Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོད་ལན་པས་༸གོང་ས་མཆོག་གི་མཚན་རྟགས་ལ་མཛུབ་མོ་བཙུགས་དོན་ཅི་ཡིན།

Posted on 2019-07-24 By ཁ་བརྡ 34 Comments on རྩོད་ལན་པས་༸གོང་ས་མཆོག་གི་མཚན་རྟགས་ལ་མཛུབ་མོ་བཙུགས་དོན་ཅི་ཡིན།

བདེན་རྒྱབ་བདེན་གནོན།
 
ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཁ་མཆུ་ཨང་ཉི་ཤུ་པའི་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་གཞིར་བཟུང་སྔོན་འགྲོ་དང་དངོས་གཞིའི་ཞིབ་གཅོད་རིམ་པ་བརྒྱུད་དེ་ཉེ་ཆར་ཞིབ་གཅོད་ཐེངས་གཉིས་པའི་ཐད་ཉན་ཞིབ་གནང་སྟེ་ཁྲིམས་ར་གྲོལ་རྗེས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་རྩོད་ལན་ཁྲིམས་རྩོད་པས་ཁྲིམས་ཁང་ནང་མ་བསྟན་པའི་ཡིག་ཆ་གཞན་ཞིག་གསར་འགོད་པའི་མདུན་དུ་བསྟན་ཏེ་དོན་ཚན་བཞི་པ་དང་འབྲེལ་བའི་དཔང་ཡིག་གལ་ཆེན་ཡིན་སྐོར་སྤོབས་པ་མཐོན་པོས་བཤད་པ་རེད། རྩོད་ལན་ཁྲིམས་རྩོད་པས་འགྲེལ་བཤད་བྱས་པ་ལྟར་ན་ཡིག་ཆ་དེ་སྐུ་ཚབ་དོན་གཅོད་ཁག་ལ་དོལ་རྒྱལ་རྗེས་འབྲངས་པའི་གནས་ཚུལ་མཁོ་སྒྲུབ་དགོས་པའི་ལམ་སྟོན་ཡིག་ཆ་ཡིན་པར་མ་ཟད། དེའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་རྟགས་འཁོད་ཡོད་རེད་ཅེས་སྐད་གསང་ཐོན་པོས་བཤད་ཡོད། རྩོད་ལན་ཁྲིམས་རྩོད་པའི་སྐད་ཆ་འདི་བཞིན་བརྒྱུད་ལམ་ཁག་ལ་ཁྱབ་རྗེས་མང་ཚོགས་མཐོ་དམན་བར་གསུམ་གྱི་ཁོར་ཡུག་ནང་བསམ་ཚུལ་མང་པོ་བྱུང་ཡོད་པ་མ་ཟད། སྐབས་དེའི་ཁྲིམས་ཁང་ནང་དངོས་སུ་ཡོད་པའི་མི་མང་པོ་ཧང་སང་པ་རེད། གང་ཡིན་ཟེར་ན་ཁྲིམས་ཁང་ནང་དོན་ཚན་བཞི་པ་དང་འབྲེལ་བའི་ཞིབ་གཅོད་སྐབས་རྩོད་ལེན་པས་དཔང་ཡིག་དེ་འདྲ་ཞིག་རྩ་བ་ནས་བསྟན་མེད། ཁྲིམས་ར་གྲོལ་རྗེས་རྩོད་ལན་ཁྲིམས་རྩོད་པས་དོན་རྒྱལ་དང་འབྲེལ་བའི་ལམ་སྟོན་ཡིག་ཆ་རེད་ཟེར་བ་ཞིག་གསར་འགོད་པའི་མདུན་དུ་འཁྱེར་ཡོང་བ་མ་ཟད། ༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་རྟགས་ལ་མཛུབ་མོ་བཙུགས་པ་རེད། ཡིན་ནའང་རྩོད་ལན་ཁྲིམས་རྩོད་པས་ཡིག་ཆ་དེ་བརྒྱུད་ལམ་ཁག་ལ་ཤོག་བུ་རེ་རེ་ནས་འགྲེམས་སྤེལ་བྱས་མེད།

རྩོད་ལན་ཁྲིམས་རྩོད་པའི་བྱེད་སྟངས་དེ་ནི་ཁོ་ཚོས་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་ཡང་བསྐྱར་ཁྲིམས་རའི་ནང་འཁྱེར་ཐབས་བྱས་པ་ཞིག་རེད། བྱེད་སྟངས་འདིའི་རྒྱབ་ལ་སྐྱུག་བྲོ་བའི་མཐོ་རིམ་སྐྱ་སེར་མང་པོ་ཞིག་ཚོགས་ཡོད་པ་ནི་ཁ་མཆུ་ཨང་ཉི་ཤུ་པ་དང་འབྲེལ་བའི་ཐད་ཀྱི་སྔ་ཕྱིའི་བྱུང་རིམ་ལ་བལྟས་ན་གསལ་པོ་རེད། ཁོང་ཚོས་ད་བར་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་༸གོང་ས་ཆེན་པོའི་མཚན་གནས་བེད་སྤྱོད་གཏོང་རྒྱུར་ཐབས་ཤེས་ངན་བྱུས་སྣ་ཚོགས་བྱས་ཡོད། དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་ཐོག་མར་བསྐོ་གཞག་གི་འགྲོ་ལུགས་ལྟར་འཕོ་འགྱུར་བཏང་ཡོད་ཟེར་བའི་སྐད་ཆ་སྦུག་སྦུག་དེ་དང་། དོན་གཅོད་གསར་པ་དངོས་གྲུབ་ཚེ་རིང་མཇལ་ཁ་ཞུས་པའི་པར་གསར་འགོད་གསལ་བསྒྲགས་བྱས་པ། ཁ་མཆུ་ཨང་ཉི་ཤུ་པའི་ཁྲིམས་ར་མ་ཚུགས་སྔོན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དོན་གཅོད་འཕོ་འགྱུར་བཏང་བའི་ཐད་ཀྱི་དཔང་ཡིག་གནང་སྐོར་ས་བསྒྲགས་གནམ་བསྒྲགས་བྱས་པ། བཅའ་ཁྲིམས་རིན་པོ་ཆེའི་སྔོན་གླེང་ནང་གི་༸གོང་ས་ཆེན་པོའི་མཚན་གནས་ལ་འབྲེལ་བཏགས་ཏེ་ཁ་མཆུ་འབུར་འཇོམས་བྱ་བརྩིས་བྱས་པ་སོགས་ཚང་མ་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་བེད་སྤྱོད་གཏོང་ཐབས་བྱེད་པའི་ངན་བྱུས་ཤ་སྟག་རེད།

ད་རེས་སླར་ཡང་རྩོད་ལན་ཁྲིམས་རྩོད་པས་དོན་ཚན་བཞི་པ་དང་འབྲེལ་བའི་ཐོག་ནས་གསར་འགོད་པའི་མདུན་དུ་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་བེད་སྤྱོད་གཏོང་ཐབས་བྱས་པ་དེར་ཞིབ་ལྟ་བྱེད་སྐབས་རྩོད་ལན་པའི་ངོས་ནས་ཁ་མཆུ་ཨང་ཉི་ཤུ་པ་དང་འབྲེལ་བའི་ཐོག་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་ནག་པོ་བཟོ་ཐབས་བྱེད་རྒྱུ་དེ་གལ་ཆེར་འཛིན་པར་བལྟས་ན། དཔྱོད་ལྡན་པར་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་ལ་མཚན་ཤས་བཟོ་ཐབས་དེ་དམིགས་ཡུལ་མིན་ནམ་སྙམ་པའི་དོགས་པ་ཆེ་རུ་འགྲོ་བཞིན་ཡོད། དཔེར་ན་ད་རེས་རྩོད་ལན་ཁྲིམས་རྩོད་པས་གསར་འགོད་པའི་མདུན་དུ་ཡིག་ཆ་ཞིག་བསྟན་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་རྟགས་ལ་དངོས་སུ་མཛུབ་མོ་བཙུགས་པ་དེའི་དམིགས་ཡུལ་གསལ་ཆ་མེད། ཡིག་ཆ་དེ་ཁྲིམས་ཁང་ནང་མ་བསྟན་པ་དེས་ཁྲིམས་ཀྱི་དཔང་པོ་ཡོང་གི་མེད་པ་གསལ་པོ་ཡིན་ནའང་། གསར་འགོད་པའི་མདུན་དུ་༸གོང་ས་ཆེན་པོའི་མཚན་གནས་བེད་སྤྱོད་བཏང་བ་དེས་མང་ཚོགས་ནང་སླར་ཡང་ཆོ་འཕྲུལ་ཞིག་བསྟན་འདོད་བྱས་པས། ད་ཆ་ཁོ་པ་ཚོའི་གནས་སྟངས་དེ་གང་འདྲ་ཡིན་ཧ་ཅང་གསལ་པོར་འགྱུར་བཞིན་ཡོད། མ་ཟད་ཁོ་པ་ཚོས་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་མ་ཎི་ལྟར་དྲངས་པ་དེར་དོན་དངོས་ཀྱི་དད་པ་དང་གུས་ཞབས་ག་ཚོད་ཡོད་མེད་གསལ་དུ་འགྲོ་བཞིན་ཡོད།

ད་ནི་དོན་དངོས་ལ་ཞུགས་ན་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་ཀྱི་ལམ་སྟོན་ཕར་ཟད་ཕྱི་ལོ་ ༡༩༩༦ ཚུན་ནས་དོལ་རྒྱལ་དང་འབྲེལ་བའི་ཡིག་ཆ་གང་གི་ཐོག་ལ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་འཁོད་པའི་ལམ་སྟོན་ཡིག་ཆ་རྩ་བ་ནས་མེད། ལྷག་པར་ཕྱི་ལོ་ ༢༠༡༡ ཙམ་ནས་འགོ་ཚུགས་པའི་དོལ་རྒྱལ་ཁ་འཁྱེར་རྒྱ་རྒྱུགས་ཉུང་ཤས་ཀྱི་ངོ་རྒོལ་ལས་འགུལ་དེ་དང་འབྲེལ་བའི་ཐད་ནས་གནས་ཚུལ་མཁོ་སྒྲུབ་ཞུ་ཕྱོགས་ཐད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་འཁོད་པའི་ལམ་སྟོན་ཡིག་ཆ་རྩ་བ་ནས་མེད་པ་ཚིག་ཐག་བཅད་ཆོག་པ་ཡིན། གང་ཡིན་ཟེར་ན་རྩོད་ལན་ཁྲིམས་རྩོད་པས་ད་བར་ཡིག་ཆ་དེ་འདྲ་ཞིག་བཙལ་ཡོད་ཀྱང་རྩ་བ་ནས་རག་མེད། དེར་བརྟེན་ཁ་སང་ཁོང་ལ་ཁྲིམས་ཁང་ནང་བསྟན་རྒྱུ་མེད་པའི་ཡིག་ཆ་ཞིག་ལས་འཁྱེར་རྒྱུ་མ་བྱུང་བ་རེད། གང་ཡིན་ཟེར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཞབས་སོར་འཁོད་སྐབས་དོལ་རྒྱལ་ཁ་འཁྱེར་པས་ངོ་རྒོལ་བྱས་པར་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་མ་བསྐུལ་དང་བླངས་རང་ནུས་གང་ཡོད་ཀྱིས་ཕེབས་བསུ་ཞུ་བར་བཅར་པ་དེ་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་འགན་འཁུར་རྐང་ལེན་བྱས་པ་ལས། གཞུང་གི་བཀོད་ཁྱབ་འོག་དོན་གཅོད་ཁག་གིས་འཁུར་བླངས་པ་ཞིག་མ་རེད། དེ་ལྟར་མིན་པ་དེ་ཡང་དེ་སྔོན་དོན་གཅོད་སྐལ་རྡོར་དང་འབྲེལ་བའི་ཐོག་བཀའ་ཤག་ནས་གྲོས་ཚོགས་ལ་གསལ་བཤད་བྱས་པ་རེད།

གལ་ཏེ་དོལ་རྒྱལ་རྗེས་འབྲངས་པ་དང་འབྲེལ་བའི་ཐོག་ནས་༸རྒྱལ་བའི་སྐུ་ཕྱྭར་ཉེན་ཁ་བཟོ་གི་ཡོད་པའི་ཆ་ནས་དོན་གཅོད་ཁག་གིས་གནས་ཚུལ་མཁོ་སྒྲུབ་ཀྱི་ལམ་སྟོན་ཡོད་པ་དང་། དེ་དང་འབྲེལ་བའི་འགལ་འཛོལ་ཐོག་གལ་ཆེར་གཟིགས་ནས་དོན་ཚན་བཞི་པ་དྲངས་ཏེ་སྤེན་པ་ཚེ་རིང་འཕོ་འགྱུར་བཏང་ཡོད་ན། དེ་སྔའི་དོན་གཅོད་སྐལ་རྡོར་སྐབས་དོལ་རྒྱལ་རྗེས་འབྲངས་པ་དང་འབྲེལ་བའི་ཐད་ནས་སྐུ་ཕྱྭར་འགན་མི་བཟོད་པའི་དོན་རྐྱེན་བྱུང་ཡོད་པས་དེ་དུས་བཀའ་ཤག་ནས་ཉེ་བརྡ་བཏང་བའི་ཡིག་ངོ་གཅིག་མཚུངས་དགོས་པ་དང་། ད་ལྟའི་ལས་ཐོག་དོན་གཅོད་དངོས་གྲུབ་ཚེ་རིང་གིས་དོལ་རྒྱལ་རྗེས་འབྲངས་པ་དང་ངན་འབྲེལ་ཡོད་པའི་མི་དང་ལག་གདང་སྦྲེལ་བར་ཉེན་བརྡ་བཏང་བའི་ཡིག་ངོ་ཀྲིག་ཅར་དུ་ཁྲིམས་ཁང་ནང་འཁྱེར་རྒྱུ་ཡོད་དགོས་ཀྱང་དེ་འདྲ་རྩ་བ་ནས་མེད། ཡིན་ནའང་བཀའ་ཤག་ནས་སྐལ་རྡོར་དང་དངོས་གྲུབ་ཚེ་རིང་གི་བྱ་བ་གང་བྱས་ཐམས་ཅད་བཀའ་ཤག་གི་དགོངས་པ་ཡིན་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད། འདིའི་ཐོག་ནས་ཀྱང་དོན་ཚན་བཞི་པ་དང་འབྲེལ་བའི་ཐད་ད་ལྟའི་བཀའ་ཤག་ལ་ལང་ཕྱོགས་ཁ་གསལ་གཏན་འབེབས་མེད་པར་མ་ཟད། དེ་ཡང་གང་ཟག་ལ་བལྟས་ནས་བཟོ་བཅོས་གནང་གི་ཡོད་པ་གསལ་པོ་ཆགས་པ་རེད་སྙམ་མོ།། །།

བསམ་ཚུལ།

Post navigation

Previous Post: ཁྲིམས་ལུགས་མཁས་དབང་ག་པ་ཡོད་དམ།  

Next Post: ཆོས་མེད་སྨྲ་བ་རྒྱ་ནག་གུང་བྲན་ཏང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཡིན་ཟེར་བ་ནི་བསམ་ཡུལ་ལས་འདས་པའི་ཧམ་བཤད་ཁོ་ན་ཡིན།

Comments (34) on “རྩོད་ལན་པས་༸གོང་ས་མཆོག་གི་མཚན་རྟགས་ལ་མཛུབ་མོ་བཙུགས་དོན་ཅི་ཡིན།”

  1. ཨ་ཤོ་ཀ says:
    2019-07-24 at 12:18 am

    བདེན་རྒྱབ་ལ་གདོན་གནོན།
    ད་དུས་ཚོད་ཁྲོ་རླག་མ་གཏོང་ན་བསམ། ངས་བསམ་ཚུལ་ཡིན། དགོངས་འགལ་མེད་པ་ཞུ།

  2. བཀྲ་ཤིས། says:
    2019-07-24 at 12:31 am

    ཧ་ཧ་ཧ་ད་བློ་བཟང་གྲགས་པས་ཉོས་ཤག

  3. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-24 at 5:42 am

    གོང་ས་མཆོག་ཁ་མཆུའི་ནང་མ་དྲུད་རོགས་ཐུགས་རྗེའི་གཟིགས་།

  4. ཇ་མ་ says:
    2019-07-24 at 8:55 pm

    ཁྲིམས་རྩོད་པ་བློ་གྲགས་ཟེར་བ་འདི་ར་བཟི་ཟིན་པ་ཞིག་མིན་ནམ། ཡང་མིན་ན་ཁོ་སྨྱོན་པ་ཞིག་མ་ཡིན་ནམ་བསམ།

  5. འཇིགས་མེད་སེངྒེ། says:
    2019-07-24 at 11:10 pm

    གནད་དོན་འདི་ཧ་ཅང་གལ་ཆེན་པོ་རེད། བཀའ་ཤག་གི་ཁྲིམས་རྩོད་པས་གོང་ས་མཆོག་གི་བཀའ་ཡིག་མེད་བཞིན་དུ་མི་མང་ལ་རྫུན་གཏམ་ཤོད་པ་འདི་བོད་པའི་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་ངན་བྱུས་རང་རེད། ད་ནི་མི་མང་ཚང་མས་བདེན་པའི་རྒྱབ་ལང་བྱ་དགོས་པ་རེད་ལ། སྤྱི་འཐུས་དང་དགའ་ལྡན་ཕོ་བྲང་གི་ལས་མི་ཚོས་ཀྱང་གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་སྲུང་སྐྱོབས་དང་བདེན་པ་ར་སྤྲོད་ངེས་པར་བྱ་དགོས་པའི་དུས་ལ་སླེབས་ཡོད།

  6. བཀྲ་ཤིས་ཚེ་རིང་། says:
    2019-07-24 at 11:15 pm

    ཁྲིམས་ཁང་ནང་དཔང་ཡིག་ལ་སྟོན་མི་ནུས་པའི་བཀའ་ཡིག་ཟེར་བ་ཞིག་གསར་འགོད་པའི་མདུན་ལ་འཕྱར་ཡོང་བ་འདི་ག་རེ་རེད། དགའ་ལྡན་ཕོ་བྲང་ནས་བཀའ་ཡིག་དེ་འདྲ་ཞིག་གནང་ཡོད་མེད་གསལ་བཤད་མ་བྱས་ན་བོད་མི་མང་ཚོགས་མགོ་འཐོམས་ཉེན་འདུག ད་དེ་འདྲ་བྱས་ནས་ཡུན་རིང་སོང་ན་བོད་དུམ་བུར་འགྲོ་བར་ཐེ་ཚོམ་མི་འདུག

  7. AྀBHARU JIGWANG says:
    2019-07-24 at 11:52 pm

    ༄༅། ད་སྤེན་ཚེའི་ཁ་མདོག་ཞན་དུ་ཞན་དུ་འགྲོ་གི་འདུག་པ་བརྗོད་མི་དགོས།
    ཁ་ཤུགས་ཆེ་མདོག་མ་གཏོགས་གང་ཅིའི་ཐོག་ནས་ལས་དོན་ཚུལ་བཞིན་མ་བྱུང་བ་མངོན་གསལ་
    དོད་པོ་འདུག་།
    སྲིད་སྐྱོང་བཀའ་ཤག་ལ་བརྩི་བཀུར་མ་ཞུས་པའི་མདོག་ཇེ་གསལ་ཇེ་གསལ་དུ་འགྲོ་གི་འདུག།

  8. ཨ་ཤོ་ཀ says:
    2019-07-25 at 12:13 am

    བླ་བཟང་གྲགས་པ་ལགས། བཀའ་མོལ་དེ་ལ་དགེ་ཚན་ཅན་གསུངས་སོང་། གང་ལྟར་སྐུ་ངོ་སྤེན་པ་ལགས་ཏོག་ཙམ་ཁྲམ་བཤད་དང་དཀྲུགས་གཏམ་དེ་མ་གསུངས་ན་དགའ་འདུག ཡིན་ནའང་ངས་མཐོང་ཚུལ་ཙམ་ལས་མིན། ནོར་ཡོད་ན་དགོངས་སེལ་ཞུ།

  9. བཀྲ་ཤིས། says:
    2019-07-25 at 12:26 am

    ཁ་མཆུ་གཏུག་ཤོག་གསུངས་སོང་།།
    ཁྲིམས་ལ་ཕེབས་དགོས་གསུངས་སོང་།།
    ཁྲིམས་ཁང་ནང་ལ་སླེབས་དུས།།
    ཕྱིར་ཐེན་རེ་བ་ཞུས་སོང་།།

  10. རང་བྱུང་རིག་པའི་རྡོ་རྗེ says:
    2019-07-25 at 1:02 am

    དྲ་འབུ་ཁ་ཤས་ཤིག་དུད་འགྲོ་ལས་སྡུག་པ། ཆགས་སྡང་ཞིག་མ་གཏོགས་མི་འདུག སྙིང་རྗེའི་རང་རེད།
    ཁྲིམས་གཏུག་བྱས་པ་དེ་ཚུལ་དང་མཐུན་པ་ཞིག་རེད། སུ་རྒྱལ་དང་སུ་ཕམ་ཧ་ཅང་བཤད་དཀའ་མོ་རེད། འོན་ཀྱང་དུད་འགྲོ་ལྟ་བུ་ཁ་ཤས་ཤིག་གིས་བཟོད་ཀི་མེད་པ་དེ་ཅི་རེད། སྲིད་སྐྱོང་གི་ཤོར་ས་རེད་སྙམ་ན་སྐྲག་གི་མེད་དམ། གལ་ཏེ་ཁྱོད་ཚོར་ཞེད་སྣང་ཡོད་ན་དེ་ན་རང་ཉིད་མི་ཚད་ལྡན་མིན་པའི་རྟགས་རེད།་དམ་ཉམས་ཚོ་ཧ་གོ་སོང་། །

  11. དྲང་སྲོང་གཅེར་བུ says:
    2019-07-26 at 4:02 am

    https://m.youtube.com/watch?v=Kd00Jbd3jFY

    སྐལ་རྡོར་དོན་གཅོད་སྐབས་སུ་དོལ་རྒྱལ་བས་༧རྒྱལ་བའི་སྐུ་ཕྱྭ་ལ་ཉེས་ཁ་བཟོས་པ།

  12. སྟག་སྨྱོན། says:
    2019-07-26 at 2:21 pm

    xxxལག་དམར་དགྲ་བོ་རྒྱ་དམར་དང་དཔུང་སྒྲིག་བྱས་ནས་བོད་མི་ནང་ཁུལ་ལ་མི་མཐུན་པ་དང་རྙོག་དྲ་བཟོ་རྒྱུ་མཚམས་བཞག་ནས། བོད་པ་ནང་ཁུལ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་གལ་ཆེ་བར་མཐོང་།

  13. སྟག་སྨྱོན། says:
    2019-07-26 at 2:54 pm

    xx་ཡོད་སར་ལས་འཆར་གཞི་ལྡན་ལས་དོན་རྒྱ་ཆེན་པོ་དང་རེ་བ་ཡོད་པ་ཞིག་ནམ་ཡང་ཡོང་ཐབས་མེད། ཆུ་བཞི་སྒང་དྲུག་ལ་ཆ་བཞག་ན་དང་པོ་ལོ་གཅིག་གཉིས་ཤིག་ལ་རྒྱ་དམར་དང་དམག་འཁྲུག་བརྒྱག་ནས་ལངས་ཕྱོགས་མ་ནོར་བ་བྱུང་བའི་ཁུལ་རེད། དེ་རྗེས་བོད་ས་ཤོར་ནས་གློ་དམག་སྒར་ཚུགས་པ་ནས་ནང་ཁུལ་བརྒྱ་ཤོག་སོ་སོའི་བར་དམར་གསོད་དང་བཙོང་རེས་བྱས་ནས། ཆུ་སྒང་གི་དམག་མི་ཧ་ཅང་མང་པོ་ཞིག་ལ་མནར་གཅོད་ཕོག་ནས་རང་ཤི་བརྒྱབ་པ་དང་ནང་དམེ་སོགས་བྱས་ནས་ཞབས་འདྲེན་དང་ཡིད་སྐྱོ་བའི་ངང་ཆུ་སྒང་གི་ལོ་རྒྱུས་མཇུག་རྫོགས་པ་རེད།
    དེ་ནས་༧གོང་ས་མཆོག་གིས་བོད་གཞུང་དམངས་གཙོར་བསྒྱུར་ཏེ་གཞུང་འཛིན་པའི་ནང་xx་མང་པོ་སླེབས་པ་ནས། བོད་གཞུང་གི་སྒྲིག་འཛུགས་འདི་ཡང་བོད་མི་ནང་ཁུལ་ལ་འཁོན་འཛིན་དང་ནང་འཁྲུག་བྱེད་སའི་སྡེངས་ཆ་ཞིག་ཏུ་གྱུར་བ་རེད། བློ་སེང་སྲིད་སྐྱོང་ཆགས་ནས་གནས་སྟངས་དེ་ཆེས་སྡུག་ཏུ་བཏང་ཡོད།
    མ་ཟད་xxxརྩེད་མོའི་འགྲན་སྡུར་ཆུང་ཆུང་ཞིག་ཀྱང་ཁ་བྲོ་བོའི་ངང་མཇུག་སྐྱོང་མི་ཐུབ། དེ་ནི་ད་དམ་སྦེལ་ལྗམ་གྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྐབས་བྱུང་བའི་ཆགས་སྒོ་དེ་ལས་མཐོང་ཐུབ།
    གནས་ཚུལ་འདི་དག་གི་ཐོག་ནས་xxནི་ཆགས་སྒོ་སློང་མཁན་གྱི་མི་ངན་ཡིན་པ་ལས་བོད་མི་རིགས་ཀྱི་རེ་བ་བཅོལ་ཆོག་སའི་དཔའ་བོ་མ་རེད།
    xxxཤ་ཟ་རོགས་དང་ཆུང་འཐུང་རོགས། ཤོ་བརྒྱག་རོགས་ལ་ཡག་པོ་རེད། དེ་མིན་ལས་ཀ་ཡག་པོ་ཞིག་xཔའི་མི་དང་མཉམ་དུ་ཡོང་ཡ་ཡོད་མ་རེད། ཁོ་ཚོ་ཕྲག་དོག་ཚ་བོ་དང་གུ་དོག་པོ། ང་རྒྱལ་ཆེན་པོ་དང་ཤེས་ཡོན་མེད་པའི་ཀླད་མེད་ཡིན་པའི་རྐྱེན་གྱིས་རེད།

  14. སྟག་སྨྱོན། says:
    2019-07-26 at 3:04 pm

    xxཡོད་སར་ལས་ཀ་རྩ་དོན་རྒྱ་ཆེན་པོ་དང་རེ་བ་ཡོད་པ་ཞིག་སྒྲུབ་ཐུབ་རྒྱུའི་རེ་བ་ཡོད་པ་མ་རེད།

  15. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-26 at 3:43 pm

    ད་ལྟ་བར་ཉན་ཞིབ་གསུམ་ལ་ལྟ་སྐབས་ཞུ་སྦྱོར་དང་རྩོད་ལན་
    པ་གཉིས་ཀི་ལོ་གཅིག་ལ་ཀྱག་ན་འཇིད་ཡངས་གཅིག་པ་ལས་
    ཁྱད་པར་མ་མཐོང་ན་བཙན་བྱོལ་སྤྱི་ཚོགས་ནང་བར་མའི་འོས་
    བསྡུ་སྒྲ་སྒྲིག་བྱ་རྒྱུའི་དུས་ལ་བབས་མི་འདུག་གམ?

  16. འཇམ་དཔལ་ཚུལ་ཁྲིམས says:
    2019-07-27 at 12:17 pm

    ཁ་མཆུ་ཨང་༢༠་བའི་སྐོར་ལ་གོང་གི་རྩོམ་སོགས་ཉེ་ཆར་གྱི་རྩོམ་དེ་འདྲ་གང་ཡང་བཀླགས་མེད། ཁ་བྱང་ལ་འབྲེལ་བ་ཞིག་འདུག་བསམ་ནས་རང་གི་བསམ་ཚུལ་ཞིག་མཆན་འདེབས་འདོད།
    གྲོས་ཚོགས་ཀྱི་གྲོས་ཆོད་ཅིག་བསྟན་ནས་ལམ་སྟོན་ཡོད་པར་རྩོད་པ་ནི་བཀའ་ཤག་གི་ངོས་ནས་ལམ་སྟོན་མེད་ཟེར་བ་དང་འདྲ། ངས་སྔོན་མ་བཀའ་ཤག་གི་བཀའ་ཡིག་ལམ་སྟོན་ཡོད་པ་མིན་ནམ་སྙམ།
    ཡིན་ན་ཡང་གླེང་གཞི་མ་བྱུང་བར་དུ་བཅས་པ་མི་འབྱུང་བཞིན་བཀའ་ཤག་གིས་ད་སྔོན་སྙན་གསན་བྱོས་ཞེས་བཀའ་གཏོང་དགོས་པའི་དུས་སྐབས་མ་བྱུང་ཡིན་སྲིད། འོན་ཀྱང་དོན་ཟུར་སྤེན་ཚེ་ལགས་དེ་ལ་ཁེ་ཕན་ལེན་འོང་ཡ་ཞིག་དང་ཁོང་དཀར་པོ་ཆགས་འགྲོ་ཐབས་ཤིག་མེད་དེ། གྲོས་ཚོགས་ཀྱི་གྲོས་ཆོད་ལམ་སྟོན་མིན་ཟེར་སར་མི་འགྲོ་ལ། ལམ་སྟོན་མི་འདུག་ཟེར་སར་ཡང་མི་འགྲོ་སྟེ། སྙན་གསན་འབུལ་དགོས་པ་ནི་གཤམ་འོག་ལས་བྱེད་ཅིག་གི་གཞི་རྩའི་ཤེས་བྱ་དང་ལས་འགན་ཞིག་རེད།
    གཉིས་པ་དཔང་མི་དེའི་སྐོར་ལ་ང་རང་གི་བསམ་ཚུལ་ནིཿ སྔོན་མ་དོན་ཚན་བཅུ་མཐོང་སྐབས་དོན་ཟུར་ལགས་ཀྱིས་གང་སར་བཀའ་ཤག་ལ་མཚན་སྨད་ཞུས་ཚུལ་དེ་ཁུངས་སྐྱེལ་དགོས་ཤིང་། དེའི་ཁུངས་སྐྱེལ་ལ་བརྙན་དང་སྒྲ་སོགས་བཀའ་ཤག་གི་གམ་དུ་ཡོད་པ་ཡིན་གྱི་རེད་སྙམ།
    འོན་ཀྱང་དུས་རབས་འདི་འདྲ་ལ་མི་ཁ་ཤས་ཤིག་ཁྲིད་ནས་འདི་འདྲའི་བདེན་དཔང་ཡིན་ཟེར་བ་ནི་བཀའ་ཤག་ལ་དེའི་བདེན་དཔང་མེད་ཟེར་དང་ཆ་འདྲ་བར་སྙམ། ལར་ནས་དོན་ཟུར་ལགས་ཀྱི་གསུང་བཤད་བརྙན་ཞིག་བདག་གིས་མཐོང་བ་དེ་ལས་བཀའ་ཤག་གིས་གསུང་བ་དེ་བདེན་པ་ཡིན་པ་འདྲ་བསམ་པ་ཞིག་བྱུང་། བཀའ་ཤག་ལ་བརྙན་དེ་ཡང་མེད་པ་ཨེ་ཡིན།
    ལར་ནས་ཁྲིམས་ཁང་ནང་དུ་གང་ཞིག་འགྲོ་བཞིན་པ་དང་ཕྱི་ལོགས་སུ་གང་ཞིག་བཤད་བཞིན་པ་ལ་ཆ་རྒྱུས་གང་ཡང་མེད། རང་འགར་ཐག་རིང་གི་དྲ་ལམ་ནས་མཐོང་ཚུལ་འགའ་ལ་བསམ་ཚུལ་བརྗོད་པ་ཙམ་མོ།
    ཞོར་ལ་བཀའ་ཤག་གི་ཁྲིམས་རྩོད་པ་འདིས་ཕོ་རྒྱག་ཨེ་ཡོང་ངམ་སྙམ་པ་བྱུང་། གཏམ་ལམ་ལ་ཞོགས་མི་ཞོགས་བྱས་ནས་ཡང་ནས་ཡང་དུ་གསར་འགོད་པའི་མདུན་དུ་ཨུ་ཚུགས་ཀྱིས་ཅིའི་ཕྱིར་ཡོང་གི་ཡོད། འདི་འདྲ་བས་ལམ་འགྲོ་མ་རྒྱུགས་ན་བདེན་པའི་མགོ་ལ་ཐལ་བ་བྱུག་སྲིད་ས་རེད་སྙམ།

  17. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-27 at 4:20 pm

    ཁ་མཆུ་ཉན་ཞིབ་འགྲོ་གི་ཡོད་རེད་གསར་འགོད་གསལ་་བསྒྲགས་
    སྤེལ་གྱི་ཡོད་རེད་ཧཧཧ

  18. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-28 at 12:59 am

    ཆེས་མཐོའི་ཁྲིམས་ཞིིབ་ཁང་གི་ཐག་གཅོད་ལ་གཞི་བཞག་དགོས་པ་རེད་དམ་ཞུ་སྦྱོར་དང་རྩོད་ལན་གྱིས་གསར་འགོད་དྲི་ལན་ལ་ཆ་བཞག་དགོས་པ་རེད།

  19. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-28 at 1:38 am

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་
    བཀུར་ཉམས་ལེན་ཞུ་མཁན་གྱི་བོད་མི་བཅའ་ཁྲིམས་དོན་ཚན་བཅུ་
    གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབ་མཁན་
    ཞིག་ཡིན་ན་སྤྱི་དམངས་གཏུར་བཤེར་གྱིས་རྩ་འཛིན་ཁྲིམས་ཡིག་གི་
    འབྲུ་དོན་བློ་ལ་མ་ངེས་པ་སུ་ལྷག་ཡོད་ན?

  20. འཚུབ་མ་རྒོད་པོ། says:
    2019-07-29 at 2:45 am

    ད་ལྟ་ནས་ལུང་བསྟན་ཞུ་ཆོག་པ་ཞིག་ལ། གལ་སྲིད་བཀའ་ཤག་ཕམ་པ་ཡིན་ན་བློ་སེང་གི་ཁྲིམས་རྩོད་པ་དང་རྒྱབ་སྐྱོར་བ་ཚོས་ཁྲིམས་ཁང་གིས་དྲང་པོ་བྱས་མ་སོང་བ་དང་། དེའི་རྒྱབ་ལྗོངས་སུ་སྒྲུང་རྫུན་སྣ་ཚོགས་བཟོ་རྒྱུ་ཡིན་པ་ཐག་གིས་ཆོད། སྤེན་ཚེས་ཁྲིམས་ཁང་གིས་གང་གནང་བ་དེར་ཆ་འཇོག་བྱེད་ཀྱི་ཡིན་ཟེར་ནས་བཤད་ཚར་བ་རེད། འོན་ཀྱང་རྒྱབ་སྐྱོར་བ་འགའ་རེས་ལྡོག་ཕྱོགས་ཀྱི་སྐད་ཆ་མང་པོ་འགྲེམ་རྒྱུ་ཡིན་པ་ནི་གཅིག་མཚུངས་རེད།

  21. གཞུང་པ་ཚེ་དབང་བསོད་ནམས says:
    2019-07-29 at 4:27 am

    ཁ་མཆུ་ཨང་ཉི་ཤུ་པའི་ཞུ་སྦྱོར་དང་རྩོད་ལན་པ་ཕྱོགས་གཉིས་དང་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་ན་ཁྲིམས་ཁང་ནས་བཅད་ཁྲ་ཕེབས་པའི་ཉིན་མོ་ནས་མ་འོངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་
    ཀྱི་ཁ་ཕྱོགས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་ལོང་བས་བལྟས་ཀྱང་ཁམས་
    གསུམ་གྱི་དཔེ་ལྟར་མ་རེད་དམ།

  22. རྡོ་རྒོད says:
    2019-07-29 at 5:03 pm

    ད་བརྒྱ་བཤད་སྟོང་བཤད་གང་བྱས་ནའང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་ཆུང་འདི་ཚོ་ལ་ཁྲིམས་ཀྱི་སློབ་སྦྱོང་དང་ཤེས་ཡོན་ལག་འཁྱེར་སོགས་གང་ཡང་ཡོད་པ་ལྟ་ཅི་དོན་གནད་དངོས་འབྲེལ་ཐོག་ལ་རྩོད་གླེང་མེད་པ་ཤེས་བཞིན་དུ་ཉི་མ་གང་འཁྱོལ་གྱིས་ད་ལྟའི་སྲིད་སྐྱོང་བློ་སེང་ལྟ་བུའི་མཛད་པ་ལ་ཡི་མ་རང་ནས་རྡ་སའི་མི་ངན་ཉུང་ཤས་རིའི་མགོ་ལ་བསྡད་ནས་རྒྱལ་བའི་བཀའ་ལ་རྩིས་མེད་བཏང་གི་ཡོད་པ་གསལ་པོ་ཡོང་རྒྱུ་མ་གཏོགས་གཞན་ཆུ་དཀྲོག་ནས་མར་འཐོན་དཀའ། སྲིད་སྐྱོང་རྒྱལ་ལོ།

  23. བཀྲ་ཤིས། says:
    2019-07-30 at 12:27 am

    ད་བྱ་དུར་བཟང་པོ་ཡང་བསྐྱར་ཁྲིམས་དཔོན་ལ་བསྐོས། སྤོ་བོ་པ་སངས་བཀའ་ཤག་གི་ཁྲིམས་རྩོད་པར་གདན་ཞུ་བྱས་ཏེ་ཟླ་བ་ཚེ་རིང་ལ་ཁྲིམས ་ཐག་བཅད་པ་ལྟར་མིག་བཙུམས་ན་མ་གཏོགས་ཡོང་ས་མ་རེད།

  24. ཀུན་བཟང་བཀྲ་ཤིས། says:
    2019-08-05 at 4:17 am

    བཙན་བྱོལ་བོད་པ་སྦར་མོ་གང་དེ་ཡང་རང་ཚུགས་བརྟན་ཐུབ་གི་མི་འདུག ཁ་ཤས་ཞིག་གིས་ཆེད་དུ་བྱས་ནས་དཀྲུག་གི་ཡོད་རེད། ཁོ་པ་ཚོ་ལ་རྒྱུ་མཚན་ཡོད་པའི་ཐོག་ནས་དཀྲུག་བཞིན་པ་རེད། ཡིན་ན་ཡང་ཁ་ཤས་ལ་གོ་རྟོག་མེད་པའི་རྐྱེན་གྱིས་རི་བོང་ཅལ་འདྲོག་རེད། རི་བོང་ཅལ་འདྲོགས་མ་བྱེད་རོགས།

  25. Abhar Jigwang says:
    2019-08-10 at 3:05 pm

    ༄༅། སྤེན་ཚེའི་སྐད་ཆ་བཤད་དུས། བཀའ་ཤག་ཤ་ཚ་ཡོད་མདོག།
    བཀའ་ཤག་ཁྲིམས་ལ་སྦྱར་པ། ཁ་བཤད་དོན་གནས་མེད་པ།
    ཞབས་འདྲེན་མིན་ན་གང་ཡིན།
    དང་ཐོག་སྤྱི་ཚོགས་ན་ལ། སྤེན་ཚེའི་བྱས་རྗེས་ཆེ་མདོག།
    ཁོ་པའི་མི་ཚེའི་རྗེས་སུ། སྔོན་བྱས་རྗེས་བསུབ་བཏང་སོང།

  26. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-10 at 11:44 pm

    ཕྱོགས་གཏོགས་འགན་འཁུར་མང་གཙོའི་དགྲ།
    འགོ་འདྲེན་རིང་ལུགས་མང་གཙོའི་དགྲ།
    སྐབས་ཚོལ་རིང་ལུགས་མང་གཙོའི་དགྲ།
    ལུང་ཚན་ཤོག་བསྒྲིལ་མང་གཙོའི་དགྲ།
    དྲང་བདེན་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ལ།
    མི་གུས་སྐྱེ་བོ་སུ་ཡོད་མང་གཙོའི་དགྲ།

  27. ཨ་ཁུ་འབྲོག་པ། says:
    2019-08-12 at 8:41 am

    སྤེན་ཚེ་ཁ་ཙམ་མ་ཡིན་བཀའ་ཤག་ལ།།
    ཤ་ཚ་ཡོད་པ་དམ་པའི་རང་རྟགས་ཡིན།།
    སློབ་སངས་ཞག་རྩི་མེད་པའི་བཀའ་ཤག་འདི།།
    བཙན་བྱོལ་བཀའ་ཤག་ཡོངས་ཀྱི་ཞབས་འདྲེད་རེད།།
    སྤེན་ཚེ་བྱས་རྗེས་ཡོད་མེད་ཕྱི་ནས་བརྗོད།།
    ཕྱི་ནས་དགྲ་བོ་རྒྱ་མི་དམར་པོས་བརྗོད།།
    དེ་ཙམ་མི་ཤེས་གླད་མེད་འཇིགས་དབང་ཁྱོད།།
    བྱུས་གཏོགས་མི་དགོས་ཁ་ལ་ཀུ་རུ་རྒྱོབས།།

  28. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-12 at 7:58 pm

    ཉི་མ་རིང་དུ་རིང་དུ་སྐད་ཆ་སྙན་དུ་སྙན་དུ།
    ཨ་དོན་འཕོ་འགྱུར་བཏང་བ་སྒེར་ནད་སྤྱི་པར་གཡོགས་འདུག།
    ཟླ་སྒྲོན་དཔང་རྟགས་རྒྱུད་ནས་ར་འཕྲོད་གསལ་པོ་ཆགས་སོང།
    དགའ་ལ་དགའ་མིན་འོག་ནས་ཨ་དོན་གནས་དབྱུངས་བཏང་བ།
    སྤྱི་དོན་ཁ་ནས་བཤད་ཀྱང་དོན་དངོས་སྒེར་ནད་རེད་འདུག།
    སྲིད་སྐྱོངས་དབུ་འཁྲིད་འོག་ཏུ་བཀའ་ཤག་ཆུ་ནང་དབྱུགས་སོང།
    ཁ་མཆུའི་ཉན་ཞིབ་རྒྱུད་ནས་བདེན་པ་གསལ་པོ་ཆགས་སོང།
    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲང་བདེན་བཅད་ཁྲ་སྒུགས་ཡོད།

  29. ཅོ་རི་ཉི་མ། says:
    2019-08-19 at 7:25 am

    སྤེན་ཚེ་དང་སྲིད་སྐྱོང་བློ་བཟང་གཉིས་ཀྱི་ཁ་མཆུ་ཡི་སྐོར་ལ་བསམ་ཚུལ་ཞིག་འབྲི་འདོད་བྱུང་། རང་ངོས་ནས་ཁོ་གཉིས་ཀ་ལ་དགའ་པོ་མེད་ལ་ཕྱོགས་སུ་ལྷུང་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད།

    དང་པོར། སྤེན་ཚེ་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་གནས་དབྱུང་བཏང་བ་དང་། གནས་དབྱུང་བཏང་དགོས་པའི་རྒྱུ་མཚན་བཀའ་ཤག་གིས་ངོས་ནས་དོན་ཚན་བཅུ་ཅན་ཞིག་ཕྱིར་བསྒྲགས་བྱས། དོན་ཚན་བཅུ་པོ་དེ་དག་གི་ནང་དུ་སྤེན་ཚེ་ཡིས་ས་ཕྱོགས་གང་དུ་ཕྱིན་ནའང་སྲིད་སྐྱོང་བློ་བཟང་དང་བཀའ་ཤག་ལ་དམའ་འབེབས་བྱས་པ་དང། སྐྱོན་བརྗོད་བྱས་པ། ཟླ་སྒྲོལ་ཆུང་ཆུང་གི་བློ་སྣེ་བསྒྱུར་ཐབས་བྱས་པ། ཨ་སྒོར་ས་ཡ་གསུམ་ཀྱི་གནད་དོན་བཅས་རེད།

    ༡་་་་དགོད་བྲོ་བ་ཞིག་ལ་སྤེན་ཚེས་ཁྲིམས་ཁང་ནང་དུ་བཀའ་ཤག་དང་སྲིད་སྐྱོང་ལ་དམའ་འབེབས་དང་སྐྱོན་བརྗོད་བྱས་མེད་རབས་ཀྱི་སྐད་ཆ་བཤད། ཅིའི་ཕྱིར།་སྐད་ཆ་དེ་འདྲ་བཤད་དགོས་པར་རེད་དམ། ཅིའི་ཕྱིར་དམའ་འབེབས་དང་སྐྱོན་བརྗོད་བྱས་མ་ཆོག་པར་རེད། སྲིད་དབང་སྒེར་གཅོད་པ་ཨེ་རེད། དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་དབུ་ཁྲིད་ལ་དམའ་འབེབས་དང་སྐྱོན་བརྗོད་བྱས་ཆོག་པ་དམངས་གཙོའི་ཁྱད་ཆོས་ཤིག་མ་རེད་དམ། ཨ་རིའི་སྲིད་འཛིན་ལ་ལྟོས་དང་། དམའ་འབེབས་དང་སྐྱོན་བརྗོད་བྱེད་མཁན་ག་ཚོད་མི་འདུག་གམ།

    སྤེན་ཚེ་ཁོ་རང་ལ་བྲན་གཡོག་གྱི་གཤིས་ཀ་ཡོད་པ་དང་སྲིད་སྐྱོང་བློ་བཟང་ལ་སྲིད་དབང་སྒེར་གཅོད་ཀྱི་གཤིས་ཀ་ཡོད་པས་རེད་མ་གཏོགས་དམངས་གཙོའི་སྤྱི་ཚོགས་ཤིག་ནང་དུ་ཡིན་ཤག་ཤག་དང་གནས་དབྱུང་བཏང་ཆོག་ཆོག་ཞིག་ག་ལ་ཡོད། སྲིད་སྐྱོང་ལ་དམའ་འབེབས་དང་སྐྱོན་བརྗོད་བྱེད་མཁན་གྱི་ལས་བྱེད་ཚོ་གནས་དབྱུང་གཏོང་དགོས་པ་ཡིན་ན་དམའ་འབེབས་དང་སྐྱོན་བརྗོད་བྱེད་མཁན་གྱི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་ཀྱང་སྒྲིག་འཛུགས་ཀྱི་ཁུངས་ནས་གནས་དབྱུང་དགོས་པ་ཨེ་རེད། ཡིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་བརྒྱ་ཆ་སུམ་ཅུ་ཙམ་གནས་དབྱུང་གཏོང་རན་ཚར་འདུག་ག་་་་ཧཧ

    ༢་་་་སྤེན་ཚེ་ཁྱོད་ལ་དྲི་བ་ཞིག་ཡོད། ཅིའི་ཕྱིར། སྲིད་སྐྱོང་དང་བཀའ་ཤག་ལ་དམའ་འབེབས་དང་སྐྱོན་བརྗོད་བྱས་ན་སྐུ་ཚབ་ཀྱི་ལས་གནས་ནས་གནས་དབྱུང་བཏང་དགོས་པར་རེད་དམ། སྲིད་སྐྱོང་དང་བཀའ་ཤག་ལ་ཡག་རབས་དང་བཟང་རབས་རྐྱང་རྐྱང་བཤད་དགོས་པ་ཨེ་རེད། དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ག་རེ་བཤད་ཆོག་པ་རེད་དམ། སྨྲ་བརྗོད་རང་དབང་ཟེར་ན་ཅི་རེད་དམ། བྲན་གཡོག་གྱི་གཤིས་ཀ་ཟེར་ན་ཅི་འདྲ་ཞིག་རེད་དམ། སྲིད་དབང་སྒེར་གཅོད་ཟེར་ན་གང་འདྲ་ཞིག་རེད་དམ།་་་་་་ཧཧཧཧ

    གསོ་རས་གནང་བའི་དམངས་གཙོ་དེར་བཤད་བཤད་ཀྱིས།
    རང་ཉིད་བྲན་གཡོག་ཡིན་པར་དེར་བརྗེད་ནས་འདུག
    བྲན་གཡོག་བཤིས་ཀ་ངན་པ་འདི་མ་དོར་ན།
    གསོ་རས་གནང་བའི་དམངས་གཙོ་འདིས་སུ་ལ་ཕན།

  30. ཅོ་རི་ཉི་མ། says:
    2019-08-19 at 7:37 am

    ཁ་ནས་ཆིག་སྒྲིལ་གྱི་གླུ་དབྱངས་ལེན་མཁས་པའི།
    ཨ་ཁུ་བློ་བཟང་གི་པི་ཝང་སྒྲོག་ལ་ལྟོས།
    ནུས་པ་མཉམ་སྤུངས་ཀྱི་སྒྲ་བརྙན་རྡུང་མཁས་པའི།
    ཨ་ཞང་སྤེན་པ་ཡི་གླུ་དབྱངས་ལེན་ད་ལྟོས།

  31. ཅོ་རི་ཉི་མ། says:
    2019-08-19 at 7:54 am

    ནོར་བཅས་་་ཨ་ཞང་སྤེན་པ་ཡི་གླུ་དབྱངས་ལེན་ར་ལྟོས།་་་ཨ་སྐད

  32. ཨ་ཁུ་འབྲོག་པ། says:
    2019-08-19 at 12:16 pm

    ཁྱོད་ཀྱི་ཨ་ཁུ་ཨ་ཞང་གཉིས་པོ་འདི།
    པི་ཝང་སྒྲ་བརྙན་འཁྲོ་ལ་མཁས་པ་བཞིན།
    གསོལ་རས་གནང་བའི་དམངས་གཙོའི་སྒྲིག་ཁྲིམས་ཀྱང་།
    མི་ཉམས་སྲུང་དང་གོང་དུ་སྤེལ་ལ་མཁས།།

    ལས་བྱེད་བླང་དོར་སྒྲིག་གཞི་མི་མཐོང་བའི།
    ཅེ་རེ་ལོང་བཞིན་ཅ་ཅོ་སྒྲོགས་པོ་ཁྱོད།།
    ཆིག་སྒྲིལ་ནུས་པ་མཉམ་སྤུངས་བྱེད་འདོད་ན།
    བོད་མི་ཚངས་མ་འགྲོ་བའི་ལམ་དེར་རྒྱུགས།

  33. རྒྱ་མ་ཚངས says:
    2019-08-21 at 4:53 am

    ཅོ་རི་ཉི་མ་ལགས་་ཞུ་སྦྱོར་བ་སྤེན་ཚེས་ཁྲིམས་ཁང་ནང་དུ་བཀའ་བཤགས་དང་སྲིད་སྐྱོང་ལ་དམའ་འབེབས་བྱས་མེད་པ་དེ་བྱས་མེད་ཟེ་ཁུང་སྐྱལ་སྤང་སྟགས་བྱས་པ་ལས་ཁྱེད་རང་གི་བྲིས་པའི་བཀའ་ཤགས་དང་སྐུ་ངོས་སྲིད་སྐྱོངས་ལ་དམའ་འབེབ་བྱས་ཆོག་དང་མ་ཆོག་གི་གནད་དོན་ལ་ཁྲིམས་ཤེར་བྱས་པ་བྱུང་མི་དུག་་ད་དུང་ཨ་སྒོར་ས་ཡ་གཅིག་དང་ཆེད་ཀའི་གནད་དོན་ལས་ཨ་སྒོར་ས་ཡ་གསུམ་རེད་མི་འདུག་

  34. འཚུབ་མ་རྒོད་པོ། says:
    2019-08-21 at 5:49 am

    ཅོ་རི་ཉི་མ། གཅིག གཞུང་གི་སྐུ་ཚབས་ཤིག་གིས་གཞུང་ལ་སྐྱོན་བརྗོད་དང་དམའ་འབེབ་བྱས་བ་ཡིན་ན་དམངས་གཙོའི་ལུང་པ་གང་འདྲ་ཞིག་ཡིན་ནའང་གནས་དབྱུང་གཏོང་གི་རེད། རྒྱུ་མཚན་ནི་ཁྱོད་གཞུང་གི་སྐུ་ཚབས་ཡིན་པས་གཞུང་དང་ལྟ་བ་མཐུན་དགོས་པ་རེད། དེ་མ་མཐུན་ན་ཁྱོད་ཀྱིས་གཞུང་གི་ཚབས་བྱེད་མི་ཐུབ། གཉིས། དེའི་དབང་གིས་གལ་སྲིད་སྤེན་ཚེས་བཀའ་ཤག་ལ་དམའ་འབེབ་དང་ཁྱད་གསོད་བྱས་ཡོད་མེད་ཚེ་དེ་དག་འབུད་བྱེད་དགོས་པའང་ཁྲིམས་དང་བཟང་སྤྱོད་གཉི་གའི་ཐོག་ནས་འགན་ཁུར་དགོས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme