Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་ནི་ནད་འབུའི་བཟོ་གྲྭ་ཞིག་ཡིན་ནམ།

Posted on 2020-02-07 By ཁ་བརྡ 11 Comments on རྒྱ་ནག་ནི་ནད་འབུའི་བཟོ་གྲྭ་ཞིག་ཡིན་ནམ།

ནམ་མཁའ།

འདིར་ཚང་མས་ཤེས་དགོས་པ་ཞིག་ལ། གཞི་བྱེས་བོད་མི་ཡོངས་ཀྱིས་རྒྱ་ནག་མི་དམངས་ལ་འཁོན་འཛིན་ནམ་ཡང་བྱེད་ཀྱི་མེད་པ་ལྟར། ཕྲན་གྱིས་ཀྱང་རྒྱ་ནག་མི་དམངས་ལ་འཁོན་འཛིན་བྱེད་ཀྱི་མེད་ལ་མཐོང་ཆུང་ཡང་བྱེད་ཀྱི་མེད། འོན་ཏེ། རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གི་བྱེད་སྟངས་ལ་ངོ་རྒོལ་ཡོད་ལ། ལྷག་པར་དུ་ད་ཐེངས་ཀྱི་ཏོག་དབྱིབས་ནད་ཡམས་ཀྱི་ཕྱོགས་ནས་དབང་ཤུགས་བེད་སྤྱོད་ལོག་པར་བཏང་སྟེ། དངོས་ཡོད་གནས་ཚུལ་བཤད་པའི་མི་ལ་ཉེས་ཆད་བཅད་སྟབས། དེ་རིང་གི་རྒྱ་ནག་མི་དམངས་གཙོ་བྱས་བའི་འཛམ་གླིང་ལ་འཇིགས་སྐྲག་ཅན་གྱི་གནས་ཚུལ་འདི་བྱུང་བ་རེད། ལྷག་པར་དུ་རྒྱ་ནག་མི་དམངས་ཚོས་ཤེས་དགོས་པ་ཞིག་ལ། རྒྱ་ནག་ཝུའུ་ཧན་མི་དམངས་ལ་ནད་ཡམས་འདིའི་ཁྲོད་ནས་འདས་གྲོངས་སུ་སོང་བའི་ཤུལ་ལུས་ནང་མི་ཚོ་དང་འདས་བོ་རྣམས་ལ། ང་ཚོ་གཞི་བྱེས་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ལ་ང་ཚོ་བོད་མི་ཡོངས་ཁྱེད་ཚོ་དང་མཉམ་དུ་ཡོད། འདིར་པར་ཁ་ཤས་ཞིག་འཇོག་དགོས་དོན་ནི། དངོས་ཡོད་གནས་ཚུལ་ར་སྤྲོད་བྱེད་ཆེད་ཡིན།

སྐབས་འདིའི་གླེང་གཞི་གཙོ་བོ།

ནུབ་ཕྱོགས་ཡོ་རུབ་དང་ཨ་རི་ལྟ་བུ་སོགས་སྟོབས་ཆེན་དམངས་གཙོ་རྒྱལ་ཁབ་ཚོས་ཟས་རིགས་རྣམས། མི་དམངས་ཀྱི་ཁྲོམ་སྲང་ལ་མ་ཐོན་པའི་ཡར་སྔོན་དུ་གཞུང་གི་བྱེད་སྟངས་དང་། རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གིས་ཟས་རིགས་རྣམས་མི་དམངས་ཀྱི་ཁྲོམ་ར་མ་ཐོན་པའི་ཡར་སྔོན་སྲིད་གཞུང་གི་བྱེད་སྟངས་རྣམས། མཚུངས་བསྡུར་བྱེད་འདོད་པ་དེ་ཡིན། ཡོ་རུབ་དང་ཨ་རི་སོགས་སུ་བསྔོ་ཚོད་དང་ཤ་རིགས་སོགས་ཟས་རིགས་གང་ཞིག་ཡིན་ཡང་། མི་དམངས་ཀྱི་ཁྲོམ་ར་མ་ཐོན་པའི་ཡར་སྔོན་དུ། སྲིད་གཞུང་གིས་ཆེད་འཛུགས་བྱས་བའི་བརྟག་དཔྱད་ལས་ཁུང་གིས་རིམ་པ་མང་པོ་བརྟག་དཔྱད་བྱས་ཏེ། ནད་འབུ་རིགས་ཅི་ཡང་མེད་ཚེ་ད་གཟོད་མི་དམངས་ཀྱི་ཁྲོམ་ར་ནས་བཙོང་ཆོག གལ་སྲིད་བསྔོ་ཚོད་དང་ཤ་སོགས་ཟས་རིགས་གང་ཡིན་ཡང་།ནད་འབུ་རིགས་ཡོད་ཚེ་ཆ་ཚང་གད་སྙིགས་ནང་གཡུགས་རྒྱུ་ལས་གདམས་ཀ་གཞན་ཅི་ཡང་མེད། ཡིན་ན་ཡང་། སྲིད་གཞུང་གིས་སྦྱིན་བདག་དེ་ལ་གུན་གསབ་ཀྱི་དངུལ་སྤྲད་དེ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།


དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་༩༠མཇུག་ཏུ།england དབྱིན་ཅིའི་ལུང་པ་ནས་བ་གླང་སྨྱོན་པའི་ཤ་ཕྱི་བཙོང་བྱེད་པར་བཀག་འགོག་བྱས་ཡོད་པ་མ་ཟད། བ་གླང་སྨྱོན་པའི་ཤ་འབྱུང་བའི་རྒྱུ་རྐྱེན་བརྟག་དཔྱད་བྱེད་དུས། མཇུག་འབྲས་ལ་བ་གླང་དང་དུད་འགྲོའི་རིགས་ཀྱི་ཀླད་པ་དང་རུས་པ་འཐག་སྟེ་ཟས་རིགས་ནང་བསྲེས་ཏེ་བ་གླང་སོགས་ལ་སྤྲད་པའི་གནས་ཚུལ་བྱུང་སྟབས། གླང་ཤ་དེའི་རིགས་ཡོངས་རྫོགས་གད་སྙིགས་ནང་གཡུགས་དགོས་བྱུང་བ་རེད། གནས་ཚུལ་བརྒྱུད་རིམ་འདིའི་གང་ཞིག་མཚོན་གྱི་ཡོད་དམ་ཟེར་ན། གནས་ཚུལ་བརྒྱུད་རིམ་འདིའི་སྲིད་གཞུང་གིས་མི་དམངས་ཀྱི་བདེ་སྡུག་འགན་ཁུར་གྱི་ཡོད་པའི་རྣམ་པ་མཚོན་གྱི་ཡོད། འོ་ན། རྒྱ་ནག་སྲིད་གཞུང་གིས་ཟས་རིགས་གང་ཞིག་ཡིན་ཡང་། མི་དམངས་ཀྱི་ཁྲོམ་ར་མ་ཐོན་པའི་ཡར་སྔོན་བརྟག་དཔྱད་བྱེད་ཀྱི་ཡོད་དམ་ཟེར་བའི་དྲི་བ་འདི་རང་བཞིན་གྱིས་སླེབས་ཡོང་ངེས་རེད།

རྩོམ་ཐུང་འདི་ཀློག་མཁན་སྐོར་ཞིག་གིས་བསམ་བློ་ཅི་ཡང་མི་གཏོང་བར། རྒྱ་ནག་སྲིད་གཞུང་གིས་ཀྱང་ཟས་རིགས་གང་ཞིག་ཡིན་ཡང་། བརྟག་དཔྱད་བྱས་རྗེས་སུ་མི་དམངས་ཀྱི་ཁྲོམ་ར་ན་བཙོང་གི་ཡོད་པར་སྙམ་སྲིད། ཡིན་ན་ཡང་། འདིར་དཔེར་མཚོན་སྟབས་བདེ་ཞིག་དྲངས་ཏེ་བཤད་ན། ལོ་ཁ་ཤས་ཀྱི་ཡར་སྔོན་དུ། བྱིས་པའི་འཐུང་རྒྱུའི་འོ་མ་སྐམ་པོའམ་འོ་རྩམ་རྫུན་མ་བཟོས་ཏེ་བཙོང་ནས་བྱིས་པ་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་རེད། སྐབས་དེར་ཡོ་རུབ་ལུང་པར་རྒྱ་ནག་ནས་ཁྱེར་ཡོང་བའི་འོ་མའི་ཀ་ར་༼牛奶糖༽ཟེར་བ་བཙོང་མི་ཆོག་པ་བཟོས་པ་རེད། དེས་རྐྱེན་དེང་སང་བྱིས་པའི་འཐུང་རྒྱུའི་འོ་མ་ཧྥུ་རན་སིའི་ནོར་མོང་ཊི་ཟེར་བའི་france༼NORMANDIE༽ས་ཁུལ་དེའི་བཟོས་བའི་འོ་མ་སྐམ་པོའམ་འོ་རྩམ་རྒྱ་ནག་ཏུ་བཙོང་གི་ཡོད་མོད། འོན་ཀྱང་ཕྱི་རྒྱལ་ནས་ཁྱེར་ཡོང་བའི་འོ་མ་སྐམ་པོ་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཚོའི་ལག་ཏུ་མ་གཏོགས་མི་དམངས་དཀྱུས་མ་ཚོའི་ལག་ཏུ་ཡོང་གི་མེད། གོང་གི་གནས་ཚུལ་འདིས་གང་ཞིག་མཚོན་གྱི་ཡོད་དམ་ཟེར་ན། རྒྱ་ནག་སྲིད་གཞུང་གིས་ཟས་རིགས་གང་ཞིག་ཡིན་ན་ཡང་། མི་དམངས་ཀྱི་ཁྲོམ་རར་མ་ཐོན་པའི་ཡར་སྔོན་བརྟག་དཔྱད་བྱེད་ཀྱི་མེད་པ་ར་སྤྲོད་གསལ་བོར་བྱེད་ཀྱི་ཡོད་པ་རེད།


ཐ་ན་རྒྱ་ནག་ནས་སྨན་རྫུན་མ་ཡང་བཟོ་གི་ཡོད་པ་རེད། དཔེར་ན། རྒྱ་ནག་ནང་དུ་ཆམ་ནད་དཀྱུས་མ་ཞིག་ན་ཚེ་ཡང་། གནམ་ཁབ་ཟེར་བའི་འགྱིག་ཁུག་ཅན་གྱི་ཁབ་དེ་རྒྱག་གི་ཡོད་ལ། འགྱིག་ཅན་གྱི་གནམ་ཁབ་དེ་མ་རྒྱབ་ན་ཆམ་ནད་མགྱོགས་པོ་དྲགས་ཀྱི་མེད་སྟབས། རྒྱ་བོད་སོག་གསུམ་གྱི་ཆམ་ནད་བྱུང་མཁན་ཚོས་སྨན་ཁབ་དེ་རྒྱག་རྐྱང་བྱེད་ཀྱི་ཡོད་ལ། སྨན་པས་ཀྱང་འགྱིག་ཁུག་ཅན་གྱི་གནམ་ཁབ་དེ་རྒྱག་རྐྱང་རེད། གནམ་ཁབ་དེས་ཆམ་ནད་སངས་དྲགས་ཀྱི་མི་གཏོང་བར་ནད་མགོ་ཅུང་ཙམ་མར་མནན་ཙམ་ཡིན་སྟབས། ཡང་བསྐྱར་ཉིན་ཤས་རྗེས་ཆམ་ནད་དེ་ན་གི་ཡོད། སྨན་གྱི་བཟོ་གྲྭ་དེ་ནས་སྨན་ཁབ་དེ་མང་པོ་ཁྲོམ་ར་བཙོང་རྒྱུའི་དམིགས་ཡུལ་ཁོ་ན་ལས། མི་དམངས་ཀྱི་ནད་དེ་རྩ་བ་དྲགས་བསྐྱེད་ཡོང་བར་མ་བཟོས་སྟབས། སྟབས་ལེགས་དང་མ་ལེགས་གང་ཞིག་བཤད་དགོས་མིན་མི་ཤེས་ཀྱང་། སྨན་ཁབ་དེ་བཟོ་བའི་འཆར་འགོད་པ་སྨན་པའི་བུ་ཕྲུག་ཞིག་ལ་སྨན་ཁབ་དེ་རྒྱབ་ནས་ཚེ་སྲོག་ཤོར་རྗེས། སྨན་པ་ཁོ་རང་གིས་རྒྱ་ནག་མི་དམངས་ཡོངས་ལ་པུས་མོ་གཉིས་ཀ་ས་ལ་བཙུགས་ནས། སྨན་ཁབ་དེ་མ་རྒྱག་རོགས་ཅེས་ངུ་ཞོར་དགོངས་དག་ཞུས་ཡོད།

གང་ལྟར་ཡང་། གོང་གི་གནས་ཚུལ་བརྒྱུད་རིམ་འདི་གཉིས་ཀྱིས་གང་ཞིག་མཚོན་གྱི་ཡོད་པ་རེད་ཟེར་ན། རྒྱ་ནག་སྲིད་གཞུང་གིས་མི་དམངས་ཀྱི་བདེ་སྡུག་གི་འགན་ཁུར་ཏེ། ཟས་རིགས་དང་སྨན་རིགས་སོགས་གང་ཞིག་ཡིན་ཡང་མི་དམངས་ཀྱི་ཁྲོམ་ར་ལ་མ་ཐོན་པའི་ཡར་སྔོན། སྲིད་གཞུང་གིས་བརྟག་དཔྱད་བྱེད་ཀྱི་མེད་པའི་རྣམ་པ་ར་སྤྲོད་བྱས་པ་རེད། གྱོན་ཆས་དང་འཕྲུལ་ཆས་རིགས་རྫུན་མ་བཟོས་ན་ཡང་། ཟས་རིགས་དང་སྨན་རྫུན་མ་བཟོ་མཁན་འཛམ་གླིང་འདིའི་སྟེང་རྒྱ་ནག་མ་གཏོགས་ཨེ་ཡོད་སྙམ། ཕྱོགས་གཅིག་ནས་རྒྱ་ནག་རྒྱལ་ཁབ་དཔལ་འབྱོར་དང་ཚན་རྩལ་ཕྱོགས་གཉིས་ནས་འཛམ་གླིང་གི་ཨང་གཉིས་པ་སླེབས་ཡོད་ཅེས། ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་ཡོད་པ་རེད།


དེ་ལྟ་ན་ཡང་། དུས་རབས་ཉེར་གཅིག་གི་དུས་མགོར་རྒྱ་ནག་གི་ཀོང་ཏུང་ 广东ནས་༢༠༠༢ཡི་སྤྱི་ཟླ་༡༡ ནང་ནད་ཡམས་sars ཟེར་བའི་གཉན་རིམས་ཚབ་ཆེན་ཞིག་བྱུང་མོད། འོན་ཀྱང་རྒྱ་ནག་སྲིད་གཞུང་གིས་གསང་བ་བྱས་ཏེ། ༢༠༠༣ལོ་མགོར་མ་གཏོགས་འཛམ་གླིང་ལ་བསྒྲགས་མེད་སྟབས། གཉན་རིམས་ཚབ་ཆེན་དེ་འཛམ་གླིང་སྟེང་ཁྱབ་སྟེ། མི་༨༥༠༠ལ་འགོས་ཞིང་། མི༩༡༦ཚེ་ལས་འདས། སྐབས་ཐོག་དེར་རྒྱ་ནག་རང་དུ་དར་བའི་སྐད་འཕྲིན་དང་མགྱོགས་འཕྲིན་སོགས་དར་སྲོལ་ཆེན་པོ་མེད་པས། དངོས་ཡོད་གནས་ཚུལ་རྣམས་དེ་རིང་བཞིན་ཕྱི་ལ་ཐོན་ཐུབ་མེད། དེ་ནས་ལོ་བཅུ་ཕྱིན་པའི་རྗེས་ཀྱི་༢༠༡༢ལོར་ཡང་ཕག་ཆམ་གྱི་ནད་ཡམས་ཞིག་བྱུང་སྟེ། རྒྱ་ནག་ནང་གི་མི་དམངས་མང་པོ་ཞིག་ལ་སྲོག་སྐྱོན་བྱུང་བ་རེད། དེ་ནས་བཟུང་བོད་ལུང་པ་མང་པོ་ཞིག་ལ། རྒྱ་ནག་གི་ས་གནས་སྲིད་གཞུང་གིས་ཆོག་མཆན་མེད་ན། ཁྱིམ་ཚང་སྒེར་སོ་སོའི་ཕག་གསོ་མི་ཆོག་པའི་ཁྲིམས་བཟོས་ཏེ་དེང་སང་ལག་བསྟར་བྱས་ཡོད། ཡིན་ན་ཡང་། རྒྱ་ནག་རང་གི་ལུང་པ་རུ་ཁྲིམས་ལུགས་དེ་འདྲ་ཅི་ཡང་མེད་པར་ཁྲོམ་ར་ནས་ས་འབུ་ནག་རིང་ནས་བཟུང་། ཁྱི་ཤ་དང་དེ་རིང་ནད་དུག་འབྱུང་ཁུངས་བྱ་ཕ་ཝང་སོགས་སྲོག་ལྡན་ཡོད་ཚད་ཀྱི་ཤ་བཙོང་ཆོག་གི་ཡོད། གནས་ཚུལ་འདིས་གང་ཞིག་མཚོན་གྱི་ཡོད་ཟེར་ན། རྒྱ་ནག་གི་རྩ་ཁྲིམས་གཅིག་གི་འོག་ན་ཡང་ཐོབ་ཐང་འདྲ་མཉམ་མེད་པའི་མི་རིགས་དབྱེ་འབྱེད་ཀྱི་ར་སྤྲོད་བྱས་ཡོད་པ་རེད།


གང་ལྟར་ན་ཡང་། རྒྱ་ནག་སྲིད་གཞུང་གི་དབང་འཛིན་པ་ཚོ་ལྐོག་ཟ་རུལ་སུངས་ཀྱི་རྒྱུ་ངོམས་ཆེ་རུ་ཕྱིན་དུས། རྒྱ་ནག་མི་དམངས་ཉོམ་ཆུང་ཚོས་ཀྱང་འགྲན་རྩོད་ཀྱི་ལམ་དུ་ཞུགས་ཏེ། ཟས་རིགས་འདྲ་མིན་སྣ་ཚོགས་ཞིག་ཁྲོམ་ར་ཁྱེར་ཡོང་ནས་བཙོང་མགོ་བརྩམས་པ་རེད། དེ་ལྟ་ན་ཡང་། རྒྱ་ནག་ སྲིད་གཞུང་གིས་ཀྱང་མི་དམངས་ཀྱི་བདེ་སྡུག་ལ་འགན་ཁུར་ཏེ་ཟས་རིགས་གང་ཡིན་ཡང་། མི་དམངས་ཀྱི་ཁྲོམ་ར་ལ་མ་ཐོན་པའི་ཡར་སྔོན་བརྟག་དཔྱད་བྱེད་ཀྱི་མེད་ལ། ཁྲོམ་ར་ནས་གང་ཞིག་བཙོང་ན་ཡང་སྟངས་འཛིན་རྩ་བ་ནས་བྱེད་ཀྱི་མེད།

ཡིད་སྐྱོ་ཞིང་བློ་ཕམ་པ་ཞིག་ལ། དྲ་ལམ་ཁག་ཏུ་འགྲོ་བཞིན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གི་༼འབྲུ་ཆུའི་ཉིན་རེའི་ཚགས་པར་སྟེང་༽བཀོད་པ་ལྟར་ན། ༢༠༡༩ལོ་མཇུག་སྤྱི་ཟླ་༡༢ཚེས་༣༠ཉིན། ཧྭ་ནན་ཚོང་རའི་ཉེ་ལོགས་ནས་ཡོང་བའི་ནད་པ་འགའ་ཡི་སྟེང་། སྔར་མཐོང་མ་མྱོང་བའི་ནད་འབུ་ཞིག་མཐོང་པ་དང་། སྔར་༢༠༠༣ལོའི་ནད་ཡམས་བཅོས་ཐབས་ལ་ཞུགས་མྱོང་མཁན་སྨན་པ་ཞིག་གིས་ནད་པ་དེ་ཚོ་ཟུར་བཀག་བྱས་པ་མ་ཟད། སྨན་པ་ཚོ་ཡང་ནད་འགོག་གི་གྱོན་ཆོས་གོན་དུ་བཅུགས། ད་རུང་ཁོ་རང་གི་སློབ་གྲྭོགས་ཀྱི་སྐད་འཕྲིན་ཚོགས་པའི་ནང་sarsའདྲ་བའི་འགོས་ནད་ཅན་གྱི་ནད་པ་བདུན་ཁོ་རང་གི་མདུན་ན་ཡོད་ཚུལ་བཤད་སྟབས། ས་གནས་ཉེན་རྟོག་པས་གནས་ཚུལ་རྫུན་སྒྲོགས་བྱས་བའི་ནག་ཉེས་བཙུགས་ཏེ།ཁོའི་གྲོགས་པོ་བདུན་བཅས་མི་བརྒྱད་ཉིན་ཤས་རིང་བཀག་འགོག་བྱས་ཚུལ།湖北省中西医 给合医院སྨན་ཁང་འདིའི་ནང་གི་སྐྱེས་མ་སྨན་པ་张ཟེར་བ་ཞིག་གིས་ས་གནས་ཉེན་རྟོག་པས་འཇིགས་སྐུལ་བྱས་བའི་གནས་ཚུལ་རྣམས་བཀོད་ཡོད། རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་ནད་ཡམས་བྱུང་བའི་གནས་ཚུལ་༢༠༢༠ལོའི་ཟླ་བ་༡ཚེས༢༣བར་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་མེད། ཉིན་ཉི་ཤུ་ལྷག་གི་རིང་གྲོང་ཁྱེར་དེའི་ནང་གི་མི་༢༠༠ལྷག་ཏོག་དབྱིབས་ནད་ཡམས་འགོས་སྟབས། ནད་ཡམས་དེ་འགོག་ཐབས་མེད་པར་གྱུར་ཏེ་འཛམ་གླིང་གི་ཕྱོགས་ཡོངས་སུ་ཁྱབ་བརྡལ་དུ་ཕྱིན་རྗེས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་ཛ་དྲག་གིས་འབོད་སྐུལ་བྱས་ཡོད། འདི་འདྲའི་འཇིགས་སྐྲག་ཆེ་བའི་ནད་ཡམས་བྱུང་སྟེ། རྒྱ་ནག་ཁོ་རང་ཚོའི་གྲོང་ཁྱེར་ནང་ལ་འགྲུལ་བཞུད་ཀྱི་སྒོ་ཡོངས་སུ་བཀག་ཡོད་པ་མ་ཟད། ནད་ཡམས་འབྱུང་སའི་ས་ཁུལ་ཝུའུ་ཧན་ 武汉གྱི་མི་སྨྲས་མི་དགོས་པ་ཞིག་རེད། ཐ་ན་ 湖北ཧུའུ་པེ་ཞིང་ཆེན་གྱི་མི་ཞིག་ཡིན་ཕྱིན་ཡང་མགྲོན་ཁང་ནང་དུ་སྡོད་དུ་འཇུག་གི་མེད་དུས། བོད་ལུང་པའི་ལྷ་ས་དང་མཚོ་སྔོན་ཕྱོགས་སུ་འགྲུལ་སྒོ་བཀག་བསྡམས་མ་བྱས་བར་སྒོ་ཕྱེ་བ་རེད། ང་ཚོ་བོད་རིགས་ཚོ་ལ་ནད་ཡམས་འགོས་ཀྱང་གུང་ཁྲན་ཏང་སྲིད་གཞུང་ལ་སེམས་ཁུར་ཅི་ཡང་མེད་པ་ར་སྤྲོད་གསལ་བོ་བྱས་པ་རེད།

གང་ལྟར་ཡང་། ཡོ་རུབ་དང་ཨ་རི་སོགས་དམངས་གཙོ་རྒྱལ་ཁབ་མང་པོས་མི་དམངས་ལ་གནོད་པའི་ནད་ཡམས་སོགས་གནས་ཚུལ་ངན་པ་ཅི་ཞིག་བྱུང་ཡང་། དེ་མ་ཐག་མི་དམངས་སྐྱོབ་ཕྱིར་མི་དམངས་ལ་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་ཤེས་སུ་འཇུག་གི་ཡོད། རྒྱ་ནག་སྲིད་གཞུང་གིས་ནམ་ཡིན་ཡང་གནས་ཚུལ་ངན་པ་ཅི་ཞིག་བྱུང་ཚེ། ཐོག་མར་གསང་བ་ཅི་ལྟར་བྱེད་མིན་ལ་བསམ་བློ་གཏོང་རྒྱུ་ལས། འགོད་ནད་ཀྱི་ནད་ཡམས་དེ་མི་དམངས་ལ་ཁྱབ་བསྒྲགས་བྱས་ཏེ་མི་དམངས་ཚོས་གང་གཟབ་བྱེད་དགོས་བའི་འབོད་སྐུལ་མི་བྱེད་པ་དེ་རེད། གལ་སྲིད་ཐབས་ཟད་འུ་ཐུག་དུས་རྗེས་ནས་མི་དམངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད། དེ་དུས་རྒྱ་ནག་ནང་གི་མི་དམངས་མང་པོ་ལ་འགོས་ནད་བྱུང་སྟེ། ཚེ་སྲོག་ཡང་མང་པོ་ཞིག་ཤོར་ཡོད་ལ། གྲོང་ཁྱེར་ནས་གྲོང་ཁྱེར་ལ་ཡང་ནད་ཡམས་དེ་ཁྱབ་བརྡལ་ཆེན་པོ་བྱུང་ཚར་བ་རེད།

དེ་ལྟ་ན་ཡང་།༢༠༢༠ལོའི་ཟླ་བ་༡ཚེས༢༣ ཉིན་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་སྟེང་བསྒྲགས་པའི་ཏོག་དབྱིབས་ནད་འབུ་coronavirusའགོས་བའི་མི་༨༠ལྷག་དང་། ཤི་གྲངས་མི་༨ནས༩ཡས་མས་བཤད་ཀྱང་།༢༠༢༠ /༡ / ༢༥ ཉིན། ཝུའུ་ཧན་武汉སྨན་ཁང་ནས་བུ་མོ་སྨན་ཞབས་སམ་ཡང་ན་སྨན་པ་གང་ཞིག་ཡིན་མིན་མི་ཤེས་ཀྱང་།གང་ལྟར་ཡང་ལུས་པོ་ཆ་ཚང་ནད་འགོག་གི་ལྭ་བ་གྱོན་པའི་བུ་མོ་ཞིག་གིས་ཐད་གར་གནས་ཚུལ་སྤེལ་གསལ་ལ། སྨན་པ་ཚོས་ཚོད་དཔག་ལྟར་ན་འགོས་ནད་དེ་བྱུང་བའི་མི་༩༠༠༠༠དགུ་ཁྲི་ལྷག་ཡོད་ཚུལ་བཤད་པ་མ་ཟད། སྨན་ཁང་དེ་གར་རང་དུ་ཏོག་དབྱིབས་འགོས་ནད་ཀྱིས་ཚེ་སྲོག་འཕྲོག་ཚར་བའི་ཕུང་པོ་༤ནས་༥གྲངས་ཀ་དངོས་སུ་བརྙན་ཐུང་ལས་མཐོང་ཐུབ། རིམ་གྱིས་མི་སྒེར་སོ་སོའི་མགྱོགས་འཕྲིན་བརྒྱུད་ནས་བརྙན་ཐུང་ལས་མཐོང་གསལ་ལ། གཞུང་ལམ་གཡས་གཡོན་དང་རླུང་འཁོར་མེ་འཁོར་གནམ་ཐང་སོགས་ཀྱི་འབབ་ཚུགས་གང་སར། ཏོག་དབྱིབས་འགོས་ནད་བྱུང་སྟེ་ཤི་འགྲོ་བའི་མི་མང་པོ་མཐོང་རྒྱུ་ཡོད། ཡིན་ན་ཡང་། རྒྱ་ནག་སྲིད་གཞུང་གིས་མུ་མཐུད་ནས་འཛམ་གླིང་མི་དམངས་དང་། རྒྱ་ནག་མི་དམངས་ལ་རྫུན་བཤད་དེ་མགོ་བོ་སྐོར་གང་ཐུབ་བྱེད་ཀྱི་ཡོད། མ་གཞི་ནས་རྒྱ་ནག་དབུས་སྲིད་གཞུང་ནས་མར་གཞི་རིམ་ལ་རྫུན་བཤད་ནས་མགོ་སྐོར་བཏང་། དེང་སང་ས་གནས་སོ་སོའི་སྲིད་གཞུང་ནས་ཡར་པེ་ཅིན་དབུས་སྲིད་གཞུང་ལ་རྫུན་བཤད། བར་མཚམས་ནས་དཀའ་ངལ་འཕྲད་ས་གཙོ་བོ་མི་དམངས་དཀྱུས་མ་ཚོ་ཡིན།

དེ་ལྟ་ན་ཡང་། ད་རུང་གནས་ཚུལ་ངོ་མ་བཤད་མཁན་གྱི་མི་ཚོ་ལ་སྲིད་གཞུང་གི་ཉེན་རྟོག་པས་འཇིགས་སྐུལ་བྱས་ཏེ། མི་སུ་ཞིག་གིས་རྒྱལ་ཁབ་ཀྱི་ལ་རྒྱ་མི་བསམ་པར་གནས་ཚུལ་ཕྱི་ལ་བསྒྲགས་ཚེ། བསྒྲགས་མཁན་དེ་འཛིན་བཟུང་བྱེད་ཀྱི་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་ཏེ། མི་ཁ་ཤས་ཞིག་འཛིན་བཟུང་བྱས་ནས་དོ་དམ་བྱས་ཚར་བ་གོང་དུ་བརྗོད་ཟིན་པ་ལྟར་རེད། གལ་སྲིད་རྒྱལ་ཁབ་ཀྱི་ལར་ཞེན་དགོས་ན། དངོས་ཡོད་གནས་ཚུལ་ངོ་མ་དེ་ཡག་སྡུག་གང་ཞིག་ཡིན་ཡང་། འཛམ་གླིང་དང་རྒྱ་ནག་མི་དམངས་ལ་ཤེས་སུ་འཇུག་རྒྱུ་དེ་རེད། མི་དམངས་ཀྱི་བདེ་སྡུག་ལ་འགན་ཁུར་ཏེ་ཟས་རིགས་གང་ཞིག་ཡིན་ཡང་། མི་དམངས་ཀྱི་ཁྲོམ་ར་ལ་མ་ཐོན་པའི་ཡར་སྔོན་བརྟག་དཔྱད་བྱེད་རྒྱུ་དེ་རེད། རྒྱ་ནག་རྒྱལ་ཁབ་ཀྱི་ལར་ཞེན་དུས་རབས་ཉེར་གཅིག་གི་དུས་མགོ་༢༠༠༢ལོ་མཇུག་དང་༢༠༠༣ལོ་མགོ་ནས་ཤོར་ཟིན་པ་རེད། སྐབས་ཐོག་དེར་ཧྥུ་རན་སིའི་གསར་ཤོག l.OBSལས། རྩོམ་བྱང་ཞིག་ལ། དུས་རབས་ཉེར་གཅིག་གི་ནད་འབུ་གསར་བའི་འབྱུང་ཁུངས་རྒྱ་ནག་ཞེས་བྲིས་ཡོད།

ད་ཐེངས་ཀྱི་གནས་ཚུལ་འདི་དང་འབྲེལ་ནས། མཐར་གཞི་ལུས་བོད་མི་ཚོར་འབོད་སྐུལ་ཞུ་འདོད་པ་ཞིག་ལ། དང་པོ་རྒྱ་ནག་སྲིད་གཞུང་གིས་བཙན་དབང་བྱས་ཏེ། བོད་ཀྱི་འབྲོག་པ་རྣམས་གྲོང་ཁྱེར་ནང་དུ་སྡོད་དུ་བཅུགས་སྐབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་པས། བོད་ཀྱི་རྒྱ་བླ་སྐོར་ཞིག་གུང་ཁྲན་ཏང་གིས་བེད་སྤྱོད་བྱས་ཏེ། ཆོས་ཕྱོགས་ཀྱི་དགེ་སྡིག་གི་བླང་དོར་ཁ་ལ་ཁྱེར་ཏེ། འབྲོག་པའི་རྩྭ་ཐང་གི་ཟོག་ལུག་ཆ་ཚང་བཙོང་དུ་བཅུགས་ནས། འབྲོག་པའི་རྩྭ་ཐང་སྟོང་པར་གྱུར་ཡོད་སྟབས། འབྲོག་པ་སོ་སོའི་འཚོ་བའི་དཀའ་ངལ་འཕྲད་དེ་གྲོང་ཁྱེར་ནང་གི་གད་སྙིགས་བསྔོགས་བཤེར་བྱེད་བཞིན་པའི་གནས་སྟངས་ལ་སླེབས་ཡོད་ལ། ཐ་ན་གྲོང་ཁྱེར་ནང་དུ་ཡོད་པའི་འབྲོག་པ་ཚོ་དབྱར་གཞུང་ཞོ་འོ་མ་འཐུང་གོམས་སུ་སོང་ཡོད་སྟབས། ཕྱུགས་ཟོག་འཚོ་སྐྱོང་མེད་སའི་རྒྱ་ནང་ནས་བཟོས་ཏེ་བཙོང་བའི་འོ་རྩམ་ཉོས་ནས་འཐུང་གི་ཡོད་པ་རེད། ཕྱུགས་ཟོག་མེད་པའི་ལུང་པ་ཞིག་ནས་འོ་རྩམ་བཟོ་བྱེད་ཀྱི་རྒྱུ་དངོས་དེ་གང་ཞིག་ཡིན་མིན་བཤད་དཀའ་བ་ཞིག་ཡིན།

རྒྱ་ནག་སྲིད་གཞུང་གིས་དེ་ལྟར་བྱེད་དགོས་བའི་དམིགས་ཡུལ་ངོ་མ་ནི། བོད་རིགས་གྲོང་ཁྱེར་དང་ཐག་རིང་ནས་བསྡད་ཚེ་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་འདོར་མི་ཐུབ་པར་བསམ་སྟེ། འབྲོག་པ་རྣམས་བཙན་དབང་བྱས་ཏེ་གྲོང་ཁྱེར་ནང་བཙན་འདེད་བྱེད་ཀྱི་ཡོད་པ་རེད། བོད་ཀྱི་རོང་པ་མང་པོ་ཞིག་ལ་ཡང་དབྱར་རྩྭ་དགུན་འབུ་དང་ཁྱིམ་ཚང་ལ་ས་གནས་སྲིད་གཞུང་གི་ལས་བྱེད་ཞིག་ཡོད་ཚེ། ཞིང་ལས་བྱེད་འདོད་མེད་པར་ས་ཞིང་སྣུམ་པོ་རྣམས་སྟོང་པར་བཞག་སྟེ། དེང་སང་ས་རྒོད་དང་སྤང་ཐང་དུ་གྱུར་ཡོད་པ་རེད། འདི་ལྟར་མུ་མཐུད་ནས་ཡུན་རིང་ཕྱིན་ཚེ། བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ཀྱི་གནས་སྟངས་གང་ཞིག་ལ་སླེབས་མིན་ལ་ཁྱེད་ཚོས་བསམ་གཞིགས་ཞིག་གནང་རོགས། ཉིན་ཞིག་བོད་ཆོལ་གསུམ་གྱི་ཁྲོམ་རའི་ནང་དུ་ཡང་ཁྱི་ཤ་དང་ཙི་ཙི་ཡི་ཤ་སོགས་ནད་འབུ་གསར་བའི་འབྱུང་ཁུངས་ཀྱི་སྲོག་ལྡན་འདྲ་མིན་གྱི་ཤ་མི་སླེབས་པའི་ངེས་པ་མེད་སྟབས། བོད་ཀྱི་གཞི་ལུས་རོང་འབྲོག་གཉིས་ཀྱི་མི་དམངས་ཡོངས་ལ། འབྲོག་པའི་རྩྭ་ཐང་དང་རོང་པའི་ས་ཞིང་གཉིས་སྟོང་པ་མི་འཇོག་པར། རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ལས་སྐལ་དེ་མུ་མཐུད་ནས་འབད་བརྩོན་གནང་རོགས་ཅེས། ཡོ་རུབ་གླིང་ནས་ནམ་མཁའི་མིང་ཅན་གྱིས་ལག་ཟུང་ཐལ་མོ་སྦྱར་ཏེ་འབོད་སྐུལ་ཞུ་གི་ཡོད། ༢༠༢༠ཕྱི་ཟླ་༢ཚེས༣ཉིན་ལས་ཀའི་བར་གསེང་ཞིག་ནས་བྲིས།

གངས་རིའི་ལྗོངས་འདི་སྐྱུར་ཏེ་ཡུན་རིང་སོང་ན་ཡང་།།
སྔ་མའི་ལས་སམ་ཚེ་འདིའི་ཞེན་ཆགས་ཀྱིས།།
གངས་ལྗོངས་སྐྱིད་ལ་འཇོག་པའི་ལྷག་པའི་སེམས།
སྲོག་རྒྱུན་མ་ཆད་བར་དུ་ཡང་ཡང་སྐྱེས།།

སྣ་ཚོགས།

Post navigation

Previous Post: རྒྱང་རིང་སེམས་པའི་དར་ཁ་རྨོ་མོར་འཐེན།
Next Post: པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམ་གསུམ་སྔོན་འགོག

Comments (11) on “རྒྱ་ནག་ནི་ནད་འབུའི་བཟོ་གྲྭ་ཞིག་ཡིན་ནམ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-02-08 at 2:14 am

    རྒྱ་ནག་ནད་ཡམས་བཟོ་གྲྭ་དེ། །
    མའོའི་རོ་གོག་དེ་ལས་བྱུང་། །
    ་
    ཏིང་དང་གུང་བྲན་རོ་གོག་དེ། །
    ད་ལྟ་ཉིད་ནས་གཙང་བསལ་གྱིས། །
    ་
    རྒྱ་མི་བྱིངས་ཀྱི་མི་རིགས་ཀྱིས། །
    འགུལ་ཚད་མཐོང་ཚད་མ་བཟའ་ཨོ། །
    ་
    ད་དུང་ཆོས་དང་རིག་གཞུང་དང་། །
    ལུས་རྩལ་ཨོ་ག་འཕྲུལ་འཁོར་སྦྱོངས། །
    ་
    བོད་རིགས་ན་གཞོན་གསར་བུ་ཚོས། །
    རྒྱར་རྒན་བཞིན་དུ་མ་ཟས་པར། །
    ་
    བྱུང་ན་རྩམ་པ་བག་ལེབས་དང་། །
    འབྲས་འབྲུ་སྔོ་ཚོད་གང་མང་ཟོ། །
    ་
    ནད་འབུ་གསར་པ་མ་བསྐྱེད་པར། །
    ནད་ཡམས་རྙིང་པར་གཏོར་རྒྱག་རྒྱོབས། །

  2. རིན་ཆེན says:
    2020-02-09 at 8:04 am

    དུས་རབས་གསར་བའི་ནད་འབུ་ཡི།།
    བཟོ་གྲ་དང་ནི་འབྱུང་ཁུངས་ཞེས།།
    མི་རིགས་འདྲ་མིན་དམོད་པའི་ཡུལ།།
    རྒྱ་ནག་མི་ལ་གཟབ་དགོས་ཞེས།།
    གསར་འགྱུར་ལམ་ནས་བརྗོད་པ་ལ།།
    ཕག་མགོ་ཅན་གྱི་ཞིན་ཅིན་དང་།།
    འགུལ་ཚད་ཟ་བའི་མི་རིགས་འདི།།
    ཁོག་ན་ཤ་སྙིང་ཅན་ཡོད་ན་ནི།།
    ངོ་ཚ་ཅུང་ཟད་ཡོད་དགོས་ཀྱང་།།
    རྫུན་གྱི་སྒྱེ་མོ་སྐེ་ཁུར་ནས།།
    འཛམ་བུ་གླིང་ལ་བཤད་ཚུལ་ལྟོས།།
    བདེན་པ་བཤད་མཁན་ཁྲིམས་འགལ་བརྩི།།
    རྫུན་མ་བཤད་མཁན་བསྟོད་སྔགས་བྱེད།།
    བདེན་རྫུན་གོ་ལྡོག་རྒྱལ་ཁབ་འདི།།
    བདེན་རྫུན་འབྱེད་པའི་ཁྲིམས་ལུགས་ཞིག།
    རྒྱལ་ཁབ་འདི་ལ་མེད་དམ་སྙམ།།
    གསར་འགྱུར་རྫུན་མ་མ་བཤད་ན།།
    གསར་འགྱུར་བཤད་སྟངས་མི་ཤེས་པ།།
    རྒྱལ་ཁབ་འདི་ཡི་ཁྱད་ཆོས་ཡིན་པ་འདྲ།།
    ད་ཐེངས་འདི་ནས་དེ་ཙམ་ཡིན།།
    ཁོམ་པ་ཡོད་ན་རྗེས་ནས་མཇལ།།
    ནད་ཡམས་ཟློགས་ལ་ཏ་རེ་ཐོན།།
    རང་ཉིད་སྲུང་ལ་ཁ་ཐུམ་རྒྱོབ།།
    འདས་བོ་རྣམས་ལ་མཎི་ཐོན།།
    འགྲོ་འདུག་མ་མང་ནང་ནས་སྡོད།།

  3. ཀརྡོ་རབ་འབྱམས་པ་ says:
    2020-02-10 at 12:53 am

    མི་བཟའ་དགུ་བཟའ་གུང་བྲན་ཟ། །
    མི་ན་དགུ་ན་གུང་བྲན་ན། །

  4. ཀརྡོ་རབ་འབྱམས་པ་ says:
    2020-02-10 at 12:53 am

    ་
    མི་ཟ་དགུ་ཟ་རྒྱ་མིས་ཟས། །
    མི་ན་དགུ་ན་རྒྱ་མི་ན། །

  5. ཀརྡོ་རབ་འབྱམས་པ་ says:
    2020-02-10 at 12:57 am

    སྰར་ནི་མ་འོ་ཙེ་ཏུང་ནད། །
    ཧར་ནི་ཏིང་ཞོ་པ་ཡི་ནད། །
    ཏོག་དབྱིབ་ཞི་གཅིང་པ་ཡི་ནད། །
    ད་དུང་ནད་རྒན་ག་ཚད་འོངས། །
    ་
    ཧ་ཧ་ཀརྡོའི་སྨྲེ་ངག་གླུ །

  6. ཀརྡོ་རབ་འབྱམས་པ་ says:
    2020-02-10 at 12:59 am

    མཐོང་ཚད་ཟ་མཁན་རྒྱ་རིགས་ཧེན། །
    མི་ན་དགུ་་ན་རྒྱ་རིགས་ཧེན།
    མགུལ་ཚད་ཟ་མཁན་གུ་བྲན་ཏང་། །
    མི་ན་དགུ་ན་རྒྱ་གུང་བྲན། །

  7. ཀརྡོ་རབ་འབྱམས་པ་ says:
    2020-02-10 at 1:02 am

    རྒྱ་ཧེན་མི་བཟའ་དགུ་བཟའ་བྱས། །
    མི་ན་དགུ་སྣ་བོད་རིགས་ན། །
    རྒྱ་སྤྲང་མི་བཟའ་དགུ་བཟའ་བྱས། །
    ཛམ་གླིང་ཡོངས་ལ་ནད་འབུས་ཁྱབ། །

  8. ལ་དྭགས་འཇམ་དཔལ།། says:
    2020-02-12 at 4:33 am

    སྐ་དཔལ་བརྩེགསཀྱིས། ཐང་། ཞེས་བཀོད་པ་བཞིན་བོད་མི་མང་པོས ། ཐེངས། ཞེས་མ་ལབ་པར། ཐང་། ཞེས་བྲིས་པ་ལ་ལྟ་ལ་ན། བོད་ཀྱི་སྔར་གྱི་སྐད་ལས་སླ་མོས་མེད་པརའགྲོ་བ་དཀའ་ལས་ཡིན་པར་ཤེས་སོ།

  9. སྲིན་པོ་རྫ་རྒན says:
    2020-02-13 at 2:04 pm

    ནམ་མཁས་ལགས་ཀྱིས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།

  10. སྲིན་པོ་རྫ་རྒན says:
    2020-02-13 at 2:05 pm

    ནམ་༼མཁས༽་ཞེས་ནོར་འདུག་པ་ནམ་༼མཁའ༽་ཞེས་བཅོས།

  11. ནམ་མཁའ says:
    2020-02-15 at 8:30 am

    དྲ་གྲོགས་རྙིང་པ་འགའ་རེ་ཕེབས་འདུག་པས་བཀའ་དྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme