Skip to content
  • མདུན་ངོས།
  • ཁ་བརྡའི་དམིགས་ཡུལ།
  • འབྲེལ་གཏུགས།
  • གསར་འགྱུར།
  • རྩོམ་རིག
  • བསམ་ཚུལ།
  • སྣ་ཚོགས།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • ངོ་སྤྲོད།

ང་ཚོས་ལྟ་གི་ཡིན།

Posted on 2020-01-202020-01-21 By ཁ་བརྡ་ 1 Comment on ང་ཚོས་ལྟ་གི་ཡིན།

པདྨ་ཚེ་དབང་ཤཱསྟྲིས།

ང་ཚོས་ལྟ་གི་ཡིན། (Hum Dekhenge) by Faiz Ahmad Faiz

Hum dekhenge
Lazim hai ke hum bhi dekhenge
Wo din ke jis ka wada hai
Jo lauh-e-azl mein likha hai
ང་ཚོས་ལྟ་གི་ཡིན།
ང་ཚོས་ཀྱང་ངེས་པར་དུ་ལྟ་གི་ཡིན།
རྟག་བརྟན་གྱི་བྱང་བུ་ལ་བྲིས་བཞག་པའི།
ཁས་ལེན་གྱི་ཉི་མ་དེ་ལྟ་གི་ཡིན།
Jab zulm-o-sitam ke koh-e-garan
Rooi ki tarah ur jaenge
Hum mehkoomon ke paaon tale
Ye dharti dhar dhar dharkegi
Aur ahl-e-hakam ke sar oopar
Jab bijli kar kar karkegi
Hum dekhenge
Lazim hai ke hum bhi dekhenge
གདུག་རྩུབ་དང་མནར་གཅོད་ཀྱི་རི་བོ་དེ།
སྲིན་བལ་བཞིན་འཕུར་ནས་འགྲོ་དུས་དེར།
ངེད་མནར་མཁན་གྱི་རྐང་འོག་ས་གཞི་འདི།
གཡོ་འགུལ་གྱིས་འདར་འདར་འཕྲུག་འཕྲུག་བྱེད།
དབང་སྒྱུར་པའི་མགོ་བོའི་རྩེ་མོ་ན།
གློག་དམར་གྱི་ཐོག་རྒྱག་ཡོང་གི་རེད།
ང་ཚོས་ལྟ་གི་ཡིན།
ང་ཚོས་ཀྱང་ངེས་པར་དུ་ལྟ་གི་ཡིན།
Jab arz-e-Khuda ke kaabe se
Sab but uthwae jaenge
Hum ahl-e-safa mardood-e-harm
Masnad pe bethae jaenge
Sab taaj uchale jaenge
Sab takht girae jaenge
Hum dekhenge
Lazim hai ke hum bhi dekhenge
མཆོག་གསུམ་གྱི་ཞི་བདེའི་ཞིང་ཁམས་ནས།
རྫུན་གཏམ་གྱི་རྐུ་འདྲེ་རྣམས་མཐར་སྤྲོད་དུས།
གནས་རྩ་ཆེན་ནས་བཀག་པའི་དད་ལྡན་རྣམས།
ཁྲི་མཐོན་པོའི་སྟེང་དུ་འཇོག་གི་རེད།
ཅོད་པཎ་དག་རྡོག་པས་བརྫི་གི་རེད།
སྲིད་སྟེགས་དག་ཆམ་ལ་འབེབས་ཀྱི་རེད།
ང་ཚོས་ལྟ་གི་ཡིན།
ང་ཚོས་ཀྱང་ངེས་པར་དུ་ལྟ་གི་ཡིན།
Bas naam rahega Allah ka
Jo ghayab bhi hai hazir bhi
Jo manzar bhi hai nazir bhi
Utthega an-al-haq ka nara
Jo mai bhi hoon tum bhi ho
Aur raaj karegi Khalq-e-Khuda
Jo mai bhi hoon aur tum bhi ho
Hum dekhenge
Lazim hai ke hum bhi dekhenge
གང་མངོན་པ་ཡིན་ལ་མི་མངོན་པའང་ཡིན།
ལྟད་མོ་ཡིན་ལ་ལྟ་མཁན་ཡང་ཡིན་པའི།
མཆོག་གསུམ་གྱི་མིང་དེ་གནས་ཀྱི་རེད།
ང་བདེན་པ་ཡིན་ཞེས་འབོད་སྒྲ་སྒྲོགས།
དེ་ང་ཡང་ཡིན་ལ་ཁྱོད་ཀྱང་ཡིན།
དུས་དེ་ནས་བདེན་པས་དབང་སྒྱུར་བྱེད།
དེ་ང་ཡང་ཡིན་ལ་ཁྱོད་ཀྱང་ཡིན།
ང་ཚོས་ལྟ་གི་ཡིན།
ང་ཚོས་ཀྱང་ངེས་པར་དུ་ལྟ་གི་ཡིན།།

པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༠ ཟླ་༡ ཚེས་༡༧ ཉིན་བསྒྱུར།

མཆན། གླུ་འདི་ནི་ཕིཡཛ་ ཨེ་མཌ་ ཕིཡཛ་གྱིས་བརྩམས་ཤིང་། པ་ཀིས་ཐཱན་གྱི་ནང་དམག་སྤྱི་ཛི་ཡ་ ཨུལ་ཧག་གིས་སྲིད་དབང་བཟུང་སྐབས། ཡུལ་དེའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ། སྲིད་དབང་སྒེར་སྤྱོད་བྱེད་པའི་སྐབས་སུ་གླུ་འདི་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད། ཉེ་ཆར་རྒྱ་གར་ནང་གི་ངོ་རྒོལ་བ་ཚོས་ཀྱང་བེད་སྤྱོད་གཏོང་བཞིན་ཡོད། བོད་སྒྱུར་བྱེད་སྐབས་ཨལ་ལཱ་དང་།་ཁུ་དྷ། ཁ་བྷ་སྟེ་ཁ་ཆེའི་ཆོས་ལུགས་ཀྱི་འཇིག་རྟེན་བྱེད་པོ་དང་། དེའི་གནས་ཡུལ་དག་རང་རེའི་གནས་སྟངས་ལ་རན་ཕྱིར་མཆོག་གསུམ་དང་ཞིང་ཁམས་བཅས་སུ་བསྒྱུར་བ་ཡིན།

གླུ་གཞས།, འགྱུར་རྩོམ།, སྣ་ཚོགས།

Post navigation

Previous Post: རྒྱལ་ཡུམ་ཆེན་མོ་བཀླགས་པའི་མྱོང་ཚོར།
Next Post: རྒད་པོ་ཤིང་རྟ་པ།

Comment (1) on “ང་ཚོས་ལྟ་གི་ཡིན།”

  1. ཀརྡོ་རབ་འབྱམས་པ་ says:
    2020-01-26 at 9:51 pm

    པདྨ་ཚེ་དབང་ཤཱསྟྲིས།

    ང་ཚོས་ལྟ་གི་ཡིན། (Hum Dekhenge) by Faiz Ahmad Faiz

    Hum dekhenge
    Lazim hai ke hum bhi dekhenge
    Wo din ke jis ka wada hai
    Jo lauh-e-azl mein likha hai
    ང་ཚོས་ལྟ་གི་ཡིན།
    ང་ཚོས་ཀྱང་ངེས་པར་དུ་ལྟ་གི་ཡིན།
    རྟག་བརྟན་གྱི་བྱང་བུ་ལ་བྲིས་བཞག་པའི།
    ཁས་ལེན་གྱི་ཉི་མ་དེ་ལྟ་གི་ཡིན།
    ་
    ང་ཚོས་ལྟ་བགྱི་ཡིན།
    འགྱུར་མེད་ཀྱི་བྱང་བུ་ལ་བྲིས་བཞག་པའི།
    ང་ཚོས་ཀྱང་ངེས་པར་དུ་ལྟ་བགྱི་ཡིན།
    ཁས་ལེན་གྱི་ཉི་མ་དེ་ལྟ་བགྱི་ཡིན།
    ་
    ཀརྡོས། སྤྱི་སྐད་སྤེལ་ཕྱིར་བྱས་པའོ།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on རྒྱ་རི་སྒྲོལ་མས་གསལ་བཤད་ཅིག་གནང་དགོས་ཀྱི་འདུག
  • གཞུང་པ་ཚེ་དབང་བསོད་ནམས on སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་སྐོར་ལ་དཔྱད་པའི་གཏམ།
  • Sonam on སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་སྐོར་ལ་དཔྱད་པའི་གཏམ།
  • པ་རྡོ་རེ། on སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • རྣམ་རྒྱལ་སྒྲོལ་དཀར། on སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • རིན་ཆེན on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • namgyal on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Motsetung on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • Motsetung on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • Sonam on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • པ་རྡོ་རེ། on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • གཞུང་པ་ཚེ་དབང་བསོད་ནམས། on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Dawa on ཡིག་སྒྱུར་གོ་བསྡུར། Subtitle བོད་སྐད་ལ་ཇི་ལྟར་འབྲི་འམ།
  • རིན་ཆེན on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Tseten Gyurmae on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)

ཉེ་ཆར་གྱི་རྩོམ།

  • གངས་རིའི་སྤུན་གསུམ་ལ་སྤྲིངས་བའི་བར་སྣང་སྤྲིན་གྱི་ཕོ་ཉ།
  • གཉིད་མ་སད་ཀྱི་ཉིན་ཐོ།
  • བཅའ་སྡོད་སློབ་གྲྭ།
  • རྒྱ་རི་སྒྲོལ་མས་གསལ་བཤད་ཅིག་གནང་དགོས་ཀྱི་འདུག
  • ཅོང་བརྡ།
  • ཁྱོད་བུད་སོང་།
  • ཐན་སྐད།
  • སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་སྐོར་ལ་དཔྱད་པའི་གཏམ།
  • ​«ཞར་ལའོ་ཁྲིའི་སྡོམ་ཐག»གི་བཀླགས་ཚོར་ཐན་ཐུན།
  • བསམ་གཞིག
  • ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 9
  • ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • གསོ་རིག་བཀླགས་བྱང་།

ཤོག་ངོས།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • འབྲེལ་གཏུགས།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • འཇུ་ཆེན་དང་སྤེན་ཚེ་གཉིས་གཅིག་པ་གཅིག་རྐྱང་རེད། (774)
  • སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད། (739)
  • བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག) (471)
  • ༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ། (468)
  • ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག (377)
  • བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ། (331)
  • གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད། (297)
  • དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ། (273)
  • བོད་རྒྱལ་ལོ་སྐོར་ལ་འཆད་ཁྲིད་ཐེངས་གཅིག (259)
  • སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན། (252)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

ཡིག་མཛོད།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • གཡུ་ཞུན་དྲ་བ།
  • ཕ་ཡུལ།
  • བཙན་པོ་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དྲ་སྣང་དུས་དེབ།
  • བོད་ཀྱི་དུས་བབ།
  • བོད་ཀྱི་དེ་ཕོ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • མཆོད།
  • མི་རབས་གསར་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རང་བཙན་མཐུན་ཚོགས།
  • རི་མཐོ་ས་གཙང་།
  • ལ་རྩེ་དཔེ་མཛོད་ཁང་།
  • ལུག་ཚང་དཔལ་ཡོན།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

འཛིན་སྐྱོང་།

  • Log in

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme