Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་སྨུག་པ་ཅན་གྱི་སྙན་ངག

Posted on 2019-07-172019-07-18 By ཁ་བརྡ 1 Comment on རི་སྨུག་པ་ཅན་གྱི་སྙན་ངག

རས་པ།

༡ མུན་ནག་དང་མིག

འཇིག་རྟེན་དུ་མ་སླེབས་པའི་སྔོན་དུ།
སུ་ཞིག་གིས་མུན་ནག་གི་ཐ་སྙད་གང་ལ་སྦས་ཡོད་དམ།
དཀར་ངོགས་ཆེས་ཆེར་ཡོད་པའི་ས་གཞིའི་ངོས་ནས།
ག་ལེར་ནར་སོན་ཞིང་། གོམས་པར་གྱུར་ཚེ།
ད་གཟོད།  ཁྱེད་རང་མུན་ནག་ལ་འཇིགས་ཤིང།
འཇིགས་ཡེར་བའི་གཏམ་རྒྱུད་ཡོད་ཚད།
མཚན་མོའི་འདྲེ་སྒྲུང་ལས་བྱུང་བ་དྲན་ནམ།

 

༢  ཞེད་སྣང་།

ཉིན་འདི་འགར།
ང་རྨི་ལམ་ལས་ཡང་ཡང་སད་ཀྱི་འདུག
གཉིད་ལམ་དུ་སྡུག་བསྔལ་ཡོད་པ་ཅི་ཡིན་ནམ།
ཨ་མ།
ང་རང་མེ་ལྕེ་དམར་པོའི་ཁ་གཏད་དུ་འདུག་བཟོད་དཀའ་ཞིང་།
མིག་ཆུའི་ཆར་རྒྱུན་ཐེངས་འགར་བབས།

ཉིན་འདི་དག་གི་ཞོགས་པར།
ངས་སྔས་འབོལ་བཟུང་ནས་ཉི་མར་སྐམ་ཞིང་།
སྡུག་བསྔལ་གྱི་འོབས་དོང་ཡང་ནས་ཡང་དུ་མཐོང་།

 

༣ རི་མོར་བྲིས་པའི་དྲི་བ།

གཅེར་བུར་འགྲོ་བའི་བུད་མེད་ཅིག་མཐོང་ཚེ།
བཤད་ལུགས་གསུམ་ཡོད་དེ།
ཤིང་ལོ་གོན་པའི་གདོད་མའི་བུད་མེད་ཅིག་དང་།
སྨྱོན་པར་གྱུར་བའི་ནད་གཞིའི་གོད་ཆག་ཅན་ཞིག
ནུབ་ཕྱོགས་ཀྱི་མཚོ་འགྲམ་ལ་ཡོད་པའི་སྤྲོ་འཆམ་པ་ཞིག
འདི་དག་གི་ཁྲོད་དུ་བོད་མོ་ཞིག་ཡོད་ཚེ།
ཐ་སྙད་གསར་པ་ཞིག་ང་ཚོའི་ཁ་ལ་རྒྱུན་འཇགས་སུ་འགྲོ་ངེས་སམ།
ཡང་ན། ཐབས་ཤེས་གཞན་ཞིག་ཡོད།

 

༤ རྡ་རམ་ས་ལར།

མིག་གིས་གངས་རི་དང་ནགས་ཚལ་མཐོང་།
རྣ་བས་གསར་འགྱུར་དང་བཤད་ཡམས་ལ་ཉན།

བདེན་པས་ཀླད་པ་འགད་ལ་ཉེ།
རྫུན་གྱིས་རྣམ་ཤེས་འཁྱེར་ལ་ཉེ།

དབྱར་ཀ་ད་དུང་སླེབས་རྒྱུ་མིན་པ་འདྲ།

 

༥ དམྱལ་བ་དགུ་ཞབས་ཀྱི་བོད་ཡར་ལ་ཐོན་ཤོག 

ཡར་ལ་བལྟས་བལྟས་པས་ཐང་ཆད་དེ།
ད་ནི་སྒང་ནས་མར་ལ་གཟིགས་ཤིག

 

༦ ཁ་ཡི་རླབས་ལ་མྱ་ངན་གྱི་དྲན་གསོ།

བྱེ་རྡུལ་གྱི་རླབས་ཆེན་པོ་ཞིག
ཡངས་པའི་རྩྭ་ཐང་ལ་ཕབ་ཚེ།
དེ་ཡང་བྱེ་ཐང་ཆེན་པོ་ཞིག་སྟེ།
མིག་སྒྲིབ་ཅིང་།
མྱ་ངན་དང་རྔ་མོང་།
ཁ་སྐོམ་གྱི་ཚོར་བ་རྒྱུན་པར་ཡིད་ལ་འཁོར་བའི།
བརྒལ་དཀའ་བའི་འཇིག་རྟེན་དེ་ཉིད་དོ།

 

༧ དོ་དགོང་།

ང་རང་མུན་ནག་ནང་ཁ་ཁུ་སིམ་པོར།
སེམས་ཀྱི་སྟོང་ཁམས་ལ་ཟུག་ངུས་ཁེངས་ནས་ཡོད།
བྱིས་དུས་ཀྱི་རྨི་ལམ་ཡལ་རྗེས།
འཚོ་བ་ནི་ཧ་ཅང་གསལ་བའི་ཚོས་གཞིའི་བྲིས་ཡིག་གིས་གཏན་འཁེལ་ཞིང་།
དཀར་བོ་ནི་དཀར་པོ་དང་ནག་པོའང་ཤིན་ཏུ་གསལ།

ང་རང་ཁ་ཁུ་སིམ་པོར་བྲེལ་དངངས་ཀྱིས་མནར་ཞིང་།
དྲན་སྣང་གིས་རྒྱ་ཡན་དུ་མི་གཏོང་བའི།
སྟོན་འཇུག་གི་མཛོ་མོ་བ་དཀར་ཞིག་ཡིན།
བདག་གིས་ཕ་ས་དྲན་ཞིང་། མ་འོངས་པའང་དྲན།

ང་རང་མུན་ནག་ཏུ་ཙོག་ཞིང།
སྨག་གསལ་བའི་དོ་ནུབ་ཀྱི་གདུང་གླུ་ཡལ་བར་སྨོན།
རི་རབ་ཀྱི་རྩེ་མོ་མཐོང་ཞིང།
བརྒལ་དཀའ་བའི་སེམས་འདུན་གྱིས་ངལ་དུབ་ཀྱི་ཟུག་རྔུ་འབྱིན།

ང་རང་མུན་ནག་ནང་ཁ་ཁུ་སིམ་པོར་ཡོད།

 

༨ མི།

མི་རྣམས་ཐལ་བའི་རྡུལ་དུ་མ་གྱུར་བའི་སྔོན།
ཐབས་ཅད་མཁྱེན་པའི་སངས་རྒྱས་སུ་རེ་བ་བྱེད།
མི་རྣམས་ཀྱིས་རང་ཉིད་ཐལ་བར་འགྱུར་རྒྱུར་ཞེད་སྣང་མི་བྱེད།
མི་རྣམས་ཀྱིས་སྐྱེ་བ་ཕྱི་མར་སུ་ལ་ཆགས་སྡང་བྱེད་པར་གྲ་སྒྲིག་མི་བྱེད།
མི་རྣམས་ཀྱིས་རང་ཉིད་ནམ་ཡང་རང་ཉིད་ཡིན་པར་བསམ།
མི་རྣམས་ཀྱིས་རང་གི་ཡན་ལག་རང་གིས་རྩ་ནས་གཅོད།

 

༩ གངས་རི།

གངས་རི་ནི་གདུག་རྩུབ་ཅན་གྱི་མའོ་ཙེ་ཏུང་དང་འདྲ།
རང་ལ་འདྲིས་ཤིང་གོམས་པའི་མི་རྣམས་ཀྱི་རྨི་ལམ་གསོད་ཅིང་།
ཐ་ན་རང་ལ་དགའ་ཞིང་དུངས་པའི་མི་རྣམས་ཀྱི་ཚེ་སྲོག་ཀྱང་འཕྲོག
མཚན་མོའི་གཉིད་ལམ་ལས་ཀྱང་ཡང་ཡང་མཆུ་སྦྱོར་བྱེད་ཅིང་།
ལྕགས་ཀྱི་རི་བོ་ཞིག་གིས་མནན་ཡང་དགྱེ་སྟེ་སྲུང་བར་བྱེད་མཁན།
ཁྱོད་ལ་འདྲིས་ཤིང་འབྲལ་དཀའ་བའི་དུས་སུ།
རྒྱང་རིང་ཙམ་ནས་གྲོང་ངེར་འགྱིང་ནས་སྡོད་ཨང་།

 

༡༠ མཚན་མོ་རང་ཉིད་བཙལ་ན།

ཡུད་ཙམ་གྱི་རིང་ལ།
ཕུགས་བསམ་གྱི་ལྗོན་པར་ཡིབ་ནས་བལྟས།
ཁེར་བགྲོད་ཀྱི་ཟླ་བས་ཁོང་དགོད་བྱེད་ཅིང་།
ཡལ་གའི་གྲིབ་འོག་ནས་མགྱོགས་མྱུར་གྱི་མི་ཚེ་སྟོན།
དག་ཞིང་གི་ཐ་སྙད་ཀྱིས་ལྡོག་ཏུ་མེད་པའི་བསླུ་ཚིག་སྒྲོག་གིན་མེད་ནའང་།
བྱིས་དུས་རྨིས་མྱོང་བའི་རྨི་ལམ་ཡོད་ཚད།
འཇིགས་ཚར་ཏེ།  ཅི་ཙམ་བསམ་ཡང་སྔར་ནས་བཞུད་ཟིན།

ཕ་ཡུལ་དུ་ནམ་ཟླ་དགུན་ཁའི་གདུང་གླུ་འཁོར་ཞིང་།
ས་མཐའ་རུ་རྒྱུན་པར་གོ་བའི་གདུང་དབྱངས་ཀྱིས་རང་ཉིད་ཡོངས་སུ་བཟུང་།
ད་ནི་འཆར་ཡན་གྱི་འཚོ་བ་ཡལ་ཟིན་ཏེ།
ཧ་ཅང་མཁྲེགས་པའི་གཉའ་ཤིང་ཞིག་འཁུར་ཡོད།

ལོ་ཟླ་རིམ་གྱིས་འདས་ཤིང་།
མཚན་མོའི་རྨི་ལམ་དུ།
ཁོད་ཡངས་པའི་གངས་འདབས་ཀྱི་བརྩེ་སེམས་ཚོར།
ཀྱེ་མ། བདག་ལ་འཆར་ཡན་གྱི་རྟོག་པ་གཅིག་རང་ལྷག་སྟེ།
ཨ་མའི་སྤྱན་དཀྱུས་སུ་མུ་ཏིག་ལས་གཙང་བའི་བསིལ་ཆབ་ཁ་ཤས།
ཡང་ནས་ཡང་དུ་ས་ལ་ཟགས་ཀྱིན་འདུག

 

༡༡ བྱེའུ་ཆུང་ཞིག་ལ་དྲན་ཤེས་བགོ་བ།

ཞོགས་པའི་གྲང་རླུང་གིས།
ཉམས་ཆུང་དུ་བགྲོད་པའི་བྱེའུ་དཔག་ཚད་ཁ་ཤས་ཀྱི་མཐའ་རུ་སྤྱུགས།
ངས་གསལ་བོ་ཐོས་ཏེ།
འབོད་སྒྲ་དེ་ཕྱིར་འོང་འདོད་ཀྱི་སྨྲེང་བ་ལགས།
ཕྱིར་ཡོང་བར་རྔམ་སྐྲག་སྐྱེས་དུས་ཀྱི་ཚོར་བས།
ཁོ་རང་སྐད་ཅིག་ཏུའང་འདུག་བཟོད་དཀའ་བར་བཟོས།

བྱེའུ་ཆུང་།
ཁྱོད་ལ་རང་གི་ཉམ་ཆུང་བའི་གཤོག་པ་དེ་གཅིག་པུ་ལས་མེད་པས།
འཕུར་ཆོག་ཀྱང་བབས་མི་ཆོག

 

༡༢ སྲིད་འཛིན་ས་ཁུལ་ལ་དགོད་ཁ་བསླང་ན།

ཟླ་བའི་གོ་ལའི་ཟུར་སྣེ་ཞིག་ཏུ།
ཆབ་སྲིད་པ་བརྙན་ཕབ་བྱེད་པའི་ཆེ་ཤེལ་ཅིག་འཇོག
དེ་ནི་གཅིག་སྡུད་མཐའ་དག་ལས།
ཡོངས་སུ་རྒྱལ་བའི་དམག་འཐབ་ཆེན་པོ་ཞིག་ཡིན་ཏེ།
མི་མང་གི་འགོ་ཁྲིད་ལ་དོགས་པ་མེད་ཀྱང་།
ཡིད་ཆེས་ཆེ་རུ་འགྲོ་དགོས་ཨང་།

 

༡༣ སྒྲིག་གཞི་བཤད་པ།

ཁྱོད་རང་སྐྱ་ཐིག་ཅིག་ཏུ་ཚུད་རྗེས།
ཁྱོད་ཀྱི་མི་ཚེ་དེ་ཡིན་ཏེ།
དེ་ཡི་མིང་ལ་སྒྲིག་གཞི་ཟེར།

འོན་ཀྱང་། ཁྱོད་ཀྱིས་གསལ་བོ་ཤེས་དགོས་པ་ནི།
སྒྲིག་གཞི་ནི་རས་ཡུག་ཅིག་དང་འདྲ་ཞིང་།
ཕྱུ་བའམ། ཡང་ན། ནུབ་ལྭ་བཟོ་བའི་རྒྱུ་ཆ་དེ་རེད།

 

༡༤ མཚོན་བྱ་དང་མཚོན་བྱེད།

ཤོག་ལེབ་ཏུ་བྲིས་པ་མཐའ་དག
རླུང་གིས་འཁྱེར་ཚར་རྗེས།
རྒྱུད་སྐུད་ཅིག་གི་གདངས་ངོགས་སུ།
རྣམ་ཤེས་འཁྱམས་པོ་ཞིག་གིས་བར་མེད་དུ།
རང་ཉིད་ལ་ལྷིང་འཇགས་མིན་པའི་སེམས་པ་བཟོ་བཞིན་ཡོད།
དེ་ནི་སུས་ཀྱང་མ་ཤེས་པ་རུང་སྟེ།
ང་ཚོ་གཏན་ཏུ་ཡལ་ཚར་བའི་ཤོག་ལེབ་ཅིག་ཏུའང་འགྱུར་དཀའ།

 

༡༥ བགྲོ་གླེང་ལ་ཉན་པའི་ཚོར་བ།

མཁས་དབང་རྣམ་པའི་མདུན་དུ་བསྡད་རྗེས།
འགོ་འཛིན་པའི་གཏམ་བཤད་ནི་ཐོ་རེངས་བྱ་ཕོའི་སྐད་སྒྲ་འདྲ།
དེ་ཡི་རྗེས་སུ།  ང་རང་འདས་ལོ་མེ་འཁོར་ལ་བསྡད་དེ།
ལྷོ་བསྐྱོད་བྱས་པའི་ཚོར་བ་དང་འདྲ་བར།
མུ་ནས་མུ་མཐུད་པའི་སྒྲ་རླབས་གཅིག་གིས།
འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་སླེབས་དུས་ཀྱང་།
ཁ་ཁུ་སིམ་པའི་སྣང་བ་སྩལ།

མདོར་བསྡུས་ན།  ངས་ཐོས་པ་ནི།
རྒྱུད་སྐུད་གཅིག་གི་སྟེང་གི་སྒྲ་རླབས་ཏེ།
མཁས་དབང་གང་གིས་སྔུར་སྒྲ་ཡང་མོར་འཐེན་པ་དེ་ཉིད་དོ།

 

༡༦ ཨ་རི་ནས་ཉན་པའི་རོལ་དབྱངས།

ལམ་གྱི་རི་མོ་གྲུ་བཞི།
ཁང་པ་གྲུ་བཞི།
མདུན་གྱི་ཅོག་ཙེ་གྲུ་བཞི།
སྲིད་གཞུང་གྲུ་བཞི།
ཚོང་པའང་གྲུ་བཞི།
གྲུ་བཞིའི་ཟུར་གྱིས།
མདུང་དང་འདུག་སྟེགས་བཟོས།

སྙན་ངག

Post navigation

Previous Post: ཚར་རྒྱུ་རེད།
Next Post: སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)

Comment (1) on “རི་སྨུག་པ་ཅན་གྱི་སྙན་ངག”

  1. གནམ་ལྕགས་རྡོ་རྗེ། says:
    2019-07-17 at 3:50 pm

    རྨི་ལམ་སྐབས་སུ་མཛད་པ་རྒྱ་ཆེན་གནང་འདུག ཉམས་ལེན་གནང་ན་སངས་རྒྱས་པ་ལ་ཉེ་བོ་ཡོད་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme