Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་པར་ནང་གི་དགོད་གཏམ།

Posted on 2020-01-30 By ཁ་བརྡ 14 Comments on ཁ་པར་ནང་གི་དགོད་གཏམ།

ནམ་མཁའ།

ཨ་རིའི་སྲིད་འཛིན་ཊོམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་གཉིས་ཀྱི་ཁ་པར་ནང་གི་གླེང་མོལ་འདི་ནི། རྟོག་བཟོ་ཁོ་ན་ཡིན་པ་ལས། བདེན་པའི་ཆ་ཅི་ཡང་མེད། ཨ་རིའི་སྲིད་འཛིན་ལ་ཊོམ་ཅེས་དང་རྒྱ་ནག་གི་སྲིད་འཛིན་ལ་ཞིས་ཅེས་འབྲི་གི་ཡིན།

ཊོམ༞༞ཧ་ལོ་སྲིད་འཛིན་ཞིས་ཅིན་ཕེན། ཁྱེད་རང་གི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

ཞིས༞༞ཨོ་སྲིད་འཛིན་ཊོམ། ཁྱེད་རང་ལ་ཡང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

ཊོམ༞༞ད་ལོ་གི་ལོ་གསར་སྐྱིད་པོ་ཡོང་བའི་རེ་བ་ཡོད། ལྷག་པར་དུ་ཁྱེད་དང་ཁྱེད་ཀྱི་མི་དམངས་ཚང་མའི་སྐུ་གཟུགས་བདེ་ཐང་ཡོང་བའི་རེ་བ་ཤིན་ཏུ་ཆེ།

ཞིས༞༞ཨ་རོགས་ཁྱོས་ང་ག་རེ་བཤད་ཀི་ཡོད། ཁྱོས་ང་རང་ལ་ངོ་མཚང་འདྲི་གི་ཡོད་ནས།

ཊོམ༞༞ ཨ་རོགས་སྲིད་འཛིན་ཞིས་ངས་ཁྱེད་དང་། ཁྱེད་ཀྱི་འབངས་མི་ཡོངས་ལ་འཚམས་འདྲི་སྨོན་འདུན་ཞུས་ན་ངོ་མཚང་འདྲི་གི་ཡོད་ནས་ཟེར་ན་ག་རེ་རེད།

ཞིས༞༞ དེ་རིང་འཚམས་འདྲི་དེའི་ནང་དོན་ངས་ཧ་གོ་གི་ཡོད། ཁྱོས་ང་ལ་ངོ་མཚང་འདྲི་གི་ཡོད་ནོ་ངས་ཤེས་ཀྱི་ཡོད། ཁྱོས་ང་ལ་མཚང་འདྲི་བྱེད་ཀྱི་ཡོད་ཀི་ར། ངས་གསར་གཏོད་ཞིག་བྱས་ཡོད་བསམ་གི་ཡ།

ཊོམ༞༞ཁྱོས་གསར་གཏོད་ག་རེ་བྱས་ཡོད་བསམ་གི་ཡོད།

ཞིས༞༞ནད་འབུ་གསར་པ་ཞིག་གསར་གཏོད་བྱས་པ་ཡིན།

ཊོམ༞༞འོ་ཡ་ཁྱོས་ནད་འབུ་ཞིག་གསར་གཏོད་བྱས་ཡོད་ན། ནད་འབུ་དེའི་མིང་ལ་ཅི་ཟེར།

ཞིས༞༞ད་ཁྱོས་མི་ཤེས་ཁུལ་མ་བྱེད་ར། གསར་འགྱུར་ལ་མ་ལྟོས་ནས།

ཊོམ༞༞ངས་གསར་འགྱུར་ལ་མ་ལྟས་ཡ། ང་ཚོའི་རྒྱལ་ཁབ་དམངས་གཙོ་ཡིན་སྟབས། གཞུང་འཛིན་ཚོགས་པ་དང་སྲིད་འཛིན་ལ་ག་དུས་ཡིན་ན་ཡང་། སྡིགས་དམོད་མ་གཏོགས་གོ་རྒྱུ་ཡོད་ནི་མ་རེད། བལྟ་ཡ་སུན་སྣང་སྐྱེས་ཀི་ཡ།

ཞིས༞༞འོ་དེ་བདེན་གི་ཡ། ངོ་མ་གསར་འགྱུར་ལ་བལྟ་ཡ་སུན་རྒྱུ་རེད། ང་ཚོའི་རྒྱལ་ཁབ་ནས་གསར་འགྱུར་གང་ལ་ཉན་ན་ཡང་། གུང་ཁྲན་ཏང་དང་སྲིད་འཛིན་ལ་བསྟོད་པ་མ་གཏོགས་ཐོས་མ་མྱོང་།

ཊོམ༞༞འོ་ལོས། དམངས་གཙོ་དང་དམར་ཤོག་བར་གྱི་ཁྱད་པར་བདེན་རྫུན་བཤད་ཆོག་མིན་དེ་རེད་ལ། གང་ལྟར་ཁྱོས་གསར་གཏོད་བྱས་བའི་ནད་འབུ་གསར་བ་དེའི་མིང་ལ་ཅི་ཟེར།

ཞིས༞༞ཏོག་དབྱིབས་ནད་དུག་བཏགས་ཡོད། འཛམ་གླིང་གི་སྒང་ལ་སླེབས་པ་ཡིན་སྟབས། མིང་ལ་ཏོག་དབྱིབས་བཏགས་པ་ཡིན།

ཊོམ༞༞འོ་རེད་ཡ། དང་པོ་ངའི་བསམ་བློ་ནང་འཕྲུལ་ཆས་གསར་པ་ཞིག་གསར་གཏོད་བྱས་བཏང་ཟིག་སྙམ་ནས། ཅུང་ཟད་ཕྲག་དོག་ལངས་སོང་། ད་མིང་ལ་བལྟས་ན་ནད་འབུ་ཞིག་ཡིན་པ་འདྲ།

ཞིས༞༞རེད་རེད། ནད་འབུ་འགོས་ནད་མྱུར་མོ་མེ་ཤུགས་འཕུར་མདའ་ལས་ཀྱང་མྱུར་མོ་ཞིག་ཡིན། རྒད་པོ་ཁྱོད་འདྲ་བོའི་སྟེང་འགོས་སླ།

ཊོམ་༞༞དེ་ཡིན་ན་ཁྱེད་ཚང་གི་ཅང་ཙེ་མེན་ལ་འགོས་ཡོད་ཀི

ཞིས༞༞ད་རུང་འགོས་མེད་ཀི་ཡ། ཤི་ལ་ཁད་པོ་རྒད་པོ་ཁོ་ལ་འགོས་ན་བསམ་ཡོད་ར། རྒད་པོ་ཅང་ཙེ་མེན་གཡོ་སྒྱུ་ཆེ་ནི་རེད། ནང་ན་ཁ་མཐུམ་རྒྱབ་ནས་བསྡད་ཡོད་ཀི

ཊོམ༞༞ཨ་རོགས་མི་དམངས་ཉམ་ཆུང་ག་ཚོད་ཞིག་ལ་ཏོག་དབྱིབས་ནད་འབུ་འགོས་ཡོད་ཀི

ཞིས༞༞གྲངས་ཀ་གསང་བ་ཡིན། དང་པོ་༨༠མ་གཏོགས་འགོས་མེད་ཟེར་ནས་བཤད་ཡོད། ཡིན་ན་ཡང་། དེང་སང་འཕྲུལ་ཆས་དུས་རབས་ཡིན་སྟབས། གསང་བ་ཁ་ཤས་ཞིག་འཛམ་གླིང་ལ་བསྒྲགས་བཏང་ཟིག

ཊོམ༞༞ཨ་རོགས་ཞིས་ཁྱོས་གྲངས་ཀ་གསང་བ་བྱེད་དོན་ག་རེད།

ཞིས༞༞ངས་གསང་བ་མ་བྱས་ན། རྒྱ་ནག་མི་གྲངས་དུང་ཕྱུར་༡༤ལ་མགོ་སྐོར་ཅི་ལྟར་གཏོང་དགོས།

ཊོམ༞༞ཁྱོས་མི་དམངས་ལ་རྫུན་བཤད་ནས་མགོ་སྐོར་གཏོང་གི་ཡོད་ནས།

ཞིས༞༞རྫུན་བཤད་ཡ་ངས་བསླབས་པ་མ་རེད། མའོ་ཙེ་ཏུང་གི་སྐབས་ནས་རྫུན་བཤད་ནས་མགོ་སྐོར་བཏང་ནས་ཡོང་ནི་རེད།

ཊོམ༞༞ང་ཚོའི་དམངས་གཙོ་རྒྱལ་ཁབ་ནས། རྫུན་བཤད་ནས་མགོ་སྐོར་གཏོང་ཐུབ་ནི་མ་རེད། གསར་འགོད་པ་ཚོས་མཚང་ཆ་ཚང་རྫོགས་འཇོག་ནི་རེད། སྔོན་མ་ཁུ་ལེན་ཊོན་གི་ཡང་། ཕོ་བྲང་དཀར་པོ་ནང་ནས་བུ་མོ་རྒྱག་པ་ཞིག་གི་མཉམ་དུ་ཉལ་དུས། ཉལ་མེད་ཟེར་ནས་རྫུན་བཤད་ནས་ཁོ་ཁྲིམས་ཁང་ལ་འགྲོ་དགོས་བྱུང་བ་རེད།

ཞིས༞༞ངོ་མ་ཡིན་ཡ། ལོ་རབས་༩༠ནང་ཞིག་ཡིན་ན།

ཊོམ༞༞དྲང་མོ་ཤོད་ར་མི་ག་ཚོད་ཞིག་ལ་ཏོག་དབྱིབས་ནད་འབུ་འགོས་ཡོད་ཀི

ཞིས༞༞ངས་འཛམ་གླིང་ལ་མི་༡༧༠༠ལ་འགོས་ཡོད་ཀི་ཟེར་ནས་རྫུན་ཡོད། ཤི་གྲངས༡༤༠ཡས་མས་བཤད་ཡོད། ཡིན་ན་ཡང་། ཝུའུ་ཧན་གི་སྨན་པ་ཞིག་གིས་མ་གསང་བར་དྲང་མོ་བཤད་བཏང་ཟིག ཕལ་ཆེར་མི་ཆིག་འབུམ་ལ་འགོས་ཡོད་ས་རེད།

ཊོམ༞༞ཁྱོས་རྫུན་མ་བཤད་ལ་དྲང་མོ་བཤད་ཤོག

ཞིས༞༞ཨ་ཨ་ཨ་ཁྱོད་འདིས་ཅི་ཞིག་བཤད་ཀི་ཡོད། རྒྱ་ནག་སྲིད་གཞུང་གིས་ལོ་བདུན་བཅུའི་རིང་ལ་རྫུན་བཤད་ནས་ཡོང་ནི་རེད་ཟེར་ནས་ད་བཤད་བཏང་ནོ། ཅ་ལག་རྫུན་མ་བཟོས་ནས་ཁྱེད་ཚོ་བཙོང་ནས་ང་ཚོ་ཕྱུག་པོ་གྱུར་བ་རེད། སྐད་ཆ་རྫུན་མ་བཤད་ནས་རྒྱལ་ཁབ་སྐྱོང་དགོས་ནི་རེད།

ཊོམ༞༞ཨོ་རེད་རེད། ཨ་རོགས། ཡང་ཁྱོས་ང་རྫུན་ནས་བཤད་མགོ་སྐོར་གཏོང་གི་མེད་ལ། འུ་གཉིས་ཀྱི་ཚོང་རྟགས་རྒྱབ་ནས། མཚན་རྟགས་ཡང་བཀོད་ཡོད་ལ། མ་གཞི་ནས་ཅ་ལག་རྫུན་མ་བཟོས་ནས། འཛམ་གླིང་གི་དང་པོ་ཁྱེད་རྒྱ་ནག་ཚང་རེད་ལ། ཅ་ལག་རྫུན་མ་ལོས་བཟོ་ར།ཟ་མ་རྫུན་མ། སྨན་རྫུན་མ་ཡོད་ཚད་རྫུན་མ་རྐྱང་ལས་ནས་བཙོང་གི་ཡོད་ལ།

ཞིས༞༞ངེད་ཚང་གི་རྫུན་མ་ཅི་ཙམ་བཟོས་ན་ཡང་། ཡོ་རུབ་དང་ཨ་རི་གཉིས་ཉོ་མཁན་དང་པོ་ཡིན་ན།

ཊོམ༞༞དེ་ངོ་མ་ཡིན་ན། ཚོང་པ་དང་མི་དམངས་གཉིས་ཀ་རིན་གོང་ཆུང་ཆུང་མ་གཏོགས་དགོས་ཀི་མེད་ལ། ཅ་ལག་གི་སྤུས་ཀ་དང་རིན་གོང་གཉིས་ཀྱི་ནང་ནས་དང་པོ་རིན་གོང་ཆུང་ཆུང་ལ་བལྟ་གི་ཡ།

ཞིས༞༞རྫུན་བཤད་ནས་འཛམ་གླིང་ལ་མགོ་སྐོར་གཏོང་ཐུབ་ཀི་ཡོད་དུས། ངའི་རྒྱ་ནག་མི་དམངས་ལ་མགོ་སྐོར་ལོས་གཏོང་ཐུབ།

ཊོམ༞༞ཨ་རོགས་ཞིས་ཅིན་ཕེན། ཁྱོས་གསར་གཏོད་བྱས་ནོ་ཏོག་དབྱིབས་ནད་འབུ། བོད་མཐོ་སྒང་ལ་འཕུར་ཡོད་ཀི

ཞིས༞༞ཝུའུ་ཧན་ནད་འབུ་བཟོ་གྲྭ་ནས་བཟོས་ནས་ཕྱི་ལ་ཐོན་དུས། རྒྱ་ནག་རང་གི་གྲོང་ཁྱེར་ནང་ལ་སྔོན་ནས་ཐོན་ཚར་བ་རེད། རྗེས་ནས་གྲོང་ཁྱེར་གཞན་ཚང་མ་སྒོ་རྒྱག་གི་བཅུགས་པ་ཡིན། ཡིན་ན་ཡང་། བོད་ཀྱི་ཕྱོགས་ལ་སྒོ་ཕྱེ་ནས་བཞག་པ་ཡིན། ཡིན་ན་ཡང་། ས་མཐོ་སྟབས་མང་པོ་ཞིག་འཕུར་ཐུབ་ཡོད་ས་མ་རེད།

ཊོམ༞༞ཨཨཨ་ཁྱོད་འདི་བསམ་ནག་ཞིག་རེད་ལ།

ཞིས༞༞ཡ་ཁྱོའི་གང་ལ་གནོད་ཀི བོད་འདི་ཚོའི་ལུས་དབང་བསྒྱུར་བཏང་ན་ཡང་། སེམས་དབང་བསྒྱུར་བྱེད་མི་ཐུབ་ཀི ལོ་ངོ་༦༠རིང་ལ་གཅར་རྡུང་བྱས་ནས་བསྡད་ནི་རེད། ད་རུང་ཡང་གུང་ཁྲན་ཏང་ལ་སེམས་ནས་དགའ་མཁན་ཞིག་དང་།སེམས་ནས་མགོ་སྒུར་མཁན་ཞིག་མེད་ལ།

ཊོམ༞༞ ཧཧཧ་ད་ཁྱོའི་བླུན་འདང་མ་རྒྱག་ཡ།འཛམ་གླིང་སྟེང་བོད་མི་སྐྱབས་བཅོལ་བ་ཆིག་འབུམ་ལྷག་ཟིག་མ་གཏོགས་ཡོད་པ་མ་རེད། ཡིན་ན་ཡང་ཁྱོས་ལྟོས་ར། རྒྱ་ནག་རྒྱལ་ཁབ་ཀྱི་ཁ་གཏད་ཅོག་ཐུབ་ཀི་ཡོད་པ་རེད། མ་ཟད་རྒྱལ་བ་རིན་པོ་ཆེ་ཡིས་འཛམ་གླིང་དབང་དུ་བསྒྱུར་ནས་འགྲོ་གི་ཡོད་པ་རེད། ཁྱོས་ནམ་ཡང་བོད་མིའི་སེམས་དབང་བསྒྱུར་བྱེད་ཐུབ་པའི་རེ་བ་དང་རྨི་ལམ་མ་གཏོང་ཡ།

ཞིས༞༞ངོ་མ་རེད། ངའི་སེམས་ནས་བོད་མིའི་སེམས་དབང་བསྒྱུར་གཏོང་མི་ཐུབ་པ་ཤེས་ཡོད། གང་ལྟར་ཡང་། བོད་དང་རྒྱ་གཉིས་ཀྱི་ལམ་ཁ་མཐུན་ས་ཞིག་ལ་འགྲོ་ཐུབ་ཀི་བལྟ་དགོས་རྒྱུ་རེད་འདོད་ཀི་ར། རྒད་པོ་ཅང་ཙེ་མེན་གི་ཕྱོགས་མང་དྲགས་ནས། ང་གཅིག་པོ་ཡིས་དབང་ལ་མི་ཡོང་གི་ཡ། རྒད་པོ་ཅང་ཙེ་མེན་ལ་ཏོག་དབྱིབས་ནད་འབུ་ཞིག་འགོས་ན་བསམ་ཀི་ཡོད།

ཊོམ༞༞ཡཡཡ་ད་ཁྱོའི་སེམས་ཀྱི་དཀའ་ངལ་ངས་ཤེས་ཀི་ར། ད་རུང་ཁྱོས་དཀའ་རྒྱུ་རེད། ཨ་རོགས་ངས་གཅིག་དྲན་ཚུལ་ལ། སྔོན་མ་༢༠༠༣ལོ་ཞིག་ལ། རྒད་པོ་ཧོའུ་ཆིན་ཐའོ་གི་ཡང་། ནད་འབུ་ཞིག་གསར་གཏོད་བྱས་བཏང་ཁ་ཞིག་ཡིན་ན།

ཞིས༞༞འོ་རེད་རེད། རྒད་པོ་ཧོའུ་ཆིན་ཐའོ་གི་ཡང་དེ་འདྲའི་ནད་འབུ་ཞིག་བཟོས་ནི་རེད། ཁོ་སྙིང་རྗེ། གུང་ཁྲན་ཏང་གི་མནའ་མ་དབང་མེད་ཞིག་བྱས་ནས་ལོ་བཅུ་བུད་སོང་ནི་རེད། ཨ་མྱེས་ཅང་ཙེ་མེན་གིས་ཁོ་ལ་་དབང་སྤྲད་མེད་ལ།

ཊོམ༞༞འོ་ལོས། རྒད་པོ་ནུས་མེད་འཇོན་ཐང་མེད་ནི་ཟིག་རེད། འོ་རྒད་པོ་ཧོའུ་ཆིན་ཐའོ་ལ་ཏོག་དབྱིབས་ནད་འབུ་འགོས་མེད་ལ།

ཞིས༞༞མེད་ཀི་མེད་ཀི་ཡ། ངས་ར་ཁོ་ལ་ཁྱོད་ནང་ནས་ཁ་མཐུམ་རྒྱབ་ནས་ཁྱིམ་ནས་ཕྱི་ལ་མ་འབུད་ལབ་ཡོད། རྒད་པོ་ཕྱི་ལ་འབུད་ཐུབ་ནི་མ་རེད།

ཊོམ༞༞འོ་ཡ། ད་དེ་རིང་ངེད་གཉིས་ཀྱིས་ཁ་བརྡ་ཡར་མར་མང་པོ་བཤད་སོང་། ཁྱེད་ཀི་ཨ་མ་དང་ཁྱོའི་རྒན་མོ་གཉིས་ལ་ཡང་ལོ་གསར་འཚམས་འདྲི་ཞུ་གི་ཟེར་ནས་ལབ་རོགས། ཁྱེད་ཀྱི་རྒན་མོ་ལ་I love youཟེར་ནས་དམིགས་བསལ་འཚམས་འདྲི་ཞུ་རོགས།

ཞིས༞༞ཨ་རོགས། ཁྱོས་ག་རེ་ལོབ་ཟེར་ཡ་ངའི་རྒན་མོ་ལ། འོ་ཡཡ་ཁྱེད་ཀྱི་རྒན་མོ་ལ་ཡང་ངས་འཚམས་འདྲི་ཡོད་ཞུ་རོགས།

ཊོམ༞༞ཡ་ཡ་ད་བདེ་མོ་བྱོས་ཡ། ལག་རྟགས་ལ་ཁྱེད་ལ་ཁ་མཐུམ་ཞིག་དགོས་ན། ངས་ཁྱེད་ལ་གཅིག་ཉོས་ནས་སྐུར་ཆོག

མཚར་གཏམ།

Post navigation

Previous Post: བོད་མི་ཚོ་ཉིན་རེའི་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད།
Next Post: ཀོ་རོ་ན་གཉན་རིམས་(coronavirus)ངོ་སྤྲོད།

Comments (14) on “ཁ་པར་ནང་གི་དགོད་གཏམ།”

  1. མྱི། says:
    2020-01-30 at 5:08 am

    ཊམ་དང་། ཞིས་གཉིས་ཀྱིས་ཨམ་སྐད་བཤད་ནས་བུད་སོང་ཟིག ཡིག་ནོར་ལུང་པར་བཀང་ནས་བུད་སོང་ཟིག ཡ།

  2. བན་དེ་བ་ཉི་མ། says:
    2020-01-30 at 8:11 am

    འོ་འདུག་འདུག ཊམ་གྱི་སྐྱོན་མཚངས་གང་ཡང་བཏོན་མི་འདུག དྲང་གཏམ་མི་འདུག ཞི་དང་ཊམ་གཉིས་ཨ་མདོ་བ་ཡིན་ས་རེད། ཨམ་སྐད་ཐོག་སྐད་ཆ་བཤད་འདུག་ཧཧཧ

  3. རིན་ཆེན says:
    2020-01-30 at 12:56 pm

    སྤྱིར་རྩོམ་ཀློག་དུས།དུས་ལ་བསྟུན་ནས་ཀློག་དགོས་པ་དང་། དགོད་གཏམ་འདི་དུས་ལ་བསྟན་ནས་བྲིས་སྟབས།ཁ་སང་དེ་རིང་གི་གནས་ཚུལ་ལ་བལྟས་ནས་ཀློག་དགོས་པ་ཞིག་རེད།དགོད་གཏམ་སྐྱིད་པོ་ནང་དོན་ཡོད་པ་ཞིག་འདུག

  4. གཡུ་དྲུང་ says:
    2020-01-30 at 11:04 pm

    སྙན་པོ་འདུག

  5. གཡུ་དྲུང་། says:
    2020-01-30 at 11:04 pm

    ཧ་ཧ་ཧ་

  6. བཀྲ་ཤིས། says:
    2020-01-31 at 12:00 am

    གད་སྙིགས་རང་རེད་འདུག ། ཡིག་སྐད་འཕྲོ་བརླག་གཏོང་མཁན།

  7. ཨ་ཁུ་འབྲོག་པ། says:
    2020-01-31 at 7:38 am

    གད་སྙིགས་རང་ལྟ་མ་རེད། སྤྱིར་ཡར་ཐོན་རྒྱལ་ཁབ་ཀྱི་མི་དམངས་ལྟར། དཔལ་འབྱོར་འདུ་འགོད་སོགས་ཀྱི་ལས་ཀ་མེད། གཞན་ཕན་ཆོས་སྲིད་ཀྱི་བྱ་བའི་ལས་བྲེལ་ཏིལ་འབྲུ་ཙམ་མེད་པར། ཉི་རིང་མི་འབུད་པའི་མི་འདི་དག་གིས་རྙོགས་བཤད་རིང་མོ་དག་ལས་འདི་ཅུང་ཙམ་དགོད་བྲོ་བ་འདུག །

  8. ཨོ་རྒྱན་སྐྱབས། says:
    2020-01-31 at 12:58 pm

    ཊོམ། སྲིད་འཛིན་ཞི་ཅིང་ཕིང་། ཁྱེད་ཅག་གི་ལུང་པར་མེ་སྐྱོན་ཆེན་པོ་བྱུང་བར་སེམས་ཚབ་ཡོད། བྱས་ཙང་ཁ་ས་ངས་ཨ་རིའི་མི་གསོད་ཆེད་ལས་པ་སྟོང་གཅིག་པེ་ཅིང་ལ་བཏང་ཟིན།

    ཞི་ཅིང་ཕིང་། འབྱོར་སོང་། ཁོང་ཚོའི་གྱོན་ཆས་དེ་དག་འདིར་ཉར་ནས་མི་རྣམས་ཕར་བཏང་ཟིན།

    ཊོམ། ཨོ། མི་འདི་ཚོས་གང་འགྲིགས་མ་སོང་།

    ཞི། ལྐུགས་པ། ང་ཚོ་འདིར་གཉན་རིམས་ཀྱི་དཀའ་ངལ་རེད། མི་འདི་འདྲའི་གླ་བོ་གཅིག་

    ཊོམ། ཨོ། གཉན་རིམས་ཟེར་ན་གང་འདྲས། འདི་ངའི་ཐོའི་ནང་མི་འདུག

  9. ཨོ་རྒྱན་སྐྱབས། says:
    2020-01-31 at 12:58 pm

    མེ་གསོད་

  10. རིན་ཆེན says:
    2020-02-01 at 3:26 am

    ཊོམ:::ཁྱོས་ད་ལོ་ལོ་གསར་ལ་མི་དམངས་ལ་ལག་རྟགས་ཡག་པོ་སྤྲད་འདུག
    ཞིས:::རྒྱ་ནག་མི་དམངས་གཅིག་པོའི་མི་ཚད།འཛམ་གླིང་མི་དམངས་ལ་ལག་རྟགས་བྱིན་ཡོད།
    ཊོམ༜༜༜ ང་ཚོ་ཁྱོའི་ལག་རྟགས་མི་དགོས་ཡ།

    ཞིས༜༜༜ངའི་ལག་རྟགས་རེ་ཟུང་ལོངས་ར་ཡག་གི་རེད།
    ཊོམ༜༜༜ ཏོག་དབྱིབས་ནད་འབུ་གསར་གཏོད་ཅི་ལྟར་བྱས་པ་ཡིན།

    ཞིས༜༜༜ངེད་གཉིས་བར་གྱི་ཚོང་འབྲེལ་ཆད་སོང་ནི་རེད། ཕག་ཤ་ཟ་རྒྱུ་མ་རེག་ན། ས་འོག་སྟེང་གི་སྲོག་ལྡན་ཡོད་ཚད་ཟས་ནས་གསར་གཏོད་བྱས་ཡོད།
    ཊོམ༜༜༜འོ་ཡ་དེ་ཡིན་ན་ཁྱོས་ཟ་རྒྱུ་འཐུང་རྒྱུ་ལ་དཀའ་ངལ་ཡོད་ས་མ་རེད་ལ།
    ཞིས༜༜༜ཁྱོས་ཕག་ཤ་མ་བཙོང་ཡང་ཤ་ཟ་རྒྱུ་ལ་དཀའ་ངལ་མེད།འབུ་གྲོག་མ་ནས་བཟུང་ཡོད་ཚད་ཟ་ནི་རེད།

  11. བློ་བཟང་༡༩༩ says:
    2020-02-01 at 11:45 am

    ཡག་ཀི་ཡ

  12. བསམ་ཤེས་ says:
    2020-02-02 at 1:24 am

    བློ་སེང་། ཀྲུ་ཞི་ཤི་ཅིང་ཕིང་ལགས། བཀྲ་ཤིས་བདེ་ལེགས།

    ཤི་ཅིང་ཕིང་། ཁྱོད་སུ་ཡིན།

    བློ་སེང་། ང་བཙན་བྱོལ་བོད་གཞུང་གི་བློ་སེང་ཡིན།

    ཤི་ཅིང་ཕིང་། ཁ་པར་གཏོང་དགོས་དོན་ཅི་ཡིན།

    བློ་སེང་། ངའི་རེ་བར་ང་ཚོ་རྒྱ་བོད་འབྲེལ་བ་སླར་གསོ་བྱེད་འདོད།

    ཤི་ཅིང་ཕིང་། རེད། རེད། ང་ལ་ཡང་འདོད་པ་འདི་ཡོད། གནངས་ཉིན་ཁྱེད་ཚོ་ཝུ་ཧན་ལ་ཕེབས་ཤོག ང་ཚོ་སྐད་ཆ་ཤོད་ཀོ།

    བློ་སེང་། ལགས་སོ། ངེས་པར་དུ་བཅར་གྱི་ཡིན།

  13. བན་དེ་བ་ཉི་མ། says:
    2020-02-02 at 2:25 am

    ཤི་ཅིང་པིང་ལགས་བཀྲ་ཤིས་བདེེ་ལེགས། ཤིས་་་་ཁྱོད་སུ་ཡིན་ནམ། ང་བླ་མ་སྤྲུལ་སྐུ་ཆེན་པོ་ཞིག་ཡིན། འོ་ད་ཡག་པོ་བྱུང། དེང་སང་ང་ཡི་ལུང་པར་ནད་ངན་བཅོས་ཐབས་མེད་པ་ཞིག་དར་ནས་མི་ཚང་མར་སེམས་འཚབ་ཆེན་པོ་འདུག་པས་ཁྱེད་ཀྱིས་རོགས་པ་ཞིག་གནང་རོགས། ཁྱེད་ཚོ་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་མཁན་རེད་པ། བླ་མས། འོ་དེ་གདའ་རེད་དེ། ཡིན་ནའང་ང་ཚོ་ནི་སེམས་ཀྱིས་་སྨོན་ལམ་འདེབས་པ་ལས་ལག་ལེན་དུ་བསྟར་མཁན་མིན། ད་ལན་བྱུང་ན་བླ་མ་སྤྲུལ་སྐུ་མང་ཙམ་ཞིག་འདི་ན་ཕེབས་ནས་དངོས་ཡོད་ཀྱིས་རོགས་པ་ཞིག་གནང་བའི་སྐྱབས་འཇུག་ཞུ་གི་ཡོད། འོ་བླ་མ་སྤྲུལ་སྐུ་ཆེན་པོ་ཚང་མ་དེང་སང་སྐུ་མཚམས་ལ་བཞུགས་འདུག་པས་ཕེབས་ཁོམས་མི་འདུག ད་དེ་རེད། ཡང་གཡོལ་ཚར་འདུག

  14. རྒྱ་མ་ཚང says:
    2020-02-02 at 3:24 am

    ཨ་ོ་པོ་ཞིའི་ཁྱོད་སྤྱི་འབྲ་ཡོད་བདེ་པོ་ཨེ་རེད་
    ཡ་ལོ་ཞང་ཨ་རོགས་ཁྱོད་བདེ་པོ་ཡིན་པས་་ད་ལོ་་ཁྱོད་ཚོའི་མགོ་་བས་ལས་དོན་གསར་པ་བཙོམ་གྱི་ཨ་འདུག
    ཡོད་ཡོད་ཞིའི་དཔོན་པོ་ལག་ དེང་སྐབས་སྟོང་ཉིད་སྙིས་རྗེ་གཟུང་དུ་མཇུག་པེའི་བླ་མ་སྐྱེ་ཆེན་དམ་པ་རྣམས་ནས་འགྲོ་བ་རྣམས་ཆོས་ཉེད་བདེན་པ་མཐོང་བའི་ཆེད་སྐུ་གསུང་ཐུགས་ཀྱི་དཔྱད་རྒྱ་དམ་པོར་ནད་རིམས་ལྡོགས་པ་གནང་གི་འདུག་པས་དེ་ལ་གང་ཐུབ་ཐུབ་གནོད་བྱེད་ཞིན་ཡོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme