ་ཚད་ཀྱང་ཇེ་ཆེར་འགྱུར་བཞིན་པ་ཤེས་ཐུབ།

འཕེལ་ཚད་མྱུར་བ་ནི་འགོས་སླ་བ་ལས་བྱུང་ཞིང་། འགོས་སླ་བ་ནི་རང་སྲུང་དང་གཞན་སྲུང་གི་འདུ་ཤེས་མེད་པ་ལས་བྱུང་བ་ནི་བཤད་ཅི་དགོས། ལྷག་པར་དུ་རང་རེ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་སྤྱིར་བཏང་གི་འཕྲོད་བསྟེན་གྱི་རྒྱུན་ཤེས་ཀྱང་ཤིན་ཏུ་མི་བཟང་བས་གློ་བུར་བའི་ནད་ཡམས་འདི་འདྲ་ཞིག་ལ་གདོང་གཏོད་རྒྱུ་ནི་དེ་བས་ཀྱང་བློར་མི་ཤོང་བ་ཞིག་རེད། གཉན་འཕྲང་གི་སྐབས་འདིར་འཛབ་སྔགས་ཆེ་གེ་མོ་བགྲང་བ་དང་གནས་ཆུ་ཆེ་གེ་མོ་བཏུང་བ་སོགས་ཆེས་ལྐོག་གྱུར་གྱི་འགོག་སྲུང་གི་ཐབས་ལམ་འབའ་ཞིག་ལ་ཡིད་ཆེས་བྱེད་མི་རུང་ཞིང་། དེ་བས་ཀྱང་བློར་ངེས་དགོས་པ་ཞིག་ཡོད་པ་ནི་བླ་སྤྲུལ་སྔགས་བཙུན་སོགས་ཀྱིས་འདི་ཁོ་ནས་ཆོག་པའི་བཀའ་གསུངས་ངོ་མཚར་ཅན་དེ་དག་གནས་སྐབས་སུ་མ་གནང་ལ་ལེགས།
འཛམ་གླིང་གི་བྱུང་རབས་ཁྲོད་དུ་ནད་ཡམས་ཀྱིས་རྒྱལ་ཁབ་དང་མི་རིགས་འཇིག་སོང་བའི་ལོ་རྒྱུས་སྐྱི་གཡའ་བ་འགའ་ཞིག་སྔར་བྱུང་མྱོང་བར་མ་ཟད། རང་རེའི་ལོ་རྒྱུས་ཁྲོད་དུའང་ནད་ཡམས་ཀྱི་འཇིགས་པས་བོད་ཀྱི་མི་གྲངས་སྡབ་མང་པོས་ཇེ་ཉུང་དུ་བཏང་བའི་གནས་ཚུལ་བྱུང་མྱོང་བ་བཞིན་མ་འོངས་པར་ཡང་འབྱུང་མི་སྲིད་པ་མིན་ལ། འཇིག་ཉེན་འདི་རང་རེ་ལྟ་བུའི་འཕྲོད་བསྟེན་གྱི་འདུ་ཤེས་ཕྲ་ཞིང་མི་གྲངས་ཉུང་བའི་རིགས་ཀྱིས་ཐེག་ཐབས་གཏན་ནས་མེད་པ་ཞིག་ཡིན། དེའི་ཕྱིར་བོད་ནང་དུ་བཞུགས་པའི་སྤུན་ཟླ་རྣམས་ཀྱིས་ལྷག་པར་དུ་གཟབ་ནན་བྱེད་དགོས་པར་མ་ཟད་བོད་ཕྱི་ཕྱོགས་སུ་སྡོད་པའི་བོད་རིགས་རྣམས་ཀྱིས་དེ་བས་ཀྱང་རྣམ་གཡེང་དུ་གཏོང་མི་རུང་།

ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་ནི་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་རྒྱའི་ལག་འོག་ནས་ལས་ཀ་བྱེད་བཞིན་པའི་རིགས་ཏེ། རྒྱའི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་རྒྱ་ནག་སྐམ་ས་དང་མི་འགྲུལ་གྱི་འབྲེལ་བ་ཆེན་པོ་ཡོད་པའི་ས་གནས་གང་ཞིག་ཏུ་ཕྱག་ལས་གནང་བཞིན་ཡོད་ན་དེ་ལ་དེ་མཚུངས་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་རེད། རྐྱེན་ངན་མང་པོ་ཞིག་ནི་རྣམ་གཡེང་དང་སྣང་ཆུང་དབང་གིས་འབྱུང་གིན་ཡོད་ཅིང་། རང་སྲུང་གི་འདུ་ཤེས་ནི་ཚོར་བ་རྐྱེན་པོ་དང་རྣམ་རྟོག་ཚ་བོ་ལས་འབྱུང་གི་ཡོད་པས། ཛ་དྲག་གི་སྐབས་འདིར་རྒྱུན་གཏན་གྱི་ལྷོད་གཡེང་དོར་ནས་རང་སྲུང་གི་འདུ་ཤེས་བསྟེན་རྒྱུ་ཤིན་ཏུ་གལ་ཆེ་སྟེ། རང་རེར་མཚོན་ན་མི་གཅིག་ཉུང་དུ་ཕྱིན་ནའང་མི་རིགས་གཞན་གང་རུང་ཞིག་ལས་ལྡབ་འགྱུར་གྱིས་གྱོང་གུད་ཆེ་བ་ནི་ད་ལྟའི་བོད་ཀྱི་གནས་སྟངས་དང་མི་གྲངས་ལ་དཔག་པས་ཤེས་ནུས། དེར་བརྟེན་ཡུལ་དུས་གནས་བབས་ཀྱི་དབང་གིས་རྒྱ་རིགས་ཀྱི་འགྲོ་འོང་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ལྷག་པར་དུ་ཐུགས་གཟབ་གནང་དགོས་སྟེ། ཁྱོད་ཀྱིས་རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་བ་ནི་བོད་མི་རིགས་ལ་འགན་འཁུར་བ་ཡིན་ཞིང་། ཁྱོད་འགྱེལ་སོང་བ་ནི་མི་རིགས་ཤིག་གི་སྒྲོམ་གཞི་འདེགས་པའི་ཀ་བ་ཞིག་འགྱེལ་སོང་བའང་རེད། དེ་ལྟར་ཡིན་པས་སྙིང་གཏམ་འདི་ཡིད་ལ་བཅགས་སྟེ་ལག་ཏུ་ལེན་པར་མཛོད་ཅིག་ཅེས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སྟེ་ཞུ་བ་ལགས་སོ།

འཕྲོད་བསྟེན།

Post navigation

Previous Post: པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམ་གསུམ་སྔོན་འགོག
Next Post: བཀའ་དྲིན་ཆེ།

Comments (2) on “ཏོག་དབྱིབས་ནད་དུག་དང་བོད། ”

  1. བསམ་ཤེས་ says:
    2020-02-09 at 8:33 pm

    རེད་རེད། ང་ཚོས་འདི་ལ་འཇའ་ཡལ་མ་འབོད་ནས་འཇལ་ལྟར་ཡལ་བའི་རེ་བ་ཞིག་རྒྱག་བཞིན་ཡོད། གལ་ཏེ་མ་ཡལ་བར་ཤུགས་ཆེ་རུ་ཕྱིན་ན། འཇའ་ལུས་མ་ཞེས་མིང་འདོགས་དགོས། མི་ཚང་མའི་རོ་གང་ཕྱིན་ལ་མཐོང་རྒྱུ་མེད་པའི་འཇའ་ལུས་མ་ཞིག་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2020-02-10 at 1:05 am

    ཏོག་དབྱིབ་ནང་མིང་ལ། འཇའ་ཡལ་མ་མིང་འདོགས་པ་ནི། ཀླད་པ་ལྗང་ཁུའི་མིང་གདོགས་སྟངས་ཤིག་རེད་མི་འདུ་གེ །ལགས།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme