Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་སྡུག་བསྔལ་རྒྱ་མཚོ། 

Posted on 2019-10-15 By ཁ་བརྡ No Comments on སྙན་ངག་སྡུག་བསྔལ་རྒྱ་མཚོ། 

དགའ་བ་མཇེ་ཕྲུག
 
འཇིག་རྟེན་ངོ་མཚར་ཡིན་པའི་སྐབས་ཤིག་བྱུང་།།
སྲིད་པ་སུན་གཙེར་གྱུར་བའི་དུས་ཤིག་ཚེས།།
སེམས་ཀྱི་མཚོ་རླབས་མཐོ་དམན་འཕྱོ་ཚུལ་ཁྲོད།།
སྣང་བས་བསླུས་པ་གྲངས་ཀྱིས་འདང་བ་དཀའ།།

དེ་རིང་འཆི་ན་སྔ་སོང་བསམ་པ་མེད།།
སང་ཉིན་གསོན་རུང་དགའ་བ་མི་སྐྱེ་བ།།
རིན་ཆེན་སྲོག་ལ་རིན་ཐང་མི་ཚོར་བའི།།
སེམས་ཀྱི་འཁོར་ཕྱོགས་འདི་ལ་ཀྱེ་མ་ཧུད།།

མི་ཞིག་འགྲོ་མ་འདུག་གི་བར་ལ་འཚང་།།
སེམས་འདི་ཡ་མ་གཟུགས་ཀྱི་དབྱིངས་ལ་འཁྱམ།།
འ་ཆད་འུ་ལ་ཐུག་པའི་གྲུ་ཁ་ནས།།
མི་སེམས་རྗེན་པ་མེ་ལ་སྲེག་པ་འདྲ།།

སུ་ཞིག་འཇིག་རྟེན་འདི་ནས་བུད་ཀྱང་ཆོག །
གང་ཞིག་གླིང་ཕྲན་འདི་ལ་གནས་ཀྱང་རུང་།།
འཆི་གསོན་རླུང་གི་དབུགས་རྒྱུན་མ་ཆད་བར།།
དྲན་པའི་མྱི་དེར་དགའ་བ་གཡོ་མེད་ཡིན།།

ཨོང་དོ་ས་ལ་ཚུགས་པའི་དུས་མ་མཆིས།།
སྙིང་ཁ་འཕར་ལྡིང་བཙན་པ་མཚམས་མ་ཆད།།
ཡོད་ཚད་སྐྱོ་བའི་མྱ་ངན་ཐང་ཆེན་ལ།།
མགོ་བོ་དུད་དེ་འགྲོ་བའི་སྣང་བརྙན་མངོན།།

ཁུ་བྱུག་ངག་ལ་ད་ནས་སྙན་རྒྱུ་མེད།།
གསར་བཞད་མེེ་ཏོག་མིག་གི་དགྲ་རུ་འཛིན།།
སུ་དང་གང་ལའང་ཡིད་གཏད་མི་འདུན་པ།།
སེམས་ཀྱི་འཇིག་རྟེན་དེ་ལ་ཞེད་སྣང་སྐྱེས།།

དམར་ཆུང་སེམས་འདི་སྡུག་གི་ཁོག་མར་གྱུར།།
ཁ་ངོ་མི་དྭངས་ལུས་ཤེད་རིད་ཅིང་རིད།།
ཟས་ཀྱི་ཡི་ག་གཉིད་ཀྱི་བདེ་བ་རེ།།
ད་སང་དུས་ལ་ཅི་ནས་ཚོར་བ་དབེན།།

སེམས་པ་སྨག་རུམ་མུན་པའི་ར་བར་ཚུད།།
འཚོ་བ་གཡང་བཀྱགས་མཁར་རྩེན་འདབ་ལོ་བཞིན།།
འདི་དང་དེ་ཞེས་གང་ལའང་མི་བརྟན་པའི།།
སྣང་བའི་ཡོ་ལང་འདི་ཀོས་སྙིང་ཁ་གཙུབས།།

མལ་ཁྲི་བདེ་ཡང་ལུས་སེམས་མི་ལྷོད་པ།།
མལ་ཆས་དྲོ་ཡང་སེམས་པ་འཁྱག་པས་བསྡམས།།
ཆུ་འཁྱག་སྙིང་ལ་བརྫངས་བའི་ཚོར་བ་དེས།།
གསོན་བཞིན་ལེན་མང་འཆི་བའི་གདུང་བ་སྟེར།།

མྱི་ཞིག་དུང་ཚུལ་གྲངས་ཀྱི་ངོས་སུ་གནས།།
དགའ་བ་ཚིག་གིས་རི་མོ་འབྲི་རྒྱུ་ཡོད།།
སེམས་ཤིག་རྡོ་ལ་བརྒྱབ་ནས་ཆག་འཇུག་ན།།
མྱི་ཚེ་འདི་ལ་སྙིང་པོ་ཅི་མཆིས་ཨང་།།

ཞེན་ཆགས་ལྭ་བ་དྲོན་མོ་བསྐྱུར་དགོས་ཚེ།།
དགུན་གཞུང་འདི་ལ་ང་རང་འཆི་རྒྱུ་ཡིན།།
མཛེས་པའི་ན་ཁ་ཇི་ཙམ་དབྱར་རྒྱས་པ།།
མི་བལྟ་མིག་ལ་ཐལ་བ་འདེབས་རྒྱུ་ཡིན།།

འགོ་ཞིག་བཙུགས་ན་མཇུག་ཅིག་ངང་གིས་འོང་།།
རེ་ཞིག་མཉམ་པ་ནམ་ཞིག་གྱེས་པའི་ཆེད།།
འཇིག་རྟེན་མི་དབང་སེམས་ཀྱི་སྣང་འཕྲུལ་ནང་།།
སུ་དང་གང་ཞིག་མི་འཐོམས་སད་ནས་གདའ།།

༢༠༡༩/༡༠/༡༤

སྙན་ངག

Post navigation

Previous Post: དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་དགོངས་པར་སྒྲོ་སྐུར་ཞུས་པ།
Next Post: ཁྲིམས་ཀྱི་ཐག་གཅོད་ནི་བླ་ན་མེད་པའོ།། 


Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme