Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་རྐང་སྤོལ་ལ་བལྟ་བ།

Posted on 2010-06-232010-06-23 By ཁ་བརྡ་ 15 Comments on འཛམ་གླིང་རྐང་སྤོལ་ལ་བལྟ་བ།

FBL-EUR2004-GRE-CZEར་ས་ཕོ་ཉས།
འདི་ཟླའི་ཚེས་པ་༡༡ནས་འགོ་བཙུགས་ཀྱིས་འཛམ་གླིང་འདིའི་རྐང་སྤོལ་རྩེད་འགྲན་དུ་ཚུད་པའི་རྒྱལ་ཁབ་༣༢ཀྱིས་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་དང་། དེ་ཡང་སྡེ་ཚན་ཁག་བརྒྱད་དུ་བགོས་ནས་རྒྱལ་ཁབ་རེས་མ་མཐར་ཐེངས་གསུམ་རེ་རྩེད་འགྲན་བྱེད་ཀྱི་ཡོད། སྤྱི་ཚེས་༢༢བར་ཉིན་རེ་འགྲན་བསྡུར་ཐེངས་གསུམ་རེ་ཚོགས་ཀྱི་ཡོད་ལ་ཚེས་༢༢་ནས་ཉིན་རེར་ཐེངས་བཞི་རེ་ཚོགས་ཀྱི་ཡོད། ད་བར་རྩེད་འགྲན་བྱས་པ་ལས་སྡེ་ཚན་བརྒྱད་པོ་རེ་རེ་ནས་རྒྱལ་ཁ་ལེན་མཁན་རྒྱལ་ཁབ་གཉིས་རེ་ཐེངས་ཕྱི་མའི་བཅུ་དྲུག་རྭ་བ་བྱ་བ་དེ་ནང་ཚུད་ཀྱི་ཡོད་འདུག དེ་རིང་བར་རྩེད་འགྲན་བྱས་པ་ལས། སྡེ་ཚན་ཀ་པ་ནས་གཡུ་རུ་གྷ་ཡ་དང་མེཀ་སི་ཀོ་གཉིས་དང་། ཁ་པ་ནས་ཨར་ཇིན་ཊི་ན་དང་༼མང་གཙོ་༽ལྷོ་ཀོ་རི་ཡ་གཉིས་ཚུད་ཡོད་པ་དང་། ལྷོ་ཨཕ་རི་ཀ་དང་ཧྥ་རེན་སི་གཉིས་དང་གྷི་རི་སི་དང་ནི་ཇི་རི་ཡ་གཉིས་བུད་འདུག
དེ་དག་ལས་ཨར་ཇིན་ཊི་ན་ནི་འདི་ལོའི་ཕོར་པའི་རྟགས་མ་ལེན་རྒྱུའི་རེ་ཆེན་པོ་ཡོད་མཁན་ཞིག་ཡིན། སྐད་གྲགས་ཡོད་པའི་དབྱིན་ཇི་དང་ཇར་མ་ནི་དང་སེ་པིན་དང་ཨི་ཊ་ལི་བཅས་ནི་ད་དུང་བཅུ་དྲུག་རྭ་བ་བྱ་བའི་ཚུད་རྒྱུ་ཐག་ཆོད་མེད་པ་དང་བྷར་ཛིལ་དང་ནི་དྷར་ལེནྜ་༼ཧོ་ལེནྜ།༽ནི་བཅུ་དྲུག་རྭ་བའི་ནང་ཚུད་ཟིན་པ་ཡིན། བཅུ་དྲུག་རྭ་བ་ནི་འགྲན་བསྡུར་དང་པོའི་ནང་ནས་རྒྱལ་ཁ་ལེན་མཁན་གྱི་རྒྱལ་ཁབ་བཅུ་དྲུག་ཕན་ཚུན་བསྡུར་རྒྱུ་དེ་ཡིན་ལ། དེ་ནས་རྒྱལ་ཁབ་བརྒྱད་ཀྱིས་ཟུར་བཞིའི་ཐ་མའི་འགྲན་བསྡུར་དང་། དེ་ནས་རྒྱལ་ཁབ་བཞིས་ཕྱེད་ཐ་མའི་འགྲན་བསྡུར་གཉིས་དང་། དེ་ནས་ཨང་རིམ་གསུམ་པའི་འགྲན་བསྡུར་དང་། གོང་གི་ཕྱེད་ཐ་མའི་འགྲན་བསྡུར་བྱས་ནས་རྒྱལ་ཁ་ལེན་མཁན་གཉིས་ཀྱིས་ཟླ་བ་ཕྱི་མའི་ཚེས་༡༡ཉིན་ཐ་མའི་འགྲན་རྩེད་དེ་རྩེ་རྒྱུ་ཡིན་འདུག
tina_v_N
དྲ་གྲགས་མང་པོ་ཞིག་ལ་བརྙན་འཕྲིན་བལྟ་ཁོམ་མེད་པར་སོང་རེ་ཞིག་རྐང་སྤོལ་བལྟ་རྒྱུའི་གོ་སྐབས་ཕྲ་བ་ལྟ་བུར་འགྱུར་ཀྱང་། གལ་ཏེ་གློག་ཀླད་ཐོག་དྲ་འདྲེན་གྱི་མྱུར་ཚོད་མགྱོགས་པོ་ཡོད་ན་འདི་ནས་རྐང་སྤོལ་ལྷོད་ལྷོད་ངང་ཐད་ཀར་གཟིགས་ཐུབ། http://atdhe.net/index.html

གསར་འགྱུར།

Post navigation

Previous Post: ཀརྨ་བསམ་གྲུབ་ཀྱིས་སུ་ལ་གནོད་སོང་།
Next Post: ཨེ་ཁ་པར་ iPhone ཐོག་ནང་པའི་ཆོས་སྤྱོད་ཞལ་འདོན་འཇུག་འགོད་བྱེད་ཐུབ་པ།

Comments (15) on “འཛམ་གླིང་རྐང་སྤོལ་ལ་བལྟ་བ།”

  1. ར་ས་ཕོ་ཉ། says:
    2010-06-23 at 12:22 pm

    གོང་གི་རྩོམ་ཡིག་དེ་ཁ་སང་བྲིས་པ་ཡིན་སྟབས་དེར་དབྱིན་ཇི་བཅུ་དྲུག་རྭ་བའི་མི་ཚུད་རྒྱུའི་ཉེན་ཁ་བཤད་ཡོད་ནའང་། ད་ལྟ་དབྱིན་ཇི་དང་ཨ་རི་གཉིས་ཆར་བཅུ་དྲུག་རྭ་བའི་ནང་ཚུད་ཤག

  2. ར་ས་ཕོ་ཉ། says:
    2010-06-23 at 3:46 pm

    ཁ་སང་ཧྥ་རེན་སི་བུད་པ་དང་། ད་རིང་ཡང་འཇར་མ་ནི་བུད་གྲབས་བྱེད་ཀྱི་འདུག་པས། འདི་ལོའི་རྐང་སྤོལ་འདི་ནང་ཨ་མི་རི་ཀའི་རྒྱལ་ཁབ་བཞི་དང་ཨེ་ཤ་ཡ་ཚོ་ཡག་པོ་སླེབས་ས་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2010-06-24 at 1:54 am

    པོ་ལོ་དང་སྤོ་ལོ། རྐང་པོལ་དང་། རྐང་སྤོལ་གཉིས་གང་དག་ཆེའམ། རྐང་རྩེད་པོ་ལི། ཞེས་ཟེར་དགོས་ཏེ། པོ་ལོ་ནི། ཨིན་སྐད་དུ། Poloའི་སྐད་དོད་དུ་དར་ཟིན་པ་རེད། ཨིན་སྐད་ཀྱི་པོ་ལོའི་ཁུངས་དེ་ཡང་བོད་སྐད་ལ་གཏུགས་དགོས། དཔེར་ན། བོད་ཀྱི་རྟ་རྩེད་པོ་ལོ་ཞེས་པ་ལྟ་བུའོ། །

  4. ར་ས་ཕོ་ཉ། says:
    2010-06-24 at 2:12 am

    polo ཞེས་པའི་ཚིག་འདི་བོད་སྐད་ནས་བྱུང་མིན་ཇི་ལྟར་ཡང་། དེས་བོད་སྐད་དུ་སྤོ་ལི་ཞེས་པ་དེ་མ་དག་པར་སྒྲུབ་ཇི་ལྟར་ཐུབ་སྙམ། ད་ལྟ་གླེང་བཞི་པ་དེ་polo མིན། ball ཡིན།

  5. བསྟན་འཛིན་ཤེས་རབ། says:
    2010-06-24 at 3:12 am

    ད་ལྟ་བྲེལ་བས་བལྟ་ཐུབ་མ་སོང་བས་དགོང་མོར་ཚོད་ལྟ་བྱེད་ཀྱི་ཡིན།

  6. ར་ས་ཕོ་ཉ། says:
    2010-06-24 at 12:44 pm

    དྲ་ཐོག་ཏུ་བལྟ་དུས་དབྱིན་ཅན་དེ་ཚོའི་ནང་ནས་འདེམས་དགོས་ཀྱི་ཡོད།

  7. ར་ས་ཕོ་ཉ། says:
    2010-06-24 at 3:58 pm

    འདི་ལོར་རྐང་སྤོལ་རྒྱལ་ཁ་ལེན་རྒྱུའི་རེ་བ་ཅན་གྱི་ཨི་ཊ་ལི་ནི་ད་རིང་ས་ལོ་ཝ་ཀི་ཡ་ལག་ནས་ཤོར་བ་ལས། འདི་ལོའི་འཛམ་གླིང་རྐད་སྤོལ་འགྲན་བསྡུར་ནས་བུད་ཐལ།

  8. ཤ་མེད says:
    2010-06-24 at 5:15 pm

    ད་ལོ་རྐང་སྤོལ་གྱི་མཐའ་མའི་འགྲན་རྩོད་ལ་སུ་ཡོང་མི་ཤེས་མོད་འོན་ཀྱང་དབྱིན་ཇི་ཡོང་མི་ཐུབ་པ་ཐག་གི་ཆོད

  9. ར་ས་ཕོ་ཉ། says:
    2010-06-25 at 1:51 am

    དོ་དགོངས་ནི། རྒྱ་གར་གྱི་ཆུ་ཚོད་༧་༣༠ ནས་

    བྷར་ཛིལ་དང་སྤོར་ཅུ་གྷལ་གཉིས་བར་དང་།
    བྱང་ཀོ་རི་ཡ་དང་ཨེ་ཝི་རི་་་ཀོ་སིཊ་གཉིས་བར་དང་།

    མཚན་གྱི་ཚོུད་༡༢་༠༠ནས།

    སེ་པིན་དང་ཆི་ལི་བར་དང་།
    སུད་སི་དང་ཧོན་དྷུ་ར་སི་བར་དུ་རྩེད་འགྲན་བྱེད་རྒྱུ་ཡིན་ཞིང་།

    བྷར་ཛིལ་བཅུ་དྲུག་རྭ་བའི་ནང་ཚུད་ཟིན་ཅིང་། སྤོར་ཅུ་གྷལ་ཡང་ཕལ་ཆེར་ཚུད་པ་འདྲ་ཡིན་ནའང་། འདི་ལོར་རེ་བསྟོད་ཆེ་ཤོས་བྱ་ས་སི་པིན་ནི་ད་དུང་ཚུད་གཏན་མེད་པས་དེ་རིང་གི་རྒྱལ་ཁ་ལེན་སྟངས་ལ་བལྟ་དགོས།

  10. ར་ས་ཕོ་ཉ། says:
    2010-06-25 at 2:11 am

    http://news.bbcimg.co.uk/media/images/48167000/jpg/_48167555_fans466.jpg

  11. ར་ས་ཕོ་ཉ། says:
    2010-06-25 at 2:14 am

    མདང་དགོངས་རྐང་སྤོལ་རྩེད་འགྲན་ནས་བུད་སོང་བའི་ཨི་ཊ་ལི་ནི་ཐེངས་བཞིའི་འཛམ་གླིང་རྐང་སྤོལ་རྟགས་མ་ལེན་མཁན་དང་། སྤོལ་ལི་བཀག་སྡོམ་བྱེད་མཁན་ཤོས་སུ་གྲགས་པ་ཡིན།

  12. ར་ས་ཕོ་ཉ། says:
    2010-06-29 at 4:34 pm

    ཚང་མས་ཡིད་ཆེས་བྱས་པ་བཞིན་ད་རིང་ཨསེ་པིན་གྱི་སྤོར་ཅུ་གྷལ་ལས་རྒྱལ་ཏེ་ཟུར་བཞི་ཐ་མའི་འགྲན་བསྡུར་ནང་འཛུལ་སོང་།

  13. ཉྀ་མ་གང་འཁྱོལ། says:
    2010-07-01 at 3:16 am

    ཤེས་སོང་དེ་ཚོ་ཚང་ཤེས་སོང་དུ་དུང་ད་རེས་ཀྱི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་ཁྲོད་ནང་སྤོ་ལོ་མང་ཤོས་བླུག་མཁན་དེ་སུ་རེད།་གསེར་གྱི་རྐང་ལྷམ་དེ་སུ་ལ་འཐོབ་རྒྱུ་ཡིན་ཨེ་ཤེས།

  14. ར་ས་ཕོ་ཉ། says:
    2010-07-02 at 4:06 am

    ྡེདེ་སྔོན་ནས་ཡིད་ཆེས་བྱེད་ཀྱི་ཡོད་པ་ལྟར་ཨསེ་པིན་གྱི་རྩེད་འགྲན་པ་ཌེ་ཝིཌ་་་་ཝི་ལ་་ལ་འདི་ལོའི་གསེར་གྱི་ལྷམ་གོག་དེ་རག་རྒྱུ་རེ་བ་འདུག ཁོ་དང་ཨར་ཇིན་ཊི་ནའི་ཧི་གྷུན་ཟེར་བས་ད་བར་གྷོལ་བཞི་བླུགས་ཟིན་པ་ཡིན།།

    དོ་དགོང་རྒྱ་གར་གྱི་ཚོུད་༧་༣༠་ཐོག་ད་བར་ཐེངས་ལྔའི་རིང་འཛམ་གླིང་རྐང་སྤོལ་བུམ་པ་ཐོབ་མྱོང་བའི་བྷར་ཛིལ་དང་། སྐད་ག྆ྲགས་ཡོད་པའི་ཧོ་ལེནྜ་ནམ་་ནི་དྷར་ལེནྜ་གཉིས་བར་འགྲན་རྩེད་བྱ་རྒྱུ་ཡིན་ཞིང་། ཁོང་གཉིས་སུ་ཐོབ་ནའང་དེ་ལ་ཆེས་ཐ་མའི་འགྲན་བསྡུར་ནང་སླེབས་པའི་རེ་བ་ཆེན་པོ་ཡོད།

  15. ར་ས་ཕོ་ཉ། says:
    2010-07-02 at 4:12 am

    1974ལོར་ཧོ་ལེནྜ་ཡིས་བྷར་ཛིལ་ཕམ་པར་བྱས་མྱོང་ཡོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme