Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་པོ་ཚུལ་བློའི་སྨྱོ་རྟགས་ཐེངས་བདུན་མ།

Posted on 2020-02-032020-02-03 By ཁ་བརྡ 10 Comments on མཁན་པོ་ཚུལ་བློའི་སྨྱོ་རྟགས་ཐེངས་བདུན་མ།

རྔ་བ་དུག་ཚེར།

གཅིག གང་སར་ཁ་ལག་སྲིང་རྒྱུར་དགའ་བས། ཞོགས་དུང་གི་བག་ཆགས་དོང་སྤྲུག་ལ་དགག་རྒྱག་རྩོམ་ཡིག་ཅིག་སྤེལ་བར། སྐུ་ཞབས་ཚ་བ་མདའ་སྨྱུག་གིས་བག་ཆགས་དོང་སྤྲུག་གི་དགག་ལན་ཞོགས་དུང་གི་གདོང་གྲོགས་ཞེས་པ་བྲིས་ཏེ། མཁན་པོ་ཚུལ་བློ་བླུན་པོ་བླུན་ནག་ཏུ་བསྒྱུར་བ།

གཉིས། བློ་རྟགས་དང་བསྡུས་གྲྭ་སོགས་བསླབ་ན་ཕན་ཐོགས་མེད་པ་དང་། དེ་དག་དགེ་ལུགས་པའི་སློབ་ཚན་ཡིན་པ། དེ་དག་བསླབས་ན་ང་རྒྱལ་དང་ཁེངས་དྲེགས་ཆེ་རུ་འགྲོ་ཚུལ་སོགས་བཤད་དེ ། རྙིང་མའི་སྤྱི་ཚོགས་ནང་སློབ་ཚན་དེ་དག་བསླབ་རྒྱུར་བཀག་འགོག་ཡོང་ཐབས་བྱས་ཀྱང་ནུས་པ་ཕྲ་མོ་ཙམ་ཡང་མ་ཐོན་པ།

གསུམ། བོད་རང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་བོན་པོའི་ཆོས་ལུགས་ནི་དོན་སྙིང་གང་ཡང་མེད་པའི་ཆོས་ལུགས་ཤིག་ཡིན་པ་དང་། དེ་ནས་བཤད་པའི་ས་དང་ལམ་གྱི་རིམ་པ་དག་ཉམས་ལེན་བྱས་ཀྱང་། དེར་སེམས་ཅན་ཞིག་སངས་རྒྱས་ཀྱི་སར་འཁྲིད་པའི་ནུས་པ་གང་ཡང་མེད་ཚུལ་སོགས་ས་ཕྱོགས་གང་སར་འུད་སྒྲོགས་བྱས་བྱས་མཐར། བོན་ལུགས་འཛིན་པ་དང་བློ་གཟུ་བོར་གནས་པ་དག་གིས་དགག་པ་ཚ་ནན་བཏང་མཐར་བཟོད་ཞུ་དགོས་ཐུག་པ།

བཞི། དགེ་བཅུའི་ཁྲིམས་ཟེར་བ་བཙན་གྱིས་བཙུགས་ཏེ། དེ་དག་ལག་བསྟར་མི་བྱེད་མཁན་ཚོ་ལོ་ངོ་སྟོང་ཕྲག་རིང་སྐྱིད་སྡུག་མཉམ་མྱོང་གིས་འཚོ་བ་རོལ་ནས་ཡོང་བའི་རང་རང་གི་གྲོང་སྡེ་དག་ནས་གནས་དབྱུང་གཏང་རྒྱུའི་འཇིགས་སྐུལ་བྱས་པ་མ་ཟད། འབྲེལ་ཡོད་དགོན་སྡེ་ཚོས་ཀྱང་དེ་དག་གིས་དད་པས་འབུལ་དངོས་བསྡུ་ལེན་མི་བྱེད་རྒྱུར་འབོད་སྐུལ་བྱས་ཀྱང་མཐར་དེ་ཡང་བསམ་ཐོག་ཏུ་རྟ་མ་རྒྱུག་པ།

ལྔ་། བོད་གངས་ཅན་གྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་སྒྲོ་སྐུལ་བསམ་ཡུལ་ལས་འདས་པ་ཞུ་མཁན་དང་། ཆོས་ལུགས་དང་ཆོས་བརྒྱུད་ནང་ཕན་ཚུན་གྱི་མཐུན་བསྒྲིལ་གཏོར་བཤིག་གཏོང་མཁན་གྱི་གཏེ་བོའི་ནང་གི་ཡང་གཏེ་དོལ་རྒྱལ་བ་ཚོ་དང་མཉམ་དུ་པར་བརྒྱབ་ནས་སྤྱི་ཚོགས་དྲ་ལམ་དུ་བཏང་བ།

དྲུག ཕྱུགས་ཟོག་འཚོ་སྐྱོང་དང་། དེ་དག་གི་ཤ་ཟ་མི་རུང་ཚུལ། དེ་དག་གི་ཤ་བཟས་ན་དམྱལ་བའི་གཏིང་རྡོར་ལྷུང་ཚུལ་སོགས་གཡོ་བཤད་སྣ་དགུ་བྱས་ཏེ། ཕྱུགས་ཟོག་མང་པོ་བཙོང་དུ་བཅུག་པས། ལོ་ངོ་སྟོང་ཕྲག་རིང་གི་འབྲོག་པའི་འཚོ་བ་རོལ་སྟངས་ལ་གཏོར་བརླག་ཚབས་ཆེན་བཏང་སྟབས། སྒོ་འགྲམ་ན་ཟོག་ལུག་རྐང་གཅིག་ཀྱང་མེད་པར་ཆགས་པའི་འབྲོག་མོ་འགས་འཚོ་བའི་ཆེད་རང་གི་རྐུབ་ཀྱང་བཙོང་དགོས་ཐུག་པ།

བདུན། ཝུའུ་ཧན་གྲོང་ཁྱེར་གྱི་གློ་ཚ་དང་འབྲེལ་བའི་ཏོག་དབྱིབས་ཅན་གྱི་ནད་དུག་ལ་(གློ་ཚ་ཇ་ཡལ་མ)ཞེས་བཏགས་ན། རྟེན་འབྲེལ་གྱིས་ནད་དུག་དེ་ཇ་ཡལ་བ་བཞིན་མེད་འགྲོ་ཚུལ་བཤད་པ་དང་། ཁོའི་རྗེས་འབྲང་པ་བླུན་རྒན་ཚོས་ཀྱང་ཁེ་མཚར་བའི་ཐ་སྙད་དེ་བརྒྱུད་ལམ་ཡོད་ཚད་སྤྱད་དེ་འུད་སྒྲོགས་བྱེད་བཞིན་པ་འདི་ངོ་ཚ་དགོས་པའི་གནས་ཤིག་མ་ཡིན་ནམ། མ་ཟད་སྲིན་འབུ་འཁྲུག་པའི་ནད་དང་། ཞུམ་པའི་ནད། འཇིགས་སྣང་གི་ནད། ཁེར་རྐྱང་གི་ཚོར་ནད་སོགས་ནད་རིགས་བཞི་བརྒྱ་རྩ་བཞི་དང་དགག་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་རེ་རེའི་མིང་མཐར་ཇ་ཡལ་མ་རེ་བཏགས་ན། ཁྱོད་ལྟར་ན་དེ་དག་ཚང་མ་ཇ་ཡལ་བ་ལྟར་ཆགས་འགྲོ་རྒྱུ་རེད་མོ། ད་དུང་ཤེས་སྒྲིབ་ཇ་ཡལ་མ་དང་། ཉོན་སྒྲིབ་ཇ་ཡལ་མ་ཞེས་བཏགས་ན། ས་དང་ལམ་གྱི་རིམ་པ་གང་ལ་ཡང་བགྲོད་མི་དགོས་པར། ཕག་པ་ནང་བཞིན་མི་ཚེ་གཉིད་ཀྱིས་བསྐྱལ་ནའང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབའདི་ཚུལ་བློས་གསར་བཏོད་བྱས་པའི་ཆོས་ལུགས་རེད་དམ། ལྷག་པར་དུ་ (གློ་ཚ་ཇ་ཡལ་མ) བཏགས་པས་ནད་དུག་དེ་ཇ་ཡལ་བ་ལྟར་ཆགས་འགྲོ་གི་ཡོད་ན། གང་མགྱོགས་ཁྱེད་དང་ཁྱེད་ཀྱི་རྗེས་འབྲང་པ་ཚོ་ཝུའུ་ཧན་ལ་ཕེབས་ནས་འཕྲོད་བསྟེན་ཅིག་ཅིག་ཉུག་ཉུག་དེ་ཚོ་དགོས་མེད་རེད། དེ་བས་(གློ་ཚ་ཇ་ཡལ་མ)ར་སོམས་དང་ནད་དེ་ཇ་ཡལ་བ་ལྟར་ཆགས་འགྲོ་གི་རེད་གསུང་རོགས་གནོངས། (གློ་ཚ་ཇ་ཡལ་མ)བཏགས་པས་ནད་དུག་དེ་ཇ་ཡལ་བ་བཞིན་ཆགས་རྒྱུ་བཞག་ནས་ནད་དུག་དེས་མི་རྣམས་ཇ་ཡལ་བ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་མེད་འགྲོ་གི་འདུག་པས། ལག་གཉིས་ཐལ་མོ་སྦྱར་ནས་ཚུལ་བློར་ཞུ་རྒྱུར་གལ་སྲིད་ཁྱེད་རང་ལ་འཇོན་ཐང་དང་ནུས་པ་འདྲ་ཞིག་ཡོད་སྲིད་ན། ཚན་རིག་དང་མི་མཐུན་པ་དང་རྒྱུ་མཚན་སྤུ་རྩེ་ཙམ་ཡང་མེད་པའི་གཏམ་ཉོག་དེ་འདྲ་བཤད་ནས་མི་འདུག་པར། རྒྱ་གཞུང་གིས་རྒྱ་ནག་ནང་ས་དང་ཕྱིའི་རྒྱལ་ཁབ་གང་དུའང་ཝུའུ་ཧན་ནས་ས་གནམ་གཉིས་ཀ་ནས་འགྲུལ་པ་བཀག་ཟིན་ཀྱང་། བོད་ཀྱི་ཟི་ལང་དང་ལྷ་ས་སོགས་གང་སར་ད་དུང་ཡང་ཝུའུ་ཧན་གྱི་ས་གནམ་གཉིས་ཀ་ནས་འགྲུལ་པ་ཡོང་བཞིན་པ་དང་། རྒྱ་མི་ནད་དུག་ཅན་འགའ་བོད་དུ་ཡོང་ནས་བོད་པར་ནད་དུག་དེ་བསམ་བཞིན་བགོ་བཞིན་ཡོད་པ་དག་བཀག་འགོག་ཡོད་ཐབས་གནང་རོགས་གནོངས།

དེ་མིན་འཕྲོད་བསྟེན་ལས་རིགས་དང་སྤྱི་ཚོགས་ཞབས་ཞུ་པ་ཧ་ཅང་མང་པོས་འཕྲོད་བསྟེན་སྐོར་བཤད་ཟིན་པ་དག་བསྐྱར་ཟློས་ཡང་ཟློས་བྱས་ནས་བཤད་བསྡད་པས་དགོས་པ་གང་ཡང་མ་མཐོང་། མ་ཟད་རྗེས་སོར་ཐ་སྙད་ཁེ་མཚར་བོ་དེ་འདྲ་སྤྱི་ཚོགས་དྲ་ལམ་དུ་བཏང་སྟེ་མི་སེར་དཀྱུས་མ་རྣམས་ཀྱི་མགོ་བོ་རྨོངས་སུ་མི་འཇུག་པའི་རེ་བ་སྙིང་ནས་ཞུ་རྒྱུ་ཡིན།།

བསམ་ཚུལ།

Post navigation

Previous Post: ཝུས་ཧན་རིམས་ནད།
Next Post: ཕ་ཝང་གིས་མི་ཡུལ་ལ་བསྐུར་བའི་ཡི་གེ་ཞིག

Comments (10) on “མཁན་པོ་ཚུལ་བློའི་སྨྱོ་རྟགས་ཐེངས་བདུན་མ།”

  1. ཇ་མ་ says:
    2020-02-03 at 8:39 pm

    ཚུར་བློ་དེང་སང་ཕྱི་སྐྱོད་ལག་འཁྱེར་དགྱ་གཞུང་གིས་འཕྲོག་སོང་བ་རེད།

  2. མྱི། says:
    2020-02-04 at 9:36 am

    ཨ་མདོ་་རྔ་བའི་་མི་འདི་ཚོ་ཕྲག་དོག་ཆེ་དྲག་ནས། ནང་ཁུལ་ལ་ཤེས་ཡོན་པ་ཡིན་ཟེར་མཁན་དེ་ཚོས་གསོད་རེས་ཏག་ཏག་བྱས་ནས་བསྡད་ཡོད་རེད། སྔོན་མར་མན་ཇུ་ཊི་ལ་ནས་་སྤྲོ་ཚིག་ཆོས་གྲགས་དང་རྔ་བ་ཆོས་གྲགས་གཉིས་གསོད་རེས་བྱས་ནས་བོད་མིའི་མགོ་རྣ་ཆུ་ལ་གཡུག་ཡོད་རེད། དེ་རིང་ཡང་འདིར་རྔ་བ་རུ་བའི་ཁྱི་ཞིག་གིས་ཟུག་བཞིན་འདུག ཏོག་དབྱིབས་ནད་དུག་ངག་ནས་རྟེན་འབྲེལ་གྱི་མིང་ལ་འཇའ་ཡལ་མ་བཏགས་པ་ལས། ཡིག་ཐོག་ལ་མ་འབྲི་ཟེར་ནས་ཡོངས་གྲགས་གསུངས་ཡོད་པ་ཙམ་ཡང་གོ་མི་འདུག རང་སྲང་ལམ་ནས་ཁྱི་བཞིན་ཇི་ལྟར་ཟུག་ནའང་བོད་ནང་ཁུལ་ལ་དཀྲུག་ཤིང་ཙམ་ལས་ཕན་ཐོགས་ཡོད་མི་སྲིད།

  3. ཨོ་རྒྱན་སྐྱབས། says:
    2020-02-04 at 10:29 am

    ངས་སྔོན་མ་ནས་བཤད་ཟིན། ང་རང་ནི་གཟུ་བོར་བསྡད་ནས་དྲང་པོ་གང་ཡོད་གོང་འདེགས་བྱེད་ཀྱི་ཡིན།

    ཚུལ་བློའི་སྐོར་ལ་བཤད་ན། དེང་རྒྱ་བླ་དང་སངས་རྒྱས་བསྟན་པ་བུད་མེད་དང་ནོར་དང་རྗེ་མཁན་ཇེ་མང་རེད། དེ་དག་ལས་མང་ཤོས་ཆོལ་ཁའི་ཐོག་ནས་བཤད་ན་ཁམས་པ་རེད། ཆོས་ལུགས་ཐོག་ནས་བཤད་ན་རྙིང་མ་དང་བཀའ་བརྒྱུད་རེད།

    མཐའ་ཁོབས་ཀྱི་དགོན་ཆུང་དག་ལས་ཐོན་པའི་བླ་ཆུང་དེ་ཚོས་རང་ལ་སྐྱབས་རྗེ་ཆེ་གེ་མོ་དང་མཁན་ཆེན་གེ་གེ་མོ། སྤྲུལ་སྐུ་ཆེ་གེ་མོའི་མིང་བཏགས་ནས་མི་མང་མགོ་སྐོར། བསྟན་པ་བསྟུ་དང་བརྗེ། མན་ངག་མལ་གྱི་ནང་ནས་བཙོངས་བཞིན་ཡོད།

    དེ་ལྟར་མོད་ཀྱི། ཚུལ་བློ་ནི་ཕྱི་སྤྱོད་པ་མི་མཛེས་པ་མེད་པ། ཆོས་གོས་སྣམ་གསུམ་ལ་ཆོག་ཤེས། སྡོད་ས་དགོན་པའི་ཁང་ཆུང་ཞིག་ལ་བསྡད་ན། ཟ་རྒྱུ་ཤ་མེད་ཚོད་མ། ཤོད་རྒྱུ་མི་མང་ལ་ཆོས་དང་བཟང་སྤྱོད་ཁོ་ན་བཤད་ནས་སྡོད་པ་འདི་བསྟན་པ་དང་མི་མང་ལ་ཕན་ཐོགས་ཆེན་པོ་འདུག ཚུལ་བློས་བཤད་ཚད་ཡང་དག་པ་མིན་པ་ནི་དངོས་ཡོད་རེད། དགེ་བཅུ་དེ་ཡང་ཤུགས་ཆེ་དྲགས་སོང་། གྲྭ་པས་ཚད་མ་སྦྱོངས་མི་དགོས་ཟེར་བ་དེ་ཡང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱིས་སྐུལ་བ་བདེན་ཤས་ཆེ། དེ་དག་ལ་ངོས་འཛིན་གྱིས་ཡར་རྒྱས་གཏོང་གིན་མུ་མཐུད་མི་མང་ལ་ཕན་པ་བསྒྲུབ་ན། ཁོང་བོད་ནང་ལ་ངོ་མ་བཀའ་དྲིན་ཆེ།

    དེ་མིན་བླ་ཆེན་སྤྲུལ་ཆེན་ཞིག་ཡོང་ནས། ཁྲི་རྫིགས་པོ་ཞིག་ལ་སྡོད། ཁ་ནས་རྫིགས་པོ་བཤད། གསོག་རྒྱུ་དངུལ་དང་ནོར་ལ་འབད། ལས་རྒྱུ་རྒྱོ་དང་ཟ་རྒྱུ་འབུ་སྲིན་ལས་མེད་ན་ང་ཚོ་ཅི་བྱེད།

    དེས་ན་ཚུལ་བློ་འདི་ཡང་མི་འགྲིགས་པ་མེད་ཀི།

  4. ལ་དྭགས་འཇམ་དཔལ།། says:
    2020-02-04 at 10:51 am

    ཐེངས། ཞེས་པ་སུབ་ནས་། ཐང་། ཞེས་པ་འོང་བ་ཐག་ཆོད་པ་ཡིན།

  5. ཀརྡོ་རབ་འབྱམས་པ་ says:
    2020-02-04 at 1:29 pm

    ངོ་དེབ་ལས།
    ་་་་་་་་ he second of a new generation of lineage holders of the glorious Khön family. ་་་་་་་་་་
    ༧སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་ནི། ཡབ་ས་སྐྱ་༧གོང་མ་ཁྲིི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། རྒྱལ་ཡུམ་བཀྲ་ཤིས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་བོད་རྒྱལ་ལོ་ ༢༡༠༦ ས་ལུག་བོད་ཟླ་ལྔ་པའི་ཚེས་བཅུ་སྟེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དུས་ཆེན་དགེ་བའི་ཉིན་ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༥ དེཧ་རཱ་དུན་དུ་སྐུ་འཁྲུངས། དེ་མ་ཐག་ཡབ་རྗེ་མཆོག་གིས་གོང་མའི་ཕྱག་སྲོལ་ལྟར་ལྗགས་ལ་དྷཱི་ཡིག་འབྲི་བ་དང་ལེགས་སྦྱར་སྐད་དུ་ཛྙ་ན་བཛྲ་སྟེ། ཡེ་ཤེས་རྡོ་རྗེ་ཞེས་པའི་མཚན་གསོལ།

    མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་ནི་ཐོག་མར་འོད་གསལ་ལྷ་ལས་བྱུང་ཞིང་། གཟུགས་ཁམས་ལྷ་གནས་ཀྱི་སྤུན་བདུན་ཡོད་པའི་ནང་ནས་བྱུང་བ་ཞིག་ཡིན་ལ། གདུང་བརྒྱུད་འདིར་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཞལ་བཞུགས་སྐབས་ནས་འཁོན་ཀླུའི་དབང་སྲུང་བ་སོགས་མཁས་གྲུབ་མང་པོ་བྱོན་ཏེ་བོད་ཀྱི་ནང་བསྟན་ལ་མཛད་རྗེས་ཆེན་པོ་བཞག་ཡོད།

  6. ཀརྡོ་རབ་འབྱམས་པ་ says:
    2020-02-04 at 1:31 pm

    ཐང་མ་བདུན་ལ། ཐང་བདུན་བྲིས་ན་ལེགས་པར་གསུངས།

  7. ཀརྡོ་རབ་འབྱམས་པ་ says:
    2020-02-04 at 1:32 pm

    ཐང་བདུན་ནས། ཐེངས་བདུན་དང་། ད་ཆ་ཐང་བདུན་དུ་ལོག་ན་ལེགས་པར་སེམས་སོ།།

  8. བདེན་པ། says:
    2020-02-04 at 10:02 pm

    སྤྱིར་བོད་རིགས་དང་ལྷག་པར་ཨ་མདོ་རྔ་བ་དང་། རྫ་ཆུ་ཁ་སོགས་ཀྱི་མི་རིགས་འདི་རྣམས་ལ་ཕྲག་དོག་དང་འགྲན་སེམས་ཧ་ཅང་ཆེ་ལེ་རེད། དོན་ངོ་མར་ཁྱེད་རང་གི་ལུང་པའི་མི་འདི་རྣམས་ཁྱོད་རང་གི་མིང་དང་གཅིག་པ་རེད། རྔ་བ་དུག་ཚེར་ངོ་མ་དེ་རེད། བོད་ཀྱི་ལུང་པ་འདིར་ཆོས་སྲིད་གང་གི་ཐད་ནས་ཀྱང་ཅུང་འཇོན་ཐང་ཅན་ཞིག་མགོ་འབུས་གྲབ་བྱས་ན་དེ་ནི་ཕྲག་དོག་གི་དུག་ཚེར་བཙུགས་ཤིང་། དམའ་འབེབས་ཀྱི་ཐལ་བ་སྟོར་བ་སོགས་བྱེད་པ་ནི་ད་ལྟ་མཁན་ཚུལ་བློ་གཅིག་པུ་ག་ལ་ཚད། ད་མི་བཤད་བོད་རིགས་འདི་རྣམས་སྙིང་རྗེ།

  9. ཀརྨ་ says:
    2020-02-05 at 3:04 pm

    ཚུལ་བློར་རང་སྣང་མཐོ་རྒྱུ་མང་དྲགས་འདུག བོད་ཀྱི་ཐ་རྙེད་ཡོད་བཞིན་པ་ཚོར་འགྱུར་བ་འདྲ་མིན་དང་གསར་བ་རྣམས་རྒྱ་ནག་ལ་ལད་མོ་རྐྱངས་བྱས་འདུག ད་རེ་ཁ་ཤུབ་ཟེར་བ་ཞིག་གོ་དུས་ཁ་ནང་ལན་བདེ་བོ་མི་འདུག་ འཇེ་ཤུབ་བམ་གླུག་ཤུབ་དང་འདྲ་བོ་འདུག བོད་ལ་སྔོན་མ་ནས་ཡོད་པས་ ཁ་ཡོལ་དང་ཁ་རེ་ཁ་དུམ་སོགས་ཡོད་བ་རེད་གསར་བ་ཐེབ་ཆག་དེ་འདྲ་དགོས་དོན་ཡོད་བ་མ་རེད།
    སྡ་ས་ནས་རིགས་ལམ་ཡག་པོ་ཡོད་རབས་གོ་ན་དེ་སྙིང་མ་བ་ལ་གནོད་རབས་དང་མི་བཟང་ཚུལ་སོགས་ཉ་ཉོག་ལོང་པ་གང་དང་ཇོ་ནང་པ་ཚོས་རིགས་ལམ་སྦྱངས་པར་ཕྲག་དོག་དང་མ་དགའ་བ་སོགས་ཆོས་ལུགས་སོགས་ལ་ནང་དཀྲུགས་ཡིད་ཚུམ་པ་ཞིག་བཟོས།
    ཁོས་ཆོས་འདྲ་བཤད་ཁུལ་བྱས་ན་ཡང་གཞུངས་ལ་གོ་བ་སྐྱོ་འདོག་ཁ་བོ་དང་བྱང་ཆ་མེད་པ་གཞུངས་ཚིག་བློ་ལ་མེད་པར་ཐབས་སྐྱོ་མདོག་ཁ་བོས་ཆོས་བཤད་བྱས་ནས་མང་ཚོགས་ནག་ཁུང་ནང་ལ་འཁྲིད་འགྲོ་གི་འདུག ཡིག་སྨོང་པ་ཚོར་ཆོས་བཤད་བྱ་ན་དག་དག་རེད་དེ་མིན་ཆོས་ཤེས་ཀྱི་མི་འདུག
    སྙེང་མ་པ་ཚོ་ལས་བོན་པོའི་སྒོན་པ་དེ་ཚོར་ཤེས་ཡོན་གནས་ཚེད་ཧ་ཅང་མཐོན་པོ་རེད་ཞག
    ཚུལ་བློ་སྔོན་གྱི་ཚུལ་བློ་མ་རེད་ཞག

  10. Tashi says:
    2020-02-20 at 6:24 am

    དངོས་གནས་བཤད་ན། ཚུལ་བློ་ལས་ལྷག་གི་མི་མགོ་བདེ་ཞིག་མེད་ལ། ཚུལ་བློ་ལས་ལྷག་གི་སྤྱི་ཚོགས་དཀྲུགས་མཁན་ཞིག་ཀྱང་མེད། ད་དངོས་གནས་ཚུལ་བློས་སྡུག་ཚོད་བཟུང་ན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme