Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདོན་འབྲང་པ་ཚོ།

Posted on 2019-06-28 By ཁ་བརྡ No Comments on གདོན་འབྲང་པ་ཚོ།

རླུང་དམར།

ཁྱོད་ཀྱི་འཕྱ་མིག་གིས་མེ་ལ་བསྲེག་པའི་དུར་སྦས་ཤིག་མེད་ནའང
མགོ་རྣ་མེད་པའི་གདོན་ཕྲུག་སྐོར་ཞིག་གིས་བདེན་པར་རྐང་བརྫིས་གཏོང་གིན་འདུག
ཁོ་ཚོས་གླེང་གིན་པ་ནི་གདོན་ལྕེ་དམ་སྲིའི་འཁོར་རྫུན་རེད
བདེ་སྡུག་ནི་སྔར་ཐོག་ནས་ཆོས་ཉིད་ཀྱི་ངོ་གདོང་ཁྲོད་ན་མྱེ་འཚུབ་བེར་ཡོད་པ་བདེན་དུ་ཆུགས་ཀྱང
རྗེས་འབྲང་པ་མགོ་མེད་རྔ་མེད་དེ་ཚོས
༸རྒྱལ་བའི་ལམ་ཁར་སྐྱག་པ་གཏོང་གིན་རྩོད་མེད་ཀྱི་རང་བཙན་ཞིག་སྨྲས་ཏེ་སྐྲ་སེར་གྲོང་ཁྱེར་ནས་འདྲེ་ལོག་བྱུང

དེ་དུས ཁོ་ཚོའི་ལག་པ་ནག་པོ་རེད་ལ སྙུ་གུ་དང་དེབ་ཚོགས་ཀྱང་ཀླད་པ་དམར་གསོད་ཀྱི་ཆག་སྒོ་ཞིག་རེད
ལོ་འདི་དག་རིང་བཙན་བྱོལ་བ་སྡུག་དམྱལ་ལ་ལྟུང་བཞིན་བདེན་པ་ཡར་ལངས་གནང་གིན་ཡོད
དེ་ལྟ་ནའང གདོན་ལྕེའི་རྗེས་འབྲང་པ་ཚོ་དམག་འཁྲུག་མ་ཡིན་པའི་ནང་འཁྲུག་གི་དམག་འགྱེད་ལ་ཆས་ཏེ
བདེན་དོན་རི་གཏོས་ཆེན་པོ་ལ་ངོ་ཚ་མེད་པའི་ཁག་དཀྲི་དང་གཡོ་འཕྲུལ་གྱིས་ངན་བསླུ་བརྒྱ་འགྱུར་བཏང་ཚར་ནའང
ཁྲིམས་ཀྱི་བདེན་པའི་མེ་ལོང་དགུང་ན་ཉི་འོད་གྱི་ལེར་བཤམས་འདུག

ཝེ་་་་་ གདོན་ལྕེ་དཔོན་པོ་དང་གདོན་འབྲང་པ་ཚོའི་རི་ལུང་རོ་ལངས་ཀྱི་མེ་ཏོག་འཆར
ནང་གི་དུག་སྦྲུལ་གྱི་ལྕེ ཆུ་སྲིན་གྱི་རྣམ་ཤེས་ཐལ་ཏུ་རློགས
བདེན་པ་སླར་ཡང་རྨི་ལམ་གྱི་རྩེ་མོ་ན་གསོན་ཞིང་སྲོག་གི་ཉིང་ཁུ་ན་འཁྱིལ
ངོ་མཚར་ཆེ་ས་ནི་ཐུ་བྷོད་བཙན་བྱོལ་བ་རང་ཉིད་རེད་འདུག་ལ དེ་ལས་ཆེས་ངོ་མཚར་ཆེ་ས་ནི་ངན་པའི་ལག་ནང་གི་”སྲིད་དབང་རྩ་གཏོར”དེ་རེད་འདུག
གདོན་འབྲང་པ་ཚོ ཁྱོད་ཅག་གི་མགོ་ན་བདུད་ཀྱི་རྭ་ཅོ་མེད་ཀྱང་སེམས་ལ་བདུད་ཀྱི་དུག་རླངས་བསྙབས

གོ་ས་རྩོད་པའི་གནའ་སྒྲུང་གི་ལས་དབང་དེ་ཚོ་ཁྱོད་ཚོས་ཨེ་དྲན་མྱོང་ངམ
ཐུ་བྷོད་བཙན་བྱོལ་བ ཁྱོད་ཚོས་ཉོན་ཨཱ་་་ ཁྱོད་ཚོས་ལྟོས་ཨཱ་་་
ཁྲག་དཀྲུག་རྣག་དཀྲུག་གི་གདོན་དཔོན་ཞིག་སྨོན་ལམ་ལོག་པའི་རྙི་རྒྱ་རུ་ཚུད་འདུག་ལ
བདེན་པས་རྫུན་གྱི་མགོ་བོ་གཅོད་འབྲེག་ལ་གཏོང་རྒྱུ་ནི་ཁོ་ཐག་ཡིན
ཁྲ་ཁྲ་ཟིང་ཟིང་གི་སྡེ་ནས་”བྱི་བའི་དུག”ལ་བརྫིས་པའི་སྤྱང་ཁྱུ་དེ་ཚོ་གང་ན་ཡོད་ན
དེ་ན་མི་ལེགས་པའི་གཏམ་གྱི་ཅ་ཅོ་མང་ཞིང་སྲིད་ཇུས་ངན་དགུར་གཏོར་འགྲོ་བའི་ལུགས་ཤིག་ཏུ་འཁུམ
གདོན་འབྲང་པ་ཚོ ཁ་ལག་འབྲེག་རྒྱུ་ཚོ དཔོན་ངན་རྐུབ་ལ་རྒྱུགས
ལྟད་མོ་ནག་པོ་རྗེས་སུ་མཐོང་ངེས་སོ

2019-06-28 ཉིན།

སྙན་ངག

Post navigation

Previous Post: འཚིག་ཇ།
Next Post: རྒྱ་གར་གློག་བརྙན་(Apna Desh) རང་གི་ཕ་ཡུལ་ཞེས་པའི་གླུ་ཞིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme