Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གལ་སྲིད་བརྩེ་བ་ཡོད་ན། 
     

Posted on 2019-10-11 By ཁ་བརྡ No Comments on གལ་སྲིད་བརྩེ་བ་ཡོད་ན། 
     

[སུ་ཇཱ]མགར་ཐར་མཁྱེན་རབ་འོད་གསལ་གྱིས།
 
དུས་ཚོད་ནི་བར་མེད་དུ་བཞུར་བའི་རྒྱུག་ཆུ་ཞིག་དང་ཀུན་ནས་མཚུངས་པར་མདུན་ནས་མདུན་དུ་བརྒྱུག་པས། ད་ནི་འུ་གཉིས་དགའ་གྲོགས་ཆགས་ཏེ་ཡུན་རིང་སོང་བ་མ་ཟད་ཁ་འཐོར་ནས་ཀྱང་ཟླ་བ་གཅིག་ཕྱིན་ཟིན།  ཡིན་ནའང་། བདག་སེམས་ཀྱི་མེ་ལོང་ངོས་སུ་ད་དུང་གསལ་གྱི་ལེར་དྲན་འོང་བ་ནི་འུ་གཉིས་ཀྱིས་བསྐྱལ་བའི་མཛེས་སྡུག་གི་ནམ་ཟླ་རིང་མོ་རེད། སྔར་སོང་གི་དུས་ཚོད་ནང་ཁྱེད་རང་ངའི་སེམས་ཀྱི་སྤང་ལྗོངས་སྟེང་དུ་བཞད་པའི་མེ་ཏོག་རྐང་གཅིག་དེ་ཆགས་མྱོང་ཡོད་ལ་ངའང་ཁྱེད་སེམས་ཀྱི་སྡོང་པོའི་སྟེང་དུ་སྐྱེས་པའི་ཤིང་ཏོག་སྣ་གཅིག་དེ་ཆགས་མྱོང་ཡོད། འོན་ཀྱང་། འུ་གཉིས་བར་ཀྱི་བརྩེ་དུང་གི་ཞིང་ས་དྲོན་མོ་དེ་གཞན་གྱིས་དམག་འཐབ་བྱེད་སའི་གཡུལ་ས་རུ་བསྒྱུར་ཏེ་ཡུན་རིང་ངང་སྒུག་བྱེད་པའི་བརྩེ་དུང་གི་སྨྱུ་གུ་འབུས་མ་ཐུབ་པ་ནི་བསམ་བློ་ཇི་ཙམ་བཏང་ཡང་སྐྱོ་སེམས་འཕེལ་བའི་གཞི་མ་ཞིག་རེད།

རེད་དེ་གལ་སྲིད་འུ་གཉིས་བར་ལ་ད་དུང་བརྩེ་བ་ཟེར་བ་ཞིག་ཡོད་ན། ངས་སྔར་བཞིན་ཁྱེད་སེམས་ཀྱི་མེ་ཏོག་འཁྲིས་སུ་འཁོར་བའི་གཡུ་སྦྲང་གཞོན་ནུ་དེ་བྱེད་ཆོག་ལ་ཁྱེད་ཀྱང་སྔར་བཞིན་ངའི་སེམས་ཀྱི་ཟླ་བའི་ངོས་ཡང་ཡང་འཆར་བའི་ཟླ་བའི་ལྷ་མོ་དེ་བྱེད་ཆོག གལ་སྲིད་འུ་གཉིས་བར་ལ་ད་རུང་དུང་བ་ཟེར་བ་ཞིག་ཡོད་ན། ང་ཁྱེད་ཀྱི་ཞེན་པ་ལོག་སའི་བུ་ཕོ་མདོག་ངན་དེ་ཡིན་མི་སྲིད་ལ་ཁྱེད་ཀྱང་ངའི་རྣམ་རྟོག་ཟ་སའི་བུ་མོ་མདོག་ངན་དེ་དེ་བས་ཡིན་མི་སྲིད། གལ་སྲིད་ཁ་རྩང་ངས་ཞེ་སེམས་འཁྲེགས་པོ་ཡོད་མདོག་མདོག་གིས་ཁྱེད་ཀྱི་ཞུ་བ་དེ་ཁས་བླངས་མེད་ཚེ། གལ་སྲིད་ཉིན་དེར་ཁྱེད་ཀྱིས་ཨུ་ཚུགས་ཚ་པོ་དེ་འདྲ་བྱས་མེད་ཚེ། དེ་རིང་འུ་གཉིས་ད་དུང་སྔར་བཞིན་གཅིག་སེམས་གཅིག་ལ་ཆགས་པའི་དགའ་རོགས་ཟུང་ཞིག་ཡིན་ངེས་པ་དང་གནམ་འོག་གི་འཇིག་རྟེན་འདི་ཡང་ད་རུང་འུ་གཉིས་ཁོ་ནར་དབང་ངེས།

འོན་ཀྱང་ད་ཆ་འུ་གཉིས་བར་གྱི་བརྩེ་དུང་གི་ཞིང་ས་ལ་གཞན་གྱིས་ཁང་བཟང་བཞེངས་པའི་ཀ་བ་བཙུགས་ཟིན། འུ་གཉིས་བར་གྱི་བརྩེ་དུང་གི་སྡོང་པོ་ལ་གཞན་གྱིས་རྣོ་ངར་ལྡན་པའི་སྟ་རེ་ཕྱར་ཟིན་པས། འུ་གཉིས་ཁོ་ནར་དབང་བའི་ཡོད་ཚད་ཀྱི་ཡོད་ཚད་ད་ནི་གཞན་དབང་དུ་གྱུར་སོང་། གཞན་དབང་དུ་གྱུར་པའི་འུ་གཉིས་བར་གྱི་བརྩེ་དུང་ལ་རང་དབང་གི་འདམ་ཀ་མེད་པའི་དེ་རིང་གི་མཇུག་འབྲས་འདི་བྱུང་བ་རེད། མཇུག་འབྲས་འདི་ནི་ཡོད་ཚད་གཞན་གྱིས་བསམ་བཞིན་དུ་བཀོད་སྒྲིག་བྱས་པ་ཞིག་ལས་ཚེ་སྔོན་ལས་ཀྱིས་བསྐོས་པ་ཞིག་མ་རེད་ལ་ཚེ་ད་ལྟ་འུ་གཉིས་རང་གིས་བསྐྲུན་བཞག་པ་ཞིག་དེ་བས་མ་རེད། གལ་སྲིད་འུ་གཉིས་བར་ལ་ད་དུང་བརྩེ་དུང་ཟེར་བའི་རིན་པོ་ཆེ་ཞིག་ཡོད་ན། རིན་པོ་ཆེ་འདི་གཞན་གྱི་ཁ་ངོ་སྲུང་བའི་ཡོ་བྱད་དུ་སྤྱད་དགོས་དོན་མེད་ལ་གཞན་གྱི་མི་ཁ་འགོག་པའི་ཚོང་རྫས་སུ་སྒྱུར་དགོས་དོན་མེད། རིན་པོ་ཆེ་འདི་དཀོན་མཆོག་གིས་འུ་གཉིས་ཁོ་ནར་གནང་བའི་ལེགས་སྐྱེས་ཤིག་ཡིན། རིན་པོ་ཆེ་འདི་བརླག་སོང་ན། འུ་གཉིས་ལ་དབང་བ་ནི་གནོང་འགྱོད་དང་སྐྱོ་སྡུག་གིས་ཁེངས་པའི་འབྱུང་འགྱུར་གྱི་ནམ་ཟླ་རིང་མོ་ཉག་གཅིག་རེད། རིན་པོ་ཆེ་འདི་བརླག་སོང་ན། འུ་གཉིས་ནི་རང་དབང་བྲལ་བའི་གཞན་གྱི་དྲ་བར་ཚུད་པའི་ནེ་ཙོ་ཟུང་ཞིག་དང་འདྲ་བར་རང་དབང་གི་གནམ་འཕང་གཅོད་པའི་གཤོག་ཟུང་རྒྱས་མི་སྲིད། སྙིང་ཉེ་ལགས། གལ་སྲིད་ཁྱེད་ཀྱི་དྲན་སྣང་དུ་ང་ཡི་གཟུགས་བརྙན་ལེབ་མོ་དེ་བརླག་མེད་ན། གལ་སྲིད་ཁྱེད་ཀྱི་སེམས་ཁོངས་སུ་བདག་གི་གསང་གཏམ་རིང་མོ་དེ་བརྗེད་མེད་ན། ང་ཁྱེད་སེམས་ཀྱི་ཆུ་མོའི་ནང་དུ་ནམ་ཡང་འབྲལ་ཐབས་མེད་པའི་ཉྭ་མོ་དེ་བྱེད་ཆོག ང་ཁྱེད་སེམས་ཀྱི་ནམ་མཁའི་དབྱིངས་སུ་ནམ་ཡང་འབྲལ་ཐབས་མེད་པའི་རླུང་བུ་དེ་བྱེད་ཆོག

སྙིག་སྡུག་ལགས། གལ་སྲིད་ཁྱེད་ཀྱིས་ད་དུང་ང་ལ་དུང་སེམས་ཞིག་འཆང་ཡོད་ན། ང་ལ་ཡིད་ཆེས་ཐེངས་གཅིག་གནང་དང་། གལ་སྲིད་ཁྱེད་ཀྱིས་ད་དུང་ང་ལ་དགའ་སེམས་ཞིག་འཆང་ཡོད་ན། ང་ལ་གོ་སྐབས་གཉིས་པ་ཞིག་གནང་དང་ང་ནམ་ཡང་ཁྱེད་ཀྱིས་ཡིད་གཏད་བཅོལ་ཆོག་པའི་སྟག་ཤར་གཞོན་ནུ་དེ་བྱེད་ཆོག སྙིང་ཉེ་ལགས། གལ་སྲིད་འུ་གཉིས་ལ་བརྩེ་བ་ཡོད་ན་འུ་གཉིས་ཀྱི་བཟང་ངན་འདྲེས་པའི་འདས་སོང་གི་གཏམ་རྒྱུད་དེས་མཛེས་སྡུག་ལྡན་པའི་འུ་གཉིས་ཀྱི་མ་འོངས་པའི་ལམ་ཆེན་འགོག་པའི་རྐྱེན་དུ་བསྐྲུན་མི་ཉན། གལ་སྲིད་་་་་་་་    གལ་སྲིད་་་་་་་་་    གལ་སྲིད་་་་་་

ཕྱི་ལོ་༢༠༡༩ཟླ་བ་༩་ཚེས་༢༣ཉིན་བྲིས།

ལྷུག་རྩོམ།

Post navigation

Previous Post: རྒྱ་གར་གྱི་གློག་བརྙན་གླུ་གཞས་ལྔ་ཚན་ལྔ་པ།
Next Post: ཇོ་ནང་༸རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་པའི་གསུང་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme