Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསིལ་ལྡན་གནས་སུ་མང་གཙོའི་དུས་དྲན་ཐེངས་ང་དགུ་བ་སྲུང་བརྩི་བྱས་པ།

Posted on 2019-09-022019-09-03 By ཁ་བརྡ No Comments on བསིལ་ལྡན་གནས་སུ་མང་གཙོའི་དུས་དྲན་ཐེངས་ང་དགུ་བ་སྲུང་བརྩི་བྱས་པ།

བསྟན་འཛིན་ཆོས་རྒྱལ་གྱིས།
 
ཨོ་སུ་ཁྲི་ལི་ཡའི་གྲོང་ཁྱེར་བསིལ་ལྡན་གནས་(Sydney)ཉེ་འདབས་སུ་ཆགས་པའི་སྦྲི་ཝ་ཡེ་ས་གནས་ཀྱི་(RSL club )ཨར་ཨེ་སི་ཨེལ་སྤྲོ་སྐྱིད་ཁང་གི་ཚོགས་ཁང་ཞིག་ཏུ། བསིལ་ལྡན་གནས་བོད་རིགས་མཐུན་ཚོགས་ཀྱིས་མང་གཙོའི་དུས་དྲན་ཐེངས་ང་དགུ་བ་སྲུང་བརྩི་དང་འབྲེལ། རྒྱུན་ལས་འཕོ་འགྱུར་གྱི་མཛད་སྒོ་བསྐྱངས་གནང་སོང་།

དེ་ཡང་ཕྱི་ལོ་༢༠༡༩ ཟླ ༩ ཚེས ༢ གྱི་ཉིན་རྒྱབ་ཆུ་ཚོད་ ༤:༣༠ ཐོག་མཛད་སྒོ་དབུ་འཛུགས་དང་། ཨོ་བོད་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་རྒྱལ་གླུ་བཏངས་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས། དེ་རྗེས་མང་གཙོའི་གསར་གཞས་གཟིགས་འབུལ། འབྲས་སེལ་གསོལ་ཇ་འདེགས་འབུལ་དང་བསྟུན་བསིལ་ལྡན་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དགོ་ཚང་ནེ་རྒན་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་འབྲེལ་ནས་གཏམ་བཤད་གནང་།

བོད་དྲུངཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་བསིལ་ལྡན་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་༡༥་བའི་ལས་བསྡོམས་སྙན་སྒྲོན་གནང་དོན། དུས་ཡུན་ལོ་གཅིག་མ་ཟིན་ཙམ་གྱི་ནང་དུ་དཔལ་ལྡན་ཆོས་རིག་ལྷན་ཁང་གི་བཀོད་ཁྱབ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་གཅིག་དང་། ཕལ་ཆེར་རེས་གཟའ་ལྷག་པ་ནམ་ཡིན་ལ་ཕྱི་དྲོའི་ཆུ་ཚོད་བཞི་བ་ནས་བརྒྱད་པ་བར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོག་བསྒྲུབ་ཀྱི་རྣམ་དཀར་དགེ་བའི་ལས་རྒྱ་ཆེན་པོ་གསོག་ཐུབ་ཡོད། ཉེ་བའི་ལོ་འགའི་གོང་ནས་དཔལ་འབྱོར་འདུ་འགོད་གཙོར་བཟུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་སོགས་ཀྱི་མཛད་སྒོ་དག སྔ་ཕྱིའི་གཟའ་སྤེན་པ་གང་ཉེ་ལ་བྱེད་དགོས་པས་དུས་ཐོག་སྲུང་བརྩི་ཐུབ་ཀྱི་མེད་ཀྱང་། སྔ་ལོར་རྐྱེན་ངན་གྲོགས་ཤར་གྱིས་༢༠༡༨-༡༢-༡༠ ཡི་ཉིན་མོ་དེ་ག་རང་གི་སྔ་དྲོར། རྒྱང་ཐག་ཅུང་རིང་སའི་ཡེ་ཤེས་ཆོས་ཁང་ཞིག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ཉེར་དགུ་འཁོར་བའི་དུས་དྲ་སྲུ་བརྩིའི་མཛད་སྒོ་སྐྱངས་ཤིང་། སྡོད་གནས་མེད་མཁན་རྣམས་ལ་ཉིན་གུང་ཁ་ལག་སྦྱིན་གཏོང་མཛད། ཕྱི་དྲོར་རང་གནས་ས་ཁུལ་གྱི་ཚོགས་ཁང་ཞིག་གླས་ཤིང་། བོད་མི་རྣམས་དེར་འཛོམས་ནས་མཚན་དཀྱིལ་བར་དགའ་སྤྲོའི་ཞབས་བཞས་ལ་རོལ། དགོང་མོའི་བཞེས་ལག་སོགས་རིན་མེད་དུ་གཏོང་ཐུབ་པ་བྱུང་ཡོད་པ་འདི་ལོ་རྒྱུས་སྟེང་གི་ཐོག་མ་ཡིན་པར་སྙམ་གསུང་སོང་།

རྩིས་པ་པ་སངས་སྐྱིད་པ་མཆོག་ནས་བསིལ་ལྡན་གནས་བོད་རིགས་མཐུན་ཚོགས་ཀྱི་བྱུང་སོང་རྩིས་ཁྲ་སྒྲོག་སྦྱང་གནང་། བོད་རིགས་མཐུན་ཚོགས་རང་ལ་རྩིས་སྒོ་གཅིག རིག་གནས་སྐྱེད་ཚལ་ཁང་ངམ་སློབ་གྲྭ་ལ་རྩིས་སྒོ་གཅིག ལྷག་དཀར་ཏེ་རྒྱལ་བའི་ཞབས་བརྟེན་གསོག་སྒྲུབ་ཁོ་ན་ལ་རྩིས་སྒོ་གཅིག་བཅས་རྩིས་སྒོ་གསུམ་དང་། ལྷག་དཀར་རྩིས་སྒོ་ནི་ད་ལོའི་བཀའ་འགྱུར་དག་སྒྲོག་དང་ལྷག་དཀར་ནམ་ཡིན་ལ་༧གོང་ས་མཆོག་གི་ཞབས་བརྟན་གསོག་སྒྲུབ་སྐབས་སུ། དད་ལྡན་མི་མང་གིས་ཕུལ་བའི་དངུལ་རྣམས་༧གོང་ས་མཆོག་གི་ཞབས་བརྟན་གསོག་སྒྲུབ་གཙོས་ཆོས་ཕྱོགས་ཁོ་ན་ལ་གཏོང་ཆེད་རྩིས་སྒོ་ལོགས་སུ་ཕྱེས་པ་ཞིག་རེད་འདུག

ལོ་སྔོན་མའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ཉེར་དགུ་འཁོར་བའི་དུས་དྲ་སྲུང་བརྩིའི་མཛད་སྒོ་ནི། ཕྱོ་ལོ་ ༢༠༡༨ ཟླ་ ༡༢ ཚེས ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དེ་ག་རང་ལ་སྦྱིན་གཏོང་དང་མི་མང་ལ་བཞེས་ལག་རིན་མེད་དུ་བཏང་ཡོད་ཀྱང་། དམ་གཙང་མི་མང་གིས་ཞལ་འདེབས་གནང་བ་ཨོ་སྒོར་སྟོང་ཕྲག་བཅུ་གཅིག་ལྷག་ཟིན་པས་འགྲོ་སོང་ལས་རྦད་དེ་ཡོང་སྒོ་ཆེ་བ་བྱུང་འདུག་ཅིང་། སྔར་ལོའི་སྤྱི་ཟླ་བཅུ་བའི་ཚེས་ཉི་ཤུ་རྩ་གྲངས་ནས་ད་ལོའི་སྤྱི་ཟླ་དགུ་བ་མ་ཟིན་བར་གྱི་དུས་ཡུན་ཐུང་ངུའི་ནང་དུ་དཔལ་འབྱོར་གསོག་བསྒྲུབ་ཧ་ཅང་ཡག་པོ་བྱུང་འདུག

རྒྱུན་ལས་གསར་རྙིང་གཉིས་ལ་མཇལ་དར་སྒྲོན་འབུལ་གནང་།

སླར་ཡང་བསིལ་ལྡན་གནས་བོད་རིགས་མཐུན་ཚོགས་ཀྱི་སྐབས་ ༡༦ ཚོགས་གཙོར་གདམས་ཐོན་བྱུང་བའི་དགོ་ཚང་ནེ་རྒན་གྱིས་མ་འོངས་ལས་འཆར་སྐོར་ནས་གཏམ་བཤད་བྱས།བསིལ་ལྡན་གནས་བོད་རིགས་མཐུན་ཚོགས་སྐབས་ ༡༥ བ་དང་ ༡༦ པའི་ཚོགས་གཞོན་མིག་དམར་ཚེ་རིང་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་།

སྤྱིར་ཨོ་སི་ཁྲི་ལི་ཡའི་ནང་གི་བོད་རིགས་མཐུན་ཚོགས་ཁག་གི་རྒྱུན་ལས་ཀྱི་དུས་ཡུན་ལོ་གཉིས་རེ་ཡིན་ཀྱང་། ཕྱི་ལོ་ ༢༠༡༣ ལོར་ཨོ་སི་ཁྲི་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག དེ་སྔ་བཞིན་ས་གནས་དེ་གའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་འཁྱུར་རྗེས། རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་འཁྱུར་མི་དགོས་པར་ལོ་གཉིས་རང་འཇགས་སྡོད་དགོས་རྒྱུ་གཏན་འབེབས་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༨ པའི་ནང་གི་ཨོ་སི་ཁྲི་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དེ་ས་གནས་ཤིག་གི་ཚོགས་གཙོ་མ་ཡིན་ཚེ་དམག་མི་མེད་པའི་དམག་དཔོན་ལྟ་བུ་རེད་ཅེས་དགོངས་ཚུལ་བྱུང་ཞིང་། སྐབས་དེར་རྦིར་གཟི་རྦེན་བོད་རིགས་མཐུན་ཚོགས་མ་གཏོགས་སྤྱི་ཟླ་བདུན་པ་དང་བརྒྱད་པའི་ནང་རྒྱུན་ལས་གསར་འདེམས་བྱེད་ཀྱིན་ཡོད་སྟབས། བོད་རིགས་མཐུན་ཚོགས་ཁག་གིས་སྤྱི་ཟླ་བརྒྱད་པའི་ནང་རྒྱུན་ལས་གསར་འདེམས་ཀྱིས་མང་གཙོའི་དུས་ཆེན་ཉིན། རྒྱུན་ལས་གསར་རྙིང་འཕོ་འགྱུར་གྱི་མཇལ་དར་སྒྲོན་འབུལ་ཐུབ་པ་བྱ་རྒྱུ་དང་། ལོ་དེའི་ཕྱི་ཟླ་ ༡༡ པ་མ་རྫོགས་གོང་ལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོག་སྟེ་ཨོ་སི་ཁྲི་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་གཉིས་གདམས་ཐུབ་པ་བྱ་རྒྱུ་གཏེན་འཁེལ་བྱས། དེ་ག་ནང་བཞིན་སྐབས་དེའི་རྦིར་གཟི་རྦེན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་བཅར་བ་གཞན་པ་དེ་བཅས་ཕར་སླེབས་རྗེས། རྒྱུན་ལས་དང་མི་མང་ལ་གོ་བསྡུར་གྱིས་ཕྱི་ཟླ་བརྒྱད་པ་དེ་ག་རང་ལ་རྒྱུན་ལས་གསར་བ་འོས་འདེམས་བྱས་ཡོད།

ཕྱི་ལོ་ ༢༠༡༣ ལོར་གཏེན་འབེབས་དང་། ཕྱི་ལོ་ ༢༠༡༥ ལོར་སྐྱར་བཅོས་གཏེན་འབེབ་བྱས་པའི་<ཨོ་སི་ཁྲི་ལི་ཡའི་རྒྱལ་ཡོངས་་བོད་རིགས་མཐུན་ཚོགས་ཀྱི་སྒྲིག་གཞི་>ཡི་ནང་དུ། རྒྱུན་ལས་ཕྱེད་ལྷག་གིས་དགོངས་པ་ཞུས་ཚེ། སྐབས་དེའི་རྒྱུན་ལས་རྩིས་མེད་ཀྱིས་སྐྱར་འདེམས་བྱེད་དགོས་པ་བཞིན། སིད་ཎི་བོད་རིགས་མཐུན་ཚོགས་ཀྱི་སྐབས་ ༡༤ བའི་རྒྱུན་ལས་བཞི་མ་གཏོགས་གཞན་ཡོངས་ཀྱིས་དགོངས་པ་ཞུས་པས་༢༠༡༨-༡༠ བའི་ནང་རྒྱུན་ལས་སྐབས་བཅོ་ལྔ་བ་འོས་འདེམས་ལས་འཁུར་ཞུས་ཡོད་ཞིག་རེད་འདུག

༢༠༡༩-༩-༢ ཉིན་སྐབས་༡༦པའི་དྲིལ་བསྒྲགས་ལས་བྱེད་བསྟན་འཛིན་ཆོས་རྒྱལ་གྱིས།

གསར་འགྱུར།

Post navigation

Previous Post: འབྲུག་ལ་གནས་སྐོར་དུ་བསྐྱོད་པའི་ཚོར་སྣང་།
Next Post: མཆེད་རྩེ་མོར་ཕུལ་བའི་ཕྲིན་ཡིག་སྙན་ངག་གི་མཛོད་ཅེས་བྱ་བ་བཞུགས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme