Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།

Posted on 2019-06-272019-07-01 By ཁ་བརྡ 1 Comment on ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།

འབུར་དཀར་ཕྲིན་ལས་ནས།
 
སེར་ཆེན་ཉི་མ་ལགས་ཁྱེད་ཤར་ས་ན་ང་ཚོ་སྒུག་ཡོད། དད་དམ་གྱི་མཁའ་དབྱིངས་དྭངས་ཤིང་། ལྷག་བསམ་དང་སྙིང་སྟོབས་ཀྱི་ཁ་བས་བཀླུབས་པའི་གནས་མཆོག་འདིར། ཁྱེད་ཤར་ས་འཆུག་པ་ག་ནས་ཡིན། འོན་ཀྱང་ཉི་ཟེར་ཚ་དྲོད་ཀྱི་མ་ལག་རྒྱས་བཞིན་པའི་སྐབས་ཤིག་ན། ཕྱི་ནང་དང་ཁ་ཞེ་མི་མཚུངས་བའི་གཡོ་འཕྲུལ་གྱི་བུ་ཡུག་དང་འདོད་རྔམ་གྱི་ཁ་ཆར་དྲག་པོས་ང་ཚོ་དང་ཁྱེད་བཙན་གྱིས་ཕྲལ། དུས་དེ་ནས་ད་བར། དྲན་ཐེངས་རེར་མིག་ཆུ་རེ། ལྟ་ཐེངས་རེར་ཡིད་ཆད་རེ། གནས་འདི་ན་སྦྲང་ཆར་ཆད་སོང་། ཉི་འོད་ཡོལ་སོང་།

རེད་དེ། ད་དུང་ཡང་། གངས་རི་ཇེ་དཀར་རེད། རྩི་ཤིང་ཇེ་མང་རེད། མེ་ཏོག་ཇེ་བཀྲ་རེད། བུང་བ་ཇེ་མང་རེད། ནམ་ཡང་བསླུས་མེད། ནམ་ཡང་འགྱུར་མེད། སེར་ཆེན་ཉི་མ་ཁྱེད་ཤར་ས་ན་ང་ཚོ་སྒུག་ཡོད། ལག་པས་ལག་པ་སྦྲེལ་བ་ཇེེ་དམ་ཡིན། །སེམས་པས་སེམས་པ་སྦྲེལ་བ་ཇེ་བརྩེ་ཡིན། །རེད་དེ། གོ་ལའི་འཁོར་འགྲོས་དལ་དུ་སོང་བ་ཨེ་རེད། ཡིན་མི་སྲིད། ཁྱོད་ལ་དུང་བ་ཆེ་དྲགས་པས་རེད། སྒུག་ཡུན་རིང་སོང་། སེར་ཆེན་ཉི་མ་ལགས་ཁྱེད་མགྱོགས་པོར་ཕེབས་དང་། གནས་འདིར་སྔར་བཞིན་དད་དམ་གྱི་མཁའ་དབྱིངས་དྭངས་ལ། ཆོས་སྲིད་འདྲེས་མའི་ཐལ་འཚུབ་མེད་ཅིང་། དམ་སྡོམ་ཉམས་པའི་བུ་ཡུག་མེད། ཕྱི་ནང་གོ་ལྡོག་གི་ཚེར་མ་མེད་ཅིང་། གཡོ་སྒྱུ་མགོ་སྐོར་བྱེད་མཁན་གྱི་ཁྱི་སྤྱང་མེད། རྒྱབ་མདུན་མི་མཚུངས་བའི་སྤྲེའུ་རྔ་རིང་སྣ་ནག་མ་མེད་ལ། ཕྱི་ཐག་ཐུང་བའི་ཕག་པ་རྔ་རྡུམ་དེ་བས་ཀྱང་མེད། ས་གཙང་དང་ཆུ་གཙང་ཡིན། དམ་གཙང་དང་སྡོམ་གཙང་ཡིན། མདོག་མདོག་མིན། གྱུ་གྱུ་མིན། ཅི་གསུང་མཚན་འཛིན་ཡིན། ཅི་མཛད་ལེགས་མཐོང་ཡིན། སེར་ཆེན་ཉི་མ་ལགས་ཁྱེད་ཤར་ས་ན་ང་ཚོ་སྒུག་ཡོད།

གནས་འདིར་མི་ལྷ་རུ་འདོད་པའི་བཅོས་མའི་ལྷ་མེད་ལ།  མི་འདྲེ་རུ་འགྱུར་པ་གསོན་འདྲེ་ངོ་མ་མེད། མི་ཡུལ་དྭངས་མ་ཡིན། ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ཉིན།

ལྷུག་རྩོམ།

Post navigation

Previous Post: ཁ་ཁུ་སིམ་པའི་ནང་གི་རྒྱལ་བ་ཀརྨ་པ།  
Next Post: ཀརྨ་པ། བརྗེད་མི་ཉན། 

Comment (1) on “ཁྱེད་ཤར་ས་ན་ང་ཚོས་སྒུག་སྡད་ཡོད། སེར་ཆེན་ཉི་མ་ལགས།”

  1. རྒྱ་མཚོ་ཆེན་པོ། says:
    2019-07-03 at 4:07 pm

    ཡག་པོ་བྲིས་འདུག་གསེར་ཆེན་ཉིན་མ་ལགས་ཁྱེད་ལ་ལྟོས་ནས་སྒུག་མཁན་མང་ཁྱེད་ཡང་ཡང་མངོན་རོགས་འཆར་རོགས་གཏན་དུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme