Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྗོད་པར་དཀའ་བའི་འདས་དོན་ཞིག

Posted on 2019-09-202019-09-20 By ཁ་བརྡ No Comments on བརྗོད་པར་དཀའ་བའི་འདས་དོན་ཞིག

དྲེད་པོ་ཧོར་གྱིས་བསྒྱུར།

དེ་རིང་ངས་འདི་ནས་ཕྱིར་དྲན་ཞིག་བྱས་ན།དེ་ནི་ཧ་ཅང་དྲན་པར་དཀའ་ཞིང་རབ་རིབ་ཏུ་གྱུར་པའི་འདས་དོན་ཞིག་རེད།ཡིན་ཡང་ཤིན་ཏུ་གསལ་བོ་དྲན་ཐུབ་པ་ཞིག་ནི་ཁོའི་ངོ་གདོང་ཡིན་ལ།དེ་བས་ཀྱང་ཆེས་བརྗེད་དུ་མེད་པ་ནི་ཁོའི་མིག་ཟུང་ཡིན།ཁོའི་མིག་གཉིས་ཀྱི་ཐོག་ལ་སེར་ཐིག་རེ་ཡོད་པས་ང་ཚོས་ཁོ་ལ་གསེར་ཐིག་ཅེས་འབོད།ང་ཚོའི་ཁྱིམ་ཏུ་མ་ཡོང་བར་ཁོ་ནི་སྲང་གི་འཁྱམ་ཁྱི་ཆུང་ཆུང་ཞིག་ཡིན།

ང་ཕལ་ཆེར་དེ་དུས་ལོ་བདུན་ཙམ་ཡིན་པ་ཡོད།ཨ་ཕའི་ལས་གནས་འཕོ་འགྱུར་གྱི་དབང་གིས་ང་ཚོའི་ཁྱིམ་ཚང་ན་སིཀ་(Nasik)ལ་གནས་སྤོ་དགོས་བྱུང་།ང་ཚོས་ས་གནས་དེ་རུ་ཁང་པ་ཞིག་གླས་ནས་བསྡད་ཅིང་།ཁང་པ་དེའི་ཉེ་འཁོར་ཚང་མ་ཤིང་ཕྲན་དང་འཁྲི་ཤིང་གིས་ཡོངས་སུ་བསྐོར་ནས་ཡོད་པ་ཞིག་ཡིན།ང་ཚོ་སྤོས་པའི་ཉིན་དེར་ཉིན་གང་བོར་ཆར་བ་ཆད་མེད་དུ་བབས་ནས་བསྡད་སོང་།

ང་བསིལ་འཇམ་གྱི་རླུང་བུ་དེ་དང་ལྷན་དུ་འབབ་བཞིན་པའི་དག་གཙང་གི་ཆར་འབྲི་རེ་རེས་ངོ་གདོང་བརླན་བཞིན།ཕྱི་རོལ་དུ་དགུང་ཕྱི་པོ་བར་འཁྱམ་གཡེང་ལ་སོང་།ཡིན་ཡང་དེ་ཡི་ཉིན་གྱི་དགོང་མོ་དེར་གནམ་གཤིས་གྲང་ངད་ཆེ་ལ་སྨག་ཧ་ཅང་གནག་པས།ང་ཚོའི་ཁྱིམ་མི་གང་བོ་དགོང་ཟས་སྔ་སེ་ནས་ཟོས་ཏེ་ཉལ་བ་ཡིན།

མཚན་དཀྱིལ་ཙམ་ལ་སྒོ་ཆེན་འགྲམ་ནས་ལྡིག་སྒྲ་ཆེན་པོ་ཞིག་གོ་བ་དང་ང་གཉིད་ལས་སད་བྱུང་།སྨག་ཧ་ཅང་གནག་ཀྱང་ངས་བློ་ཁོག་ཡོད་ཚད་བསྐྱེད་དེ་སྒོ་དང་ལྟག་སྤྲོད་དུ་ཡོད་པའི་སྒེའུ་ཁུང་དེ་ལས་མགོ་བསྲིངས་ཏེ་ཕྱི་ལོགས་སུ་གཅིག་བལྟས་པ་ན།ཧ་ཅང་ཡིད་འགུལ་ཐེབས་ཤིང་བརྗེད་པར་དཀའ་བའི་དེ་རིང་འདི་ནས་འབྲི་རྒྱུ་ཅན་གྱི་བརྗོད་བྱ་དེ་ཐོག་མར་མཐོང་།

དེ་ནི་ངེད་ཚང་གི་སྒོ་རྒྱབ་ཀྱི་རྐང་གདན་རྙིང་པ་དེའི་ཐོག་ཏུ་ཁྱི་ཕྲུག་ཆུང་ཆུང་ཞིག་ཉལ་ཡོད་པ་དེ་རེད།ཡིན་ཡང་དང་པོ་ཆར་ཞོད་ཀྱི་སྨག་ནག་ནང་དུ་ནག་ཡོར་ཡོར་ཙམ་ལས་ཁོའི་གཟུགས་གཞི་གསལ་པོ་མཐོང་མི་ཐུབ་ཀྱང་།ཁོའི་མིག་ཟུང་སྟེང་གི་སེར་ཐིག་གཉིས་པོ་དེས་ཁྱི་ཕྲུག་ཆུང་ཆུང་ཞིག་ཉལ་ནས་ཡོད་པ་གསལ་པོ་ཤེས་ཐུབ་ཀྱི་འདུག

ཁོ་ཆར་རླུང་ཁྲོད་ནས་གྲང་ངད་ལས་བྱོལ་ཆེད་ལྟེབ་དྲིལ་བྱས་ནས་ཡོད་པའི་རྐང་གདན་ཁུག་ཏུ་འཛུལ་ཏེ།མགོ་ཆུང་ཆུང་དེ་ཕྱི་ལོགས་སུ་བཏོན་ནས་ཉལ་བསྡད་ཡོད་པ་ངས་སྒེའུ་ཁུང་བརྒྱུད་ནས་མཐོང་ཐུབ་ཀྱི་འདུག སྒེའུ་ཁུང་ཕྱི་ལ་བཞག་ཡོད་པའི་མེ་ཏོག་བུམ་པ་དེ་ཡང་ཡ་ང་བའི་ཁྱི་ཕྲུག་ཁོའི་འཁྲིས་སུ་ཟག་ཏེ་ཆག་གྲུམ་དུ་གྱུར་ནས་བསྡད་འདུག

ཁོ་མཐོང་བ་དང་ང་ཧ་ཅང་སྙིང་རྗེ་བྱུང་བས།ངས་ལག་རས་རྙིང་པ་ཞིག་ཁྱེར་ཏེ་ཕྱི་ལ་སོང་ནས་ཡ་ང་བའི་ཁྱི་ཕྲུག་ཆུང་ཆུང་དེ་ལག་ཏུ་བླངས་བ་ན།ཁོའི་ལུས་པོ་ཆ་ཚང་ཆར་བས་སྦང་སྟེ་གྲང་འདར་སིག་སིག་ཏུ་རྒྱག་བཞིན་འདུགདེ་ནས་ངས་སྤུ་ཚང་མ་སྐམ་པོ་མ་ཆགས་བར་ལག་རས་ཀྱིས་གཙང་མ་ཕྱིས་ཏེ་ཁྱིམ་དུ་ཁྱེར་ཡོང་བ་ཡིན།

ཁྱིམ་དུ་ཁྱེར་བ་དང་ངས་ཁོ་ལ་ཁང་པའི་ཟུར་དེར་བལ་གདན་གྱིས་ཉལ་ས་ཆུང་ཆུང་དྲོན་པོ་ཞིག་བཟོས་ནས་བསྙལ་བ་ན།ཁོ་ཧ་ཅང་སྐྱིད་ཉམས་ཀྱིས་དེ་མ་ཐག་གཉིད་ལ་ཡུར་སོང་།ཕྱི་ཉིན་ནངས་མོ་ཁྱིམ་མི་ཚང་མས་ངེད་ཚང་གི་ནང་ལ་མགྲོན་པོ་གསར་བ་ཞིག་སླེབས་ཡོད་པ་ཤེས་ཏེ་ཚང་མས་ཡ་མཚན་མཚན་ངང་དགའ་བསུ་བྱེད་ཀྱི་འདུག

དེ་ནས་ངས་ཨ་མ་ལ།ཁྱི་ཕྲུག་ཆུང་ཆུང་དེ་ང་ཚོའི་ཁྱིམ་ལ་གསོ་ཉར་བྱེད་ཆོག་པའི་བཀའ་འདྲི་བསྐོར་བ་ཡིན།དང་ཐོག་ངེད་ཚང་གི་ཕ་མ་གཉིས་ཀས་དང་ལེན་དེ་ཙམ་གནང་གི་མི་འདུག་ཀྱང་།ཨ་ཅེ་ངེད་གཉིས་ཀྱིས་ཡུན་རིང་པོའི་བར་ཞུ་བ་ཐེངས་མང་འཐེན་རྗེས་ཁྱི་ཕྲུག་གསེར་ཐིག་གསོ་ཉར་བྱེད་ཆོག་པའི་ཁས་ལེན་གནང་སོང་།

ཉིན་བཞིན་གསེར་ཐིག་ནི་ཁྱིམ་མི་ཚང་མ་དང་ཧ་ཅང་འདྲེས་ལོབ་ཆགས་ནས་ཁྱིམ་མི་སུ་ཕྱི་ལ་སོང་ཡང་ཁོ་སྒོ་འགྲམ་བར་དུ་སྐྱེལ་དུ་འགྲོ་ཞིང་།ཕྱི་ནས་ནང་ལ་ཡོང་སྐབས་ཀྱང་རྔ་མ་གཡུག་གིན་བསུ་རུ་ཡོང་བར་གོམས་ལོབས་སུ་གྱུར་ནས་ཡོད།ད་དུང་ངོ་མི་ཤེས་པའི་མི་འདྲ་གཡས་གཡོན་ནས་འགྲོ་བ་ཐོས་ཚེ་ཁོས་ངར་ངར་གྱིས་འབ་སྒྲ་དྲག་པོ་བྱེད།

ཉིན་ཞིག་གི་དགོང་མོ་ཁོ་ཐག་རིང་ཞིག་ལ་སོང་ནས་ལོག་ཡོང་སྐབསཧ་ཅང་ཐང་ཆད་པའི་ཉམས་ཀྱིས་ངའི་ཟུར་དེར་བསྡད་སོང་།ཡིན་ཡང་ཁོའི་རྐང་པ་གཡས་པ་དེ་ལ་རྨས་ཅུང་ཙམ་ཕོག་ཏེ་རྨ་ཁ་ནས་ཁྲག་ཐོན་བཞིན་འདུགཨ་མ་ངེད་གཉིས་ཀྱིས་སྨན་སྒམ་ནས་སྨན་དང་རྨ་དཀྲིས་བླངས་ནས་ཁོའི་རྐང་པ་ལ་སྨན་བཅོས་བྱས་ཞིང་ལྟོ་ཆས་བླུད་པ་ཡིན།

ཡིན་ཡང་ཕྱིར་ཉིན་ཞོགས་པ་ནས་རྐང་པ་དེ་ཅུང་ཙམ་འཐེང་གྱོལ་བྱེད་བཞིན་བསྟན་བཤིག་བསླངས་ཏེ་ངེད་ཚང་གི་སྒོ་ཕྱི་ནང་ལ་སྔར་བཞིན་ཡར་རྒྱུག་ཕྱིར་རྒྱུག་བྱས་ནས་བསྡད་འདུགཁོ་ལ་རྨས་སྐྱོན་ཕོག་རྗེས་དེ་སྔོན་ལས་ཀྱང་ང་ཚོ་ནང་མི་ཚང་མས་ཁོ་ལ་བྱམས་སྐྱོང་དང་སེམས་ཁུར་བྱེད་ས་རུ་གྱུར་སོང་ཞིང་།ཁོ་ནི་ང་ཚོའི་ཁྱིམ་གྱི་གཅེས་ཕྲུག་གཅིག་པུ་དེ་ཡིན།

ལོ་གཅིག་ཙམ་གྱི་རྗེས་སུ་ཡིན་པ་ཡོད།མཚན་དགུང་ཞིག་ལ་གསེར་ཐིག་དབུགས་ཐང་ཆད་ཆད་ལ་སྐད་ཆེན་པོ་བརྒྱབ་ཏེ་ཕྱི་ལོགས་སུ་འབ་བཞིན་འདུགང་ཚོ་སྒོ་ལ་སོང་ནས་བལྟས་པ་ཡིན་ཡང་།ཁོས་སྨག་ནག་ནང་ཕྱོགས་ཤིག་བལྟས་ནས་མཚམས་འཇོག་མེད་པར་འབ་ནས་བསྡད་འདུག་ཀྱང་།དམིགས་གསལ་ཅི་ཡང་རིག་རྒྱུ་ནི་མི་འདུག

འོན་ཀྱང་ནམ་སྟོད་ནས་ཙམ་ནས་ཁོས་འབ་མཚམས་བཞག་ནས་འཇམ་སོང་།ངས་ནི་ཁོ་ཚུར་ནང་ལ་ལོག་ནས་ཉལ་བསྡད་ཡོད་ཤག་བྱས་པ་ཡིན་ཡང་།ཞོགས་པ་དེར་ཆེས་དངངས་འཚབ་སྐྱེས་པ་ཞིག་ལ།གསེར་ཐིག་ནི་ཕྱོགས་གང་དུ་ཡང་མཐོང་རྒྱུ་མི་འདུགང་སོང་ནས་ཁྱིམ་གྱི་ཕྱི་ནང་དང་གཡས་གཡོན་གང་སར་བཙལ་ཡང་གཏན་ནས་མ་རྙེད།

ངས་ཁོ་ལ་སྐད་བརྒྱབ་དེ་བོས་ཤིང་ཡུན་རིང་བསྒུགས་ཀྱང་ཡོང་རྒྱུ་མི་འདུགདེ་ནས་བཟུང་ཁོ་གང་ཞིག་ལ་བུད་སོང་མིན་སུས་ཤེས།ནམ་ཡང་ངེད་ཚང་གི་ནང་ཕྱི་ལོག་མེད་པར་གྱུར་སོང་།ཕལ་ཆེར་ང་ཚོ་ཚང་མས་བདུན་ཕྲག་གཅིག་ལྷག་ཙམ་གསེར་ཐིག་ལ་བསྒུགས་ནས་བསྡད་ཀྱང་ཁོའི་སྤུ་འཇག་གཅིག་ཀྱང་མཐོང་རིག་མི་འདུག

དེ་ནས་ཉིན་ཞིག་ངེད་ཚང་གི་ཨ་ཕ་མོམ་བྷེ་ལ་ལས་བསྒྱུར་བྱས་པས།ང་ཚོ་ཚང་མ་མུམ་བྷེ་(Mumbai)ལ་སླར་ཡང་གནས་སྤར་ནས་ལོག་ཡོང་དགོས་བྱུང་བས།དུས་དེ་ནས་བཟུང་ངའི་སེམས་ནང་ལ་གསེར་ཐིག་ལ་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་པ་དང་།གསེར་ཐིག་ཤི་གསོན་གང་ཡིན་ནམ་སྙམ་པའི་དྲི་བ་དེ་དག་ཡང་ཡང་འཁོར་ཡོང་ནས་མཚམས་ཆོད་ཀྱི་མི་འདུགའོན་ཀྱང་དེ་དག་ནི་གཏན་ཏུ་ལན་རྙེད་མེད་ཀྱི་དྲི་བ་ཤ་སྟག་གོ།། ༡༩/༩/༢༠༡༩

འགྱུར་རྩོམ།

Post navigation

Previous Post: མཚམས་རེར་ནམ་ཁའི་སྤྲིན་པར་ལྟ་བའང་བརྗེད་འགྲོ།
Next Post: ཐེ་པེའི་གྲོང་གི་སྐྱོ་གར།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme