Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ།

Posted on 2019-10-14 By ཁ་བརྡ No Comments on ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ།

མགར་ཐར་མཁྱེན་རབ་འོད་གསལ། སུ་ཇཱ་སློབ་གྲྭ།
 
དངོས་མཐོང་ཤན་འབྱེད་བྱེད་པའི་ཤེས་རབ་དང་།།
ཟབ་མོ་དོན་ལ་འཇུག་པའི་རྣམ་དཔྱོད་མཆོག།
བསྣམས་པ་གང་དེའི་མཁྱེན་རབ་བདུད་བརྩི་ཡིས།།
བདག་གི་རྨོངས་པའི་བློ་ཀུན་བརླན་པར་མཛོད།།

སྒྲ་ཚད་བཟོ་གསོ་རིག་གནས་ཆེ་བ་དང་།།
སྙན་ངག་སྡེབ་སྦྱོར་རིག་གནས་ཆུང་བ་སོགས།།
ཅི་འདོད་ལག་ཏུ་གནང་མཛད་དགེ་བའི་བཤེས།།
སྲིད་མཐའི་བར་དུ་བདག་གི་མགོན་དུ་བསྟེན།།

བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་གཟུགས།།
ཟླ་མེད་རྣམ་དཔྱོད་མཆོག་གིས་ཉེར་བཟོས་ཏེ།།
བྷོ་ཊའི་ལྗོངས་སུ་རིག་པའི་སྒོ་འབྱེད་མཁན།།
སློབ་དཔོན་ཐོན་མི་མཆོག་ལ་སྙིང་ནས་འདུད།།

ཅེས་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་དགེ་བའི་བཤེས་གཉེན་སྤྱི་དང་ལྷག་པར་དུ་བོད་ཀྱི་ཡི་གེ་མཛད་པ་པོ་སློབ་དཔོན་ཐོན་མི་མཆོག་ལ་ཚིགས་སུ་བཅད་པའི་གུས་ཕྱག་འདི་སྔོན་དུ་བསུས་ཏེ། སྐབས་དོན་ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ་དང་འབྲེལ་བའི་ཚིག་འགའ་གླེང་བར་བྱ་བ་ལ། ཐོག་མར་སྔོན་གྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རོབ་ཙམ་བཤད་པ་དང་། གཞུག་ཏུ་ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ་རྒྱས་པར་བཤད་པའོ། དེའང་ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ་ཤེས་པར་སྔོན་གྱི་བོད་ཀྱི་སྐད་ཡིག་གི་གནས་བབ་ཤེས་པ་སྔོན་དུ་འགྲོ་དགོས་པས་གཤམ་དུ་ཐོག་མར་སྔོན་གྱི་བོད་ཀྱི་སྐད་ཡིག་གི་གནས་བབ་ལ་མདོར་ཙམ་དཔྱད་པར་བྱ།

དང་པོ། བོད་ཀྱི་སྐད་ཡིག་གི་དགོས་དམིགས་དང་དེའི་འཕེལ་རིམ་བརྗོད་པ།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དར་རྒུད་ནི་རྒྱལ་ཁབ་གང་མི་རིགས་གང་དེའི་ཆབ་དཔལ་རིག་གསུམ་གྱི་དར་རྒུད་དང་འབྲེལ་བ་དམ་ཟབ་ཏུ་གནས་ཡོད་པས།ཆབ་དཔལ་རིག་གསུམ་གྱི་ཡར་རྒྱས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན་བླ་སྲོག་ལྟ་བུར་གྱུར་ནས་ཡོད།འོ་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཆབ་དཔལ་རིག་གསུམ་ཡར་རྒྱས་འགྲོ་བར་རྒྱལ་ཁབ་གང་དང་མི་རིགས་གང་དེའི་སྐད་ཡིག་གི་བཀོད་སྤྱོད་དང་།ཕྱུག་ཚད།ཁྱབ་ཚད་སོགས་ལ་རག་ལས་པ་འདི་ལྟར།དེ་ཡང་ལོ་ངོ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་ཁ་ཤས་ཀྱི་ཡར་སྔོན་དུ་བོད་ཀྱི་རྒྱལ་རྒྱུད་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒོམ་པོས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་ཞིག་མེད་ཚེ་རྒྱལ་སྲིད་ཀྱི་བྱ་གང་ཡང་ལེགས་པར་བྱེད་མི་ཐུབ་པ་དང་།རྒྱལ་ཁབ་གཞན་གྱི་འཕྱ་བའི་གནས་སུ་འགྱུར་ཉེན་འདུག་དགོངས་ནས་སློབ་དཔོན་ཐོན་མི་མཆོག་རྒྱ་གར་དུ་མངགས་ནས་བོད་ཡིག་གསར་བཟོ་མཛད་དུ་བཅུགས་པ་ཐོན་མིའི་ཞལ་ལུང་དུ་འཁོད་པ་བཞིན།འདིས་རྒྱལ་ཁབ་ཀྱི་བྱ་བ་ཅི་དང་གང་ཞིག་བྱེད་ཀྱང་སྐད་ཡིག་གི་བཀོད་སྤྱོད་ནི་ཧ་ཅང་གལ་ཆེ་བར་བསྟན་པ་དང་། དེ་བཞིན་ཆོས་རྒྱལ་ཁྲི་རལ་གྱི་སྐབས་སུའང་རྒྱ་གར་གྱི་མཁས་པ་དུ་མ་བོད་དུ་གདན་དྲངས་ཏེ་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་བོད་ཡིག་ཏུ་བསྒྱུར་བ་དང་། ཆོས་སྲིད་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྐད་གསར་བཅད་མཛད་པ་འདིས་རྒྱལ་ཁབ་ཀྱི་རིག་གནས་དར་འཕེལ་ཡོང་བར་སྐད་ཡིག་གི་ཕྱུག་ཚད་ཤིན་ཏུ་གལ་ཆེ་བར་བསྟན་པ།

དེས་མ་ཚད་སྔོན་གྱི་ལོ་རྒྱུས་དག་ཏུ་འཁོད་པ་བཞིན་བོད་ཀྱི་རྒྱལ་མཚམས་རྒྱ་བསྐྱེད་གནང་སྟེ་ཆོས་སྲིད་གཙུག་ལག་རྣམ་གཉིས་ཀྱི་རྩ་བ་ཇེ་བརྟན་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་མངའ་ཐང་དབྱར་གྱི་ཆུ་བོ་རྒྱས་པ་ལྟར་བྱུང་བ་འདིས་རྒྱལ་ཁོངས་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་དགོས་ན་སྐད་ཡིག་གི་ཁྱབ་ཚད་ཤིན་ཏུ་གལ་ཆེ་བར་བསྟན་པ། མདོར་ན་རྒྱལ་སྲིད་ཀྱི་བྱ་བ་ཅི་དང་གང་ཞིག་སྒྲུབ་ཀྱང་མེད་དུ་མི་རུང་བ་ནི་སྐད་ཡིག་ཡིན་པར་བསྟན་པའོ།

གཉིས་པ། ད་ལྟའི་གཞིས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ།

རང་ཅག་བོད་ལ་མཚོན་ན། རྒྱལ་ཁབ་གཞན་དང་མི་རིགས་གཞན་པའི་བསྔགས་བྱ་རུ་གྱུར་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་རིགས་ཤིག་ཡོད་པའི་ནང་ནས་ཡ་རབས་བཟང་པོའི་སྤྱོད་པ་དང་བྱམས་སྙིང་རྗེ་སོགས་ནི་རང་རེའི་རིག་གཞུང་ལས་བྱུང་བ་དང་། འདི་ལྟ་བུའི་ཁྱད་འཕགས་ཀྱི་རང་རེའི་རིག་གཞུང་ནི་རང་རེའི་བོད་ཀྱི་སྐད་ཡིག་ལས་བྱུང་བ་ཡིན་པས། རང་ཅག་བོད་མི་རིགས་འདི་གནས་དང་མི་གནས་ཟེར་བ་འདིའང་རང་ཅག་གི་སྐད་ཡིག་རིག་གཞུང་གནས་དང་མ་གནས་ལ་རག་ལས་པ་སྨོས་མེད་རེད། དེའང་ལོས་ཡིན་ཏེ་དམར་པོའི་ལྟ་བ་འཛིན་པའི་སྔོན་བྱུང་གི་མཁས་པ་ཆེན་མོ་སི་ཏ་ལིན་གྱིས་མི་རིགས་ཤིག་མེད་བརླག་ཏུ་གཏོང་དགོས་ཚེ་ཐོག་མར་མི་རིགས་དེའི་སྐད་ཡིག་མེད་པར་བཟོ་དགོས་ཞེས་ལབ་པ་བཞིན་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པར་བསྟན་ཡོད། འོན་ཀྱང་། ཡིད་ཕམ་དགོས་པ་ཞིག་ལ་དེ་ལྟ་བུའི་སྲིད་ཇུས་ངན་པའི་ཞྭ་མོ་དེ་རྒྱ་ནག་དམར་པོས་རང་ཅག་བོད་མི་རིགས་ཀྱི་མགོ་ཐོག་ཏུ་བསྐོན་ཏེ་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་དེའི་ཤུགས་རྐྱེན་ལས་བོད་ཀྱི་མཁས་པ་སྔ་མ་དག་གིས་དཀའ་བ་ཁྱད་བསད་ཀྱིས་འཕགས་ཡུལ་ནས་འཁྱེར་བའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་རྣམས་མེར་བསྲེགས་པ་དང་། ལྷ་སྐུ་རྟེན་གསོ་གཏོར་བཤིག་བཏང་བ། བོད་ཡིག་བཀོད་སྤྱོད་ཀྱི་ལྟག་སྒོ་བརྒྱབས་པ་སོགས་ཟད་མི་ཤེས་པའི་གཏོར་བཅོམ་སྣ་ཚོགས་བཏང་བའི་རྐྱེན་གྱིས་སྔར་དང་བསྡུར་ན་བོད་ཀྱི་སྐད་ཡིག་གི་གནས་བབ་སྐྱོ་རུ་ཕྱིན་ཡོད།

སྐྱུག་བྲོ་བའི་རིག་གནས་གསར་བརྗེའི་ལས་འགུལ་མཇུག་རྫོགས་ཏེ་ལོ་ངོ་བཅུ་ཕྲག་ཁ་ཤས་སོང་བའི་དེང་སྐབས་ཀྱང་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལ་འཛིན་པའི་སྲིད་ཇུས་འགྱུར་བ་བཏང་མེད།བོད་དུ་སློབ་ཆེན་ཁག་ཏུ་བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཆོག་པ་དང་སྐད་ཡིག་གི་གནས་ཚད་ཅུང་ཟིན་པ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཡིན་ནའང་ད་ལྟ་དེ་ཚོའི་ནང་དུའང་དམ་དྲག་ཤུགས་ཆེར་བྱེད་ཀྱིན་ཡོད་པ་འདི་ད་ལྟའི་གཞིས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཕྲུག་སློབ་མ་ཚོའི་ཤེས་ཡོན་གྱི་བརྒྱུད་ལམ་ནི་རྒྱ་ཡིག་ཁོ་ན་ལས་བོད་ཡིག་མིན་པ་དང་། བོད་ཡིག་གི་སློབ་ཚན་ཡོད་པ་རྣམས་ཀྱང་ཏང་གི་སློབ་གསོ་དང་ཏང་གི་བྱས་རྗེས་རྐྱང་རྐྱང་འཁོད་ཡོད་པ་ལས་བོད་རང་གི་ལོ་རྒྱུས་རིག་གཞུང་སོགས་དང་འབྲེལ་ཡོད་ཀྱི་སློབ་ཚན་ཧ་ཅང་དཀོན་པ་ནི་ད་ལྟའི་གཞིས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། དེར་བརྟེན་བོད་ཕྲུག་སློབ་མ་ཚོས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་འཛིན་པའི་སྲིད་ཇུས་དེར་འདོད་བློ་མ་ཚིམས་པར་ཨ་མདོ་རེབ་གོང་གཙོས་པའི་བོད་ཀྱི་ས་ཁུལ་གཞན་དག་ཏུ་སློབ་ཕྲུག་སྟོང་ཚོ་ལྷག་གིས་ངོ་རྒོལ་སྐད་འབོད་ཀྱིས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་ཡོང་རེ་བྱས་ཀྱང་མཇུག་འབྲས་མ་བྱུང་བ་འདི་ད་ལྟའི་གཞིས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། མདོར་ན་གཞིས་སུ་ང་ཚོ་དང་ང་ཚོ་འདྲ་བའི་ན་མཉམ་གྱི་བོད་ཕྲུག་སློབ་མ་ཚོར་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་ཕྲ་བ་དང་། མི་རིགས་རང་གི་སྐད་ཡིག་རྒྱུན་འཁྱོངས་ཀྱི་རང་དབང་ལར་ནས་མེད་པ་འདི་ད་ལྟའི་གཞིས་ཀྱི་ང་ཚོ་བོད་ཀྱི་སྐད་ཡིག་གི་གནས་བབ་གཏེ་བ་དེ་རེད་འདོད།

གསུམ་པ། ད་ལྟའི་བྱེས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་བཤད་པ།

ཀྲུང་གོ་གསར་པ་དབུ་བརྙེས་ནས་བོད་དུ་བཅིངས་འགྲོལ་གཏོང་རྒྱུའི་ཉེར་བསྡོགས་བརྩམས་པ་དང་དེ་ནས་རིམ་པས་༡༩༥༠་ཐམ་པ་ནས་རྒྱ་ནག་གིས་བོད་དུ་བཙན་འཛུལ་གྱི་ལས་འགུལ་ཅི་རིགས་སྤེལ་ཏེ། མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་འོག་ཏུ་ཚུད་པ་དང་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་དགོས་ཁེལ་བ་རེད། ལོ་དེ་ནས་བཟུང་སྟེ་གཞིས་ཀྱི་བོད་མི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་༸གོང་ས་མཆོག་གི་ཆིབས་འོག་ཏུ་བཙན་བྱོལ་ལ་ཡོངས་བ་རེད། བོད་མི་རྒན་པ་ཚོའི་ཁ་རྒྱུན་ལྟར་སྐབས་དེར་ངོ་ཤེས་པ་གནམ་དང་ས་ཞེས་ལབ་པ་བཞིན་ལྟོ་གོས་དང་འཚོ་ཐབས་ཀྱི་ཆེད་དུ་དཀའ་ཚེགས་ཆེན་པོས་ཤུགས་ལས་གནང་རྒྱུ་ལས་བོད་ཡིག་སྦྱོང་བའི་གོ་སྐབས་ཤིག་ཕ་རི་སྤང་བརྒྱན་ཡིན་པས་བོད་མི་རྒན་རབས་ཚོར་བོད་ཡོག་སྦྱོང་བའི་གོ་སྐབས་ཤིག་རག་ཐབས་མེད་པ་རེད། འོན་ཀྱང་། ༸གོང་ས་མཆོག་གི་ཐུགས་རྗེའི་སྐུ་དྲིན་ལས་གཞིས་ཆགས་དང་གདན་ས་ཁག དེ་བཞིན་སློབ་གྲྭ་དང་བོད་མིའི་སྒྲིག་འཛུགས་སོགས་ཕྱིས་སུ་རིམ་པས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གནང་ཡོད་པ་དང་། བྱེས་ཀྱི་གཞོན་སྐྱེས་ན་གཞོན་ཚོར་དེང་དུས་ཀྱི་ཤེས་ཡོན་དང་བོད་ཡིག་བསླབ་པའི་གོ་སྐབས་ཐོབ་པ་རེད། ཡིན་ནའང་ང་ཚོ་ནི་གཞན་སྐད་བསྐྱོན་པ་དང་གཞན་ཡིག་སྦྱོང་བར་གཟི་བརྗིད་ཅིག་ཏུ་བརྩིས་ཏེ་དབྱིན་སྐད་དང་ཧིན་སྐད་མཉམ་བསྲེས་ཡང་ན་བོད་སྐད་དང་དབྱིན་སྐད་མཉམ་བསྲེས་ཀྱིས་སྦྲགས་སྐད་བསྐྱོན་པའི་མི་གྲངས་འབོར་ཆེན་སོང་བ་རེད། མཐའ་ན་གཞུང་ཞབས་ཀྱི་ལས་ཁུངས་ཁག་ཏུའང་སྦྲགས་སྐད་སྐྱོན་མཁན་གྱི་ལས་བྱེད་པ་མང་རུ་ཕྱིན་པ་དང་བོད་ཀྱི་སློབ་གྲྭ་ཁག་ཏུའང་དེ་བཞིན་རེད།

དེའི་རྐྱེན་བྱས་ཏེ་ད་ལྟ་ད་དུང་ང་ཚོའི་ཉེར་འཁོར་གྱི་ཁོར་ཡུག་ཆེ་ཕྲ་ཆུང་གསུམ་གང་དུ་ཡིན་ནའང་སྦྲགས་སྐད་བསྐྱོན་པར་གཟི་བརྗིད་ཅིག་དང་ཤེས་ཡོན་ཅན་དུ་རློམ་མཁན་ག་ཚོད་ཅིག་འདུག འདི་དག་གནི་ད་ལྟའི་བྱེས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། ཕྱིས་སུ་བོད་སྐད་གཙང་མ་བསྐྱོན་དགོས་པའི་འབོད་སྐུལ་དང་བོད་སྐད་གཙང་མ་མི་སྐྱོན་མཁན་ལ་ལ་ཞིག་ལ་ཁ་ཤས་ཀྱིས་དམའ་འབེབ་དང་སྨད་ར་སྐུལ་བའི་རྐྱེན་ལས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་དུ་གང་ལ་གང་འཚམ་ཞིག་ཡར་རྒྱས་ཕྱིན་པའི་རྣམ་པའི་ཟུར་ཞིག་མངོན་ཐུབ་ཀྱང་། ད་ལྟ་ད་དུང་གཞུང་འབྲེལ་གྱི་ཡིག་ཆ་དང་ཚོགས་པ་སྐྱིད་སྡུག་ཁག་གི་ཡིག་ཆ། དེ་བཞིན་སློབ་གྲྭ་ཁག་གི་ཡིག་ཆ་སོགས་ལ་བལྟས་པ་ཡིན་ན་བོད་ཡིག་བཀོད་སྤྱོད་ཀྱི་ཚབ་ཏུ་དབྱིན་ཡིག་བཀོད་སྤྱོད་བྱས་ཡོད་པ་ནི་ད་ལྟའི་བྱེས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། དེས་མ་ཚད་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཐ་ཤལ་ལ་ཤས་ཀྱིས་བོད་ཡིག་སྦྱངས་ན་མདུན་ལམ་མེད་ཚུལ་དང་ལྟོ་མི་རག་ཚུལ་གྱི་དཀྲོག་གཏམ་སྣ་ཚོགས་ཤིག་རྒྱ་ལ་དར་ཁྱབ་ཏུ་ཕྱིན་ཏེ་བོད་ཕྲུག་སློབ་མ་གང་མང་མང་ཞིག་ལ་ཤུགས་རྐྱེནངན་པ་ཐེབས་ཡོད་པ་དང་། གཞུང་ཞབས་ལས་བྱེད་པ་དང་སློབ་གྲྭའི་དགེ་རྒན་ཚོའི་ཕྲུ་གུ་གཙོས་པའི་ཕྲུ་གུ་གཞན་དག་མང་པོ་ཞིག་དབྱིན་ཡིག་རྐྱང་པ་ལས་བོད་ཡིག་མི་སྦྱངས་པ་དང་། བོད་ཡིག་ལ་དོ་སྣང་མི་སྤྲོད་པ། ལྡོག་སྟེ་བོད་ཡིག་སྦྱོང་མཁན་གྱི་སློབ་མ་དང་གཞོན་སྐྱེས་ལ་ཤས་ལ་མཐོང་ཆུང་དང་དམའ་འབེབ། དེ་བཞིན་གྲྭ་ལོག་དང་ཇོ་ལོག་སོགས་ཀྱི་ལ་ཉེ་འདོགས་རྐྱང་བྱས་པ་ནི་ད་ལྟའི་བྱེས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད།

ལྷག་པར་དུ་ཏཱ་ལའི་བླ་མའི་མཐོ་སློབ་དང་ས་རཱ་མཐོ་སློབ། ཝ་ནཱ་མཐོ་སློབ་ཁག་ཏུ་བོད་ཡིག་སྦྱོང་མཁན་གྱི་སློབ་མའི་གྲངས་ཚད་སྔར་དང་བསྡུར་ན་ཉུང་དུ་སོང་ཡོད་པ། མཐོ་སློབ་དེ་དག་ཏུ་སློབ་སྦྱོང་བྱས་དང་བྱེད་མུས་ཀྱི་སློབ་མའི་ཁྲོད་དུའང་བོད་ཡིག་གི་ཤེས་ཚད་ཅན་ཉུང་དུ་འགྲོ་བཞིན་ཡོད་པ་འདི་ད་ལྟའི་བྱེས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། ཤིན་ཏུ་ནས་ཡིད་ཕམ་དགོས་པ་དང་བློ་ཕམ་དགོས་པ་ཞིག་ལ་དེང་སྐབས་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཡིག་དགེ་རྒན་རག་གི་མེད་པ་དང་། ཡོད་པ་རྣམས་ལ་བོད་ཡིག་གི་ཆུ་ཚད་ཞན་པ། སློབ་ཁྲིད་ཀྱི་ཐབས་བཀོད་ཧ་ཅང་ཞན་པ། དུས་སུ་སློབ་མི་ཤེས་པ་བཅས་སྐྱོན་ཆ་སྣ་ཚོགས་ཤིག་ཡོང་གིན་པ་འདི་ད་ལྟའི་བྱེས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། དེ་ག་ནང་བཞིན་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་ཆེད་དུ་ཁེ་མེད་ཚོགས་པ་རེ་འགས་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་རྩོམ་ཡིག་འགྲན་བསྡུར་དང་ཕ་སྐད་འགྲན་བསྡུར་ཟེར་བསྔགས་པར་འོས་པའི་ལས་འགུལ་ཅི་རིགས་ཤིད་སྤེལ་དང་སྤེལ་བཞིན་ཡོད་ནའང་། ལས་འགུལ་དེ་ཚོའི་ནང་དུ་འཛུལ་ཞུགས་བྱེད་མཁན་གྱི་མི་གྲངས་ཉུང་བ་དང་དེ་ལྟ་བུའི་ཚོགས་པ་ཁག་ལ་གཞུང་གི་ལྟ་རྟོགས་མེད་པ་སོགས་ནི་ད་ལྟའི་གཞིས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་བབ་རེད། མདོར་བསྡུས་ན་བོད་དུ་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཕྲ་བ་དང་བྱེས་སུ་བོད་ཡིག་སློབ་སྦྱོང་གི་གོ་སྐབས་དང་རང་དབང་སོགས་ཡོད་ཡོད་ཡིན་ཀྱང་གལ་ཆེན་དུ་མི་འཛིན་པ་བཅས་ནི་རྩོམ་ཡིག་འདིའི་ནང་དོན་གཏེ་བ་དེ་ཡིན་པས། ང་དང་ན་མཉམ་གྱི་བོད་ཕྲུག་སློབ་མ་ཚོ་ལ་རྩོམ་ཡིག་འདིས་ལེགས་པའི་ཤུགས་རྐྱེན་མང་མང་ཞིག་སྦྱིན་ཐུབ་པའི་རེ་བ་དང་བོད་སྐད་ཡིག་གི་འཕྲིན་ལས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་རྒྱས་པ་ནས་ཇེ་རྒྱས་སུ་འགྲོ་བའི་སྨོན་འདུན་དང་བཅས།

བསམ་ཚུལ།

Post navigation

Previous Post: བོད། ཨོ་གླིང་གི་རིག་ཞུང་སྣ་འདུས་ཀྱི་དུས་སྟོན། 
Next Post: དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་དགོངས་པར་སྒྲོ་སྐུར་ཞུས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme