Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི། ཕུག་རོན། གསེར། ཁྲག མཆི་མ། མེ། ཤི་གསོན།

Posted on 2019-12-102019-12-10 By ཡེ་ཤེས་ No Comments on མི། ཕུག་རོན། གསེར། ཁྲག མཆི་མ། མེ། ཤི་གསོན།

-གསེར་སྒོར་གཅིག་ལ་རྗེས་དྲན་དུ།
ཀླུ་སྨྱོན་ཧེ་རུ་ཀ

སྡོམ་གྱི་རྒྱ་ཐག་ལྟ་བུའི་ཀླད་པ་རྙོག་འཛིང་ཆེ་བའི་སྲོག་ཆགས་གཏུམ་པོ་སྐོར་ཞིག་ཡར་ཀླུང་ཁོག་ནས་ལམ་དུ་ཆས་བྱུང་།
ཁོ་ཚོའི་མགོ་ཐོག་གི་ཉི་མར་འོད་སྣང་སེར་པོ་ཞིག་འཕྲོ་བཞིན་ཡོད་པ་ནི་གཡས་གཡོན་གྱི་རི་ཚོགས་གཅེར་བུ་དེ་དག་འགེབ་སྤྱད་ཀྱི་ལྷན་པ་ཐེད་པོ་ཞིག་དང་འདྲ།
ཁོ་ཚོའི་ཁྲོད་དུ་ལུས་སྟོབས་རྒྱས་ཤིང་སེམས་ཁམས་སུ་འཁྲུག་འཛིང་གི་མེ་ལྕེ་མཆེད་པའི་མི་གསུམ་དང་།
ཕྱིའི་གཟུགས་གཞི་ཉམ་ཆུང་ཞིང་ནང་གི་སེམས་པས་ཞི་བདེའི་ཁྱིམ་གཞིས་ཤིག་ལ་རེ་སྨོན་ཆེ་བའི་མི་གསུམ་ཡོད།

ལོ་ངོ་ཅི་ཙམ་ཞིག་ཕྱིན་པ་ཏག་ཏག་བརྗོད་ཐུབ་མཁན་གཅིག་ཀྱང་མེད་པའི་དུས་རབས་ཤིག་ལ།
མི་ཚོགས་དེའི་བླ་དང་རྐང་གིས་བཞེངས་པའི་རྡོ་མཁར་ཚོ་གློ་བུར་དུ་ཕ་རོལ་པོའི་མེ་སྒྱོགས་ཀྱིས་ཐལ་བ་རྡུལ་དུ་བཤིགས་སོང་།
ནམ་རྒྱུན་ནང་འཁྲུག་རྐྱང་རྐྱང་ལ་མགོ་འཁོར་བའི་མི་ཚོགས་དེས་ཡོད་ཚད་ཤུལ་དུ་བསྐྱུར་ནས་ཆེས་མཐོ་བའི་རི་ཚོགས་ཤིག་བརྒལ་ཏེ་བྲོས་ལྡོམ་གྱི་འཚོ་བ་སྐྱེལ་དགོས་བྱུང་།
ཁོ་ཚོའི་རེ་ལྟོས་ཉག་གཅིག་ནི་དཀར་ཟས་ཁོ་ནས་ཉི་མ་སྐྱེལ་བའི་ཕུག་རོན་དཀར་པོ་འགའི་གཤོག་རྡེབ་དང་འཕུར་ལྡིང་གི་གར་སྟབས་ཤིག་རེད།

ཁོ་ཚོའི་ཁྲོད་ཀྱི་མི་སྟོང་ཕྲག་མང་པོ་ཞིག་ཡ་ང་སྙིང་རྗེ་མེད་པའི་བཀྲེས་ལྟོགས་དང་ན་ཚས་རེ་རེ་བཞིན་འཇིག་རྟེན་ཕྱི་མར་ཁྲིད་སོང་།
དེ་ནི་ཁོ་ཚོས་མུ་གེ་སེལ་ཆེད་གོང་ཁེ་བྱས་ནས་བཙོང་བཞིན་པའི་ཕ་མེས་ཀྱི་བླ་གཡུ་དང་བླ་གཟི་རིན་ཐང་བྲལ་བ་དེ་ཚོ་ཡང་ཧ་ཅང་འདྲ།
གངས་རི་དང་ཆེས་རྒྱང་ཐག་རིང་བའི་མྱ་ངམ་ཐང་རེ་རེར་གངས་ཁྲོད་ནས་འོངས་པའི་མི་མང་པོ་ཞིག་གི་རྣམ་ཤེས་ལྡོམ་པོ་ཚོ་བན་བུན་དུ་འཁྱར་ཞིང་རྒྱུ།
དེ་དུས་ཀྱི་ཁོ་ཚོའི་མིག་མདངས་ནི་ཐན་པ་བྱུང་བའི་ཞིང་རྒོད་ཀྱི་ཁུག་སོ་རེ་རེ་དང་འདྲ་པར་མདོག་ཤོར་ཞིང་ཐལ་རྡུལ་གྱིས་ཚོས་ཏེ་བལྟར་མི་བཟོད་ཡ།

གློ་བུར་དུ་མི་ཚོགས་དེའི་ཁྲོད་ཀྱི་བློ་རིག་རྒོད་པ་འགས་རྨི་ལམ་རིང་པོ་ཞིག་རྨིས་སོང་ཞེས་རི་མཐོ་ས་གཙང་ཞིག་ནས་བསྒྲགས་བྱུང་།
དེ་ནི་གཟི་དང་བླ་གཡུའི་ཚབ་ཏུ་གསེར་སྒོར་འཚོལ་སྟངས་ཤིག་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ཞེས་ཞོགས་པ་དང་དགོང་ཁའི་རླུང་བུ་དག་གིས་བར་མེད་དུ་ཟློ་བཞིན་འདུག
གསེར་ཁྲི་བརྗིད་ཉམས་ལྡན་པ་ཞིག་མི་རིང་བའི་སྔོན་རྡོ་མཁར་ཆེན་པོ་ཞིག་གི་ནང་དུ་རྔུལ་ཆུ་དང་ཟུངས་ཁྲག་གི་ཕྲ་རྒྱན་སྤྲས་ཏེ་བཞག་ཡོད་ཅིང་།
ལོ་མང་པོ་ཞིག་རྗེས་ནས་ལེ་དབར་ཁྲི་ཕྲག་གི་ས་མཐའ་ཞིག་ནས་གསེར་སྒོར་གཅིག་ཁོ་ན་རྙེད་པའི་དགའ་བ་ཙམ་གྱིས་རྨི་ལམ་སྐྱིད་པོ་རྨི་ཆོག་ཆོག་ཅིག་ཀྱང་ཡོད།

ཁྲག་ཅེས་པ་ནི་ཚེ་སྲོག་ཅིག་གི་གྲུབ་ཆ་དང་རྒྱུན་ཐག་ཡིན་པའི་ངེས་ཤེས་ཀྱི་གཏིང་རུམ་ན་བཟི་ཞིང་འཁྱོར་བའི་མི་ཚོགས་ཀྱེ།
སྡུག་གི་མཆི་མ་འདོན་ཞིང་སྐྱིད་ཀྱི་དགོད་སྒྲར་རེ་བའི་རི་བོ་སྒང་དྲུག་གིས་མུན་ནག་གི་ཡོལ་བ་རིང་མོ་ཞིག་གྱོན་ཏེ་མུ་ནས་མུ་རུ་ས་ཆེན་གྱི་སྙིང་ཁར་ཟུག་གཟེར་བྱིན།
མེ་ལྕེ་བན་བུན་ཞིག་གིས་ཚེ་སྲོག་གང་མང་ཞིག་ཁྱུར་མིད་དུ་གཏོང་བཞིན་པ་ནི་མུན་ནག་ནི་ཁྲོད་དུ་གློག་དམར་གྱི་སྙན་ངག་འབྲི་བ་དང་ཤིན་ཏུ་མཚུངས་ཤིང་།
ཚོ་ཁག་ཅིག་གི་ཤི་གསོན་གྱི་བསང་དུད་གོ་ལ་ཟླུམ་པོའི་དབུ་རྩེ་རུ་ལང་ལོང་དུ་མཆེད་པར་ལྟ་བཞིན་ཡང་སྐྱར་ཕ་མེས་ཀྱི་བླ་གཟི་བླ་གཡུ་དང་ཕྱི་གླིང་པའི་གསེར་སྒོར་གཅིག་གི་རིན་ཐང་གི་ཁྱད་པར་ཡང་ཡང་དྲན་ཡོང་།

སྔོན་བྱོན་དམ་པའི་ལེགས་བཤད་དུ་གསེར་ལ་རིན་ཐང་མེད་ན་ས་རྡོ་ཡིན་ཞེས་གསུངས་པའི་ཡིག་འབྲུ་དེ་ཚོར་བསམ་གཞིག་གི་གཤོག་པ་རྐྱོང་བཞིན་པའི་ང་ཚོ།
ང་ཚོའི་ཕ་མེས་ཡང་མེས་ཀྱི་བླ་སྲོག་ཟུངས་གསུམ་ཐིམ་པའི་བོད་ཀྱི་གཟི་དང་གཡུ་ཡི་རིན་ཐང་དང་ལོ་རྒྱུས་བརྗེད་བཞིན་པའི་ང་ཚོའི་བུ་རབས་ཚ་བརྒྱུད།
ཁྲག་དམར་དང་རྒུན་ཆང་གི་འབྱུང་ཁུངས་ཙམ་གྱི་རྒྱུན་ཤེས་ཀྱང་སྟོར་བའི་ང་ཚོའི་མི་རབས་འདི་དང་མི་རབས་འདིའི་ངོ་ཚ།
མེ་ཡིས་བསྲེགས་ཤིང་རླུང་གིས་འཁུར་བཞིན་པའི་རི་བོ་སྒང་དྲུག་གི་བླ་སྲོག་ལྡོམ་པོ་ཁྲི་ཕྲག་གི་རེ་སྒུག་རིང་མོའི་མཚན་ལྗོངས་ཀྱི་མར་རེ་ཚེ་འབར་རེ་རེ་སུ་ཡིན་ནམ།

རྩོམ་རིག

Post navigation

Previous Post: <<མཚན་མོ>>བོད་འགྱུར་དེབ་ཀྱི་འགྱུར་འབྲེལ་བསམ་ཚུལ།
Next Post: རྗེ་ཙོང་ཁ་བ་ལ་བསྟོད་པ་ཕར་ཕྱིན་དྲུག་ལ་སྦྱར་བའི་འགལ་རྒྱན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme