Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྲོ་བའི་བདེ་ཁམས།

Posted on 2019-09-30 By ཁ་བརྡ No Comments on འགྲོ་བའི་བདེ་ཁམས།

རླུང་དམར།
 
“བདེ་སྐྱིད”་ནི་འགྲོ་བའི་ཁམས་བདེ་ཉག་ཅིག་ཡིན་ལ། དེ་ལས་འཐུས་ཤོར་ཁ་ཆག་སྣ་རལ་ལ་བུད་སོང་ན་འགྱོད་གདུང་གི་བློ་སྣེ་ཚར་སོང་བ་རེད། རྨི་ལམ་གྱི་འགྲོས་ནས་ཁྱོད་ཀྱིས་རྙེད་མི་སྲིད་པ་ཞིག་རྙེད་ངེས་ཡིན་ནའང་། རྙེད་སྲིད་པ་ཞིག་མི་རྙེད་པའང་ཡིན། དེ་ལྟ་ན། འགྲོ་བའི་བདེ་བ་ཆེ་རུ་གཏོང་དགོས་ཤིང་འགྲོ་བའི་སྡུག་བསྔལ་ཆུང་དུ་གཏོང་དགོས་པས། འདི་ནི་བདེ་ཁམས་ཤིག་ལོས་ཡིན། སེམས་པ་ནག་པོ་ཞིག་ག་ལ་ཡིན། འཇིག་རྟེན་སྐྱེ་འགྲོའི་སེམས་པ་དེ་སྔར་ཐོག་ལ་དཀར་པོའི་དྭངས་ཤ་ཆེ་ཞིང་སྐྱོན་རིག་གིས་མ་བསྒྲིབ་པ་ཞིག་རེད་འདུག

ཡིན་ཏེ། འཕྲུལ་རིག་སྒྱུ་ཁྲམ་གྱི་འཁོར་བའི་ངོགས་ནས་ང་ཚོ་སད་མ་སད་དང་། གཉིད་མ་གཉིད། ཤེས་མ་ཤེས། མཐོང་མ་མཐོང་། ཡིན་མ་མིན། རང་བརྩི་གཞན་འདོར་གྱི་རོལ་རྩེད་ལ་ཞེན་ཆགས་ཆེ་བས་ཡོད་ཚད་བརླག་གིན་མཆིས་ན། བདེ་ཁམས་ཤིག་གང་ན་ཡོད།འགྲོ་བའི་ཚོགས་ནི་རང་འདོད་གཞན་དམན་གྱི་བསམ་བློར་དགའ་བའི་དབང་གིས་ཡར་སེམས་མེད་པའི་བློ་ནི་ཆད་པོ་ཞིག་ཏུ་གྱུར། དེའི་ཐད་ནས་འགྲོ་བའི་བདེ་ཁམས་སྲོག་མེད་འཕྲུལ་རིགས་ལ་བཅོལ་ནས་འབྲེལ་མེད་ཀྱི་ཟམ་ཆེན་ཞིག་མི་སྒེར་གྱི་རྐང་འོག་ལ་བརྩིགས་ཏེ་མང་པོ་བོར་འདུག གོ་ལ་ཇི་ལྟར་བདེ་སྐྱིད་དགོས་ན་དེ་ལྟར་སེམས་པ་བཟང་པོའི་སྤྱི་ཚོགས་ཤིག་དང་། མི་གཤིས་རང་དོགས་མིན་པའི་སྐྱེ་འགྲོའི་འཁོར་ཞིག་ཡོད་ན། བདེ་བའི་བདེ་བ་འཐོབ་པ་ཡིན་ལ། བདེ་ཁམས་ཤིག་གི་འཚོ་ནོམ་ཆེན་པོ་ཡོད།རང་དབང་ཆེ་བའི་སྐྱེ་འགྲོ་ཞིག་ཡོད་ཀྱང་། ཁྲིམས་མེད་ཀྱིས་འགལ་འཛོལ་ཆེ་བའི་ཉིན་འཁྱོལ་མཚན་འཁྱོལ་བྱེད་ཀྱིན་འདུག་ན། ཕྱི་བལྟས་ནས་ཡག་པོ་རྫིག་པོ་རེད།

ནང་སེམས་ཀྱི་རུལ་དྲི་ནི་ང་རྒྱལ། ཕྲག་དོག ཁོང་ཁྲོ། ཞེ་ནག རྫུན་བཅས་ཀྱི་དད་པར་འཇུག་ཆེ་བས་བདེ་ཁམས་མེད་པའི་ལྷ་སྒྲུང་ཞིག་གི་འཇིགས་སྣང་དེ་ག་ལེར་འཚོ་བའི་ཟ་ཟུར་ནས་མངོན་དུས་འུ་ཚོ་སླར་ཡང་རེ་བ་ཤི་རོའི་ལུགས་སུ་འཁུམས། ད་བདེ་འགྲོ་ཞིག་མེད་ཐག་རེད་ལ།དེའང་། གཏམ་ལྕེ་ལ་རྣོ་ཐོགས་ཤིང་ལས་འབྲས་གཙུག་ཏུ་བཀུར་ཆེ་ན། ང་ཚོས་བདེ་ཁམས་ཤིག་འཚོལ་ཕྱིར་རང་ཉིད་ནས་འོས་ལངས་བྱས་ཏེ་བགྲོད་དགོས། བློ་དཀར་གྱི་མི་གཤིས་བཟང་པོ། རིང་ལུགས་སྤྱི་མཐུན་གྱི་བདེན་པ། ཀུན་ཕན་ལྟ་ཚུལ་སོགས་ཀྱི་ཐད་ནས་གླེང་བྱ་བགྱིས་ཏེ། ལག་ལེན་དངོས་ཀྱི་ཐོག་ལ་ནུས་སྟོབས་སྤེལ་ན་ད་གཟོད་ཡར་ཐོན་གྱི་རིག་དངོས་ཤིག་འབྱོར་ཐུབ་ལ། ཤེས་རིག་བློ་གྲོས་ཀྱི་གནད་སྨིན་ཤེས་བྱ་ལས་ང་ཚོའི་ནང་སེམས་ལ་འགྱུར་བ་ལེགས་པོ་ཡོད་པར་བརྩོན་དགོས། གོ་ལའི་སྒྱུ་འཕྲུལ་གྱི་ཕྱིའི་དངོས་པོ་ཇེ་བཟང་ཇེ་ལེགས་སུ་སྔོན་ཐོན་ཤུགས་ཆེ་ནའང་། ནང་བསམ་བློའི་ཁ་ཕྱོགས་ནི་འཐོར་བཤིག་དང་ལོག་སྤྱོད་ཀྱི་གནས་སུ་བྱུང་ན། འགྲོ་མིའི་བདེ་སྐྱིད་ནི་རྨང་ནས་ཡལ་ངེས་པ་རེད།

བྱས་ཙང་། འུ་ཚོ་མི་སྒེར་གྱི་སྟེང་ནས་ཉིན་རེའི་འཚོ་བའི་ཁྲོད་ནས་བྱ་དངོས་ཅི་ཞིག་བསྒྲུབ་ཀྱང་། དེར་དོ་ཁུར་གང་ལེགས་བྱས་ཏེ་འཐུས་ཤོར་རིགས་ལ་ཁ་སྐོང་བྱེད་ཐུབ་དགོས་ཤིང་། བསམ་གཞིགས་ཡག་པོ་རེའི་སྣེ་ཁྲིད་འོག་ནས་ང་ཚོ་འགྲོ་མིའི་ཀླད་པ་ངོ་མཚར་ཅན་འདི་ཉིད་བེད་སྤྱོད་ལེགས་སར་བགྱི་ཐུབ་པར་ཀུན་སློང་རྣམ་དག་རེ་མངའ་ན། འགྲོ་བའི་བདེ་ཁམས་ཤིག་གི་སྙིང་བོ་རྟོགས་པ་ཡིན། རེད་ཡཱ། སྟབས་བདེའི་ལམ་ལ་ཇི་ལྟར་ཞུགས་ན་དེ་ལྟར་སྡུག་བསྔལ་མང་པོ་ཞིག་སེལ་ཐུབ་ཀྱི་འདུག་མོད། ཡིན་ཡང་། སེམས་པའི་བདེ་སྐྱིད་ངོ་མ་ཞིག་ནང་སྙིང་ལ་ཡོད་དགོས་ན། རང་ཉིད་ཀྱི་འཁོར་བའི་ལས་སྣེའི་ཉམས་མྱོང་གཞི་ལ་བཅོལ་ནས་ཕན་འབྲས་ཡོངས་མི་མང་ལ་བཀོལ་སྤྱོད་ཀྱི་རྒྱུ་རུ་གཏོང་ཐུབ་དགོས། དེ་ལྟར་གནང་ཐུབ་ན་ཡ་རབས་ཚུལ་མཐུན་གྱི་མིག་དཔེ་ཞིག་ཡོད་པ་དངོས་མཐོང་ལག་ཟིན་རེད་འདུག དེ་བཞིན་དུ་ཞི་བདེའི་དཔལ་ཡོན་དར་བའི་མཚོན་རྟགས་ཤིག་ཀྱང་རྨི་ལམ་གསར་བའི་ཚུལ་ལྟར་འཆར་སྣང་ངོ་མཚར་གྱི་གཟུགས་སུ་སྐྱེས་པ་རིགས་ཀུན་བདེ་ལ་བྱོན་པར་འགྱུར་ངེས་སོ།

ཤེས་བྱ་སྣ་ཚོགས་མང་པོ་ཞིག་ང་ཚོའི་སེམས་ཀྱི་ལེགས་སྐྱེས་སུ་ཡོད། དེ་དུས། འགྲོ་མིའི་བྱ་སྤྱོད་ལ་སྡིག་གྲིབ་དྲི་ནག་གིས་མ་བསླུས་པའི་གོམས་གཤིས་བཟང་པོའི་ཆ་ལུགས་ཡོད་ན། སྔར་བཞིན་ང་ཚོ་མདུན་དུ་བསྐྱོད་ཐུབ་ལ། “བདེ་ཁམས”ཀྱི་སྤྱི་ཚོགས་ཤིག་ཡོད་པ་ཡིད་སེམས་ཀྱི་རྒྱན་ཆ་རེད། དེ་ལྟ་ནའང་། གཞན་ལ་གནོད་འཚེ་མི་བྱེད་པར་གཅེས་སྐྱོང་གི་ལྟ་ཚུལ་འཛིན་དགོས་པ་ལས་དགྲ་མགོ་ཐོ་བརྡུང་གིས་ཐམས་ཅད་བརླག་པར་བྱས་ན། ང་ཚོ་ལ་རེ་བ་མེད་ལ། ང་ཚོ་ལ་སང་ཉིན་དང་བདེ་ཁམས་ཀྱི་གཞིས་ཁྱིམ་ཡོད་མི་སྲིད་པས། བདེ་ཁམས་འཚོལ། བདེ་སྐྱིད་ཚོལ་་་་།

༢༠༡༩/༠༩/༢༩ཉིན།

བསམ་ཚུལ།

Post navigation

Previous Post: ཆབ་སྲིད་བཙོན་ཟུར་གྲགས་ཅན་ཨ་ཁུ་འཇིགས་མེད་ཀྱི་ཨ་མ་འདས་གྲོངས།
Next Post: དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་གསོའི་ནང་དོན་ཅན་གྱི་སློབ་གྲྭ་ཁག་བོད་དུ་རྒྱུན་གནས་མ་ཐུབ་པའི་རྒྱུ་རྐྱེན་འཚོལ་ཞིབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme