Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲམ་པ།

Posted on 2019-06-222019-06-22 By ཁ་བརྡ 6 Comments on ཁྲམ་པ།

ཆང་སྐྱེས།

བསམ་གཞིགས་མགོ་བོ་འདི་ནང་ལ་བཀུག་སྟེ།།
སེམས་ཀྱི་དབང་བོ་དེ་གཅིག་ཏུ་བསྡུས་ན།།
སྙིང་གི་རྩེ་མོ་ལ་ཙག་ཤེད་བརྒྱབ་ནས།།
ཁོག་གི་གློ་མཆིན་ལ་ན་ཟུག་བསླངས་ཐལ།།

ཁ་བཤད་ཝུ་བ་ཡི་ཆུ་ཐིགས་བསགས་ཀྱང་།།
ལག་ལེན་གསེར་ནག་གི་རིལ་བུ་མེད་ན།།
གཞན་ཕན་སྙིང་རྗེ་དེ་ཕར་ལ་ཞོག་དང་།།
རང་གི་དོན་དག་ཀྱང་ཁག་པོ་ཆགས་འགྲོ།།

སྡུག་གི་འཁུར་བོ་དེ་གཞན་ལ་བཀལ་ཏེ།།
སྐྱིད་པའི་རྟ་བོ་ལ་རང་ཉིད་ཞོན་ན།།
བདེ་མོ་ཐང་ཆེན་ཏུ་ཐོན་རྒྱུ་ཕར་ཞོག།
དམྱལ་བའི་ཞིང་ཁམས་ནས་ལག་གཡུག་བྱེད་སྲིད།།

སྐྱོན་གྱི་འཛུབ་མོ་དེ་གཞན་ལ་བསྐོར་ཏེ།།
བཟང་གི་སྣེ་མོ་ལ་རང་གིས་འཇུས་ན།།
མི་དམངས་ཁྲིམས་ཁང་གི་སྒོ་ཐེམ་དམའ་ཡང་།།
གཤིན་རྗེ་ཆོས་རྒྱལ་ལ་ཅི་ཞིག་བཤད་རྒྱུ།།

བསླུ་བྲིད་འཛུམ་མདངས་དེ་རྫུན་གྱིས་གྲོལ་ཏེ།།
གཡོ་སྒྱུ་མདའ་མོ་དེ་ལྐོག་ནས་འཕངས་ན།།
རིང་བའི་གྲོགས་པོ་ཚོ་ཨ་ཐང་ལེ་ཆད།།
ཉེ་བའི་ཆུང་མས་ཀྱང་སེམས་ལ་གནོད་འགྲོ།།

སྙན་ངག

Post navigation

Previous Post: ནམ་ཟླ་དེའི་རྐྱེན་དུ་གྱུར་བ།
Next Post: ལུས་བདེ་སེམས་སྐྱིད་ཕྱི་མར་ཕན་པའི་གདམས་པ།

Comments (6) on “ཁྲམ་པ།”

  1. གཞུང་པ་ཚེ་དབང་བསོད་ནམས says:
    2019-06-23 at 12:01 pm

    ཕོ་ཁྲམ་པ་མི་འགྲོ་ལམ་གསུམ་ཡོད།
    རྫ་རི་ནག་པོ་ལཱ་མེད་དང།
    ཆུ་ཆེན་རབ་མེད་ཁམ་པ་དང།
    སྡེ་ཆེན་ཕྲ་ལུའི་དགུང་བཤགས་བཅས།
    ཕོ་ཁྲམ་པ་མི་འགྲོའི་ལམ་གསུམ་རེད།

    ཕོ་ཁྲམ་པ་མི་གཞོན་རྟ་གསུམ་ཡོད།
    ངང་དཀར་བླ་མའི་ཆིབས་རྟ་དང།
    གྲོ་ཆུང་བུ་མོའི་བག་རྟ་དང།
    ནག་པོ་བདུད་ཀྱི་བློ་རྟ་བཅས།
    ཕོ་ཁྲམ་པ་མི་གཞོན་རྟ་གསུམ་རེད།

    ཕོ་ཁྲམ་པ་མི་ཟ་ཟས་གསུམ་ཡོད།
    ཡུག་ས་ནག་མོའི་ལག་བཟོས་དང།
    ཁྱི་སྤྱང་དམར་པོའི་ཁ་ཟས་དང།
    རིགས་ངན་འགར་བའི་ལག་བཟོས་བཅས།
    ཕོ་ཁྲམ་པ་མི་ཟ་ཟས་གསུམ་རེད

  2. གཞུང་པ་ཚེ་དབང་བསོད་ནམས says:
    2019-06-23 at 9:24 pm

    ཕོ་ཁྲམ་པ་མི་སྡོད་ས་གསུམ་ཡོད།
    ས་ངན་གནམ་ལ་ཐལ་འཐོར་དང།
    ས་རོང་རྡོག་པོ་ལམ་མེད་དང།
    ས་ལམ་གསུམ་མདོ་རྐུ་ལམ་བཅས།
    ཕོ་ཁྲམ་པ་མི་སྡོད་ས་གསུམ་རེད།

    ཕོ་ཁྲམ་པ་མི་ཐུང་ཆུ་གསུམ་ཡོད།
    རྐོ་རོང་ཁྱིལ་ཆུ་དྲི་ངན་དང།
    བྱང་གི་ཚ་ཁའི་ཚ་ཆུ།
    ཧོར་གྱི་དུག་མཚོ་ནག་པོ་བཅས།
    ཕོ་ཁྲམ་པ་མི་ཐུང་ཆུ་གསུམ་རེད།

  3. ལ་དྭགས་འཇམ་དཔལ།། says:
    2019-06-24 at 5:29 am

    ཝུ་བ ལ་སྔར་ཡོད་དཔེ་ཆ་དག་ཏུ། འབྲི་ཚུལ་གཉིས་མཐོང་། དབུ་བ། ལྦུ།

  4. AྀBHARU JIGWANG says:
    2019-06-25 at 7:07 pm

    ལྦུ་བ་ལ་་་་དབུ་བ་་་ཞེས་བརྗོད་པ་ནི་བརྡ་རྙིང་ཡིན་གྱི་རེད་མ་གཏོགས་་་ངས་གོ་མ་སྨྱོང་།
    དབུ་བ་ལབ་ན་སུ་གཅིག་གི་ཧ་གོ་གི་མ་རེད།

  5. གཞུང་པ་ཚེ་དབང་བསོད་ནམས says:
    2019-06-25 at 8:40 pm

    ཕོ་ཁྲམ་པ་མི་གྱོན་གོས་གསུམ་ཡོད།
    སོག་པོའི་སོག་ཞ་དམར་པོ་དང།
    རྒྱ་ནག་གི་གོས་ཆེན་ཆུ་བྲག་དང།
    ལི་ཡུལ་གྱི་ཝ་ཞ་དམར་པོ་བཅས།
    ཕོ་ཁྲམ་པ་མི་གྱོན་གོས་གསུམ་རེད།

  6. གཞུང་པ་ཚེ་དབང་བསོད་ནམས says:
    2019-06-25 at 8:45 pm

    ཕོ་ཁྲམ་པ་མི་འགྲུལ་རོགས་གསུམ་ཡོད།
    རྒྱ་མོ་རྣ་མེད་གཟུགས་རིང་དང།
    སོག་མོ་ཁྲེལ་མེད་ངོ་ནག་དང།
    ཧོར་མོ་འཇོན་མེད་གདོང་དམར་བཅས།
    ཕོ་ཁྲམ་པ་མི་འགྲུལ་རོགས་གསུམ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme