Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧི་མ་ལ་ཡའི་སྤུན་ཟླ་ཚོའི་མ་སྔ་མ་ཕྱིས་པའི་ལས་འགན།

Posted on 2019-04-17 By ཁ་བརྡ 26 Comments on ཧི་མ་ལ་ཡའི་སྤུན་ཟླ་ཚོའི་མ་སྔ་མ་ཕྱིས་པའི་ལས་འགན།

དོལ་པོ་པདྨ་དགོས་འབྱོར།

༡༽ ང་ཚོས་སྐབས་རེར་ཐོབ་ཐང་རྩོད་མོད་དེ། ནམ་རྒྱུན་རང་ཉིད་ཀྱི་བདག་དབང་སྤྱོད་མི་ཐུབ་པའི་གནས་སྟངས་ཤིག་ཀྱང་མཐོང་། སྐབས་ཐོབ་གླེང་བར་འདོད་པ་ནི་བལ་ཡུལ་ཧི་མ་ལ་ཡའི་མི་རིགས་ཚོས་སློབ་གྲྭ་སོགས་ཀྱི་སྒོ་བྱང་དང་། ལས་ཤོག་སོགས་སྟེང་དུ་བོད་ཡིག་ངེས་པར་དུ་འབྲི་དགོས་ཤིང་དང་པོར་ཡང་འབྲི་དགོས། སྲིད་གཞུང་གིས་ཀྱང་ཐོབ་ཐང་སྤྲད་ཡོད་ཅིང་། མི་རིགས་གཞན་ཚོས་སྤོབས་པ་ཆེན་པོས་བེད་ཀྱང་སྤྱོད་བཞིན་འདུག་ན་རང་རེ་ཚོ་ཡོས་ལས་འབབ་རྒྱུའི་རྩམ་པ་ཟེར་བ་དེ་མེད་པར་དྲ་ལམ་ནས་གཏམ་ཉག་ཉོག་མང་དག་ཅིག་སྤེལ་བ་དེས་དུང་འབུད་རྒྱུ་དང་། གཤང་དཀྲོལ་རྒྱུ་གང་ཡང་མེད། དེ་བས་ཁྱེད་ཀྱིས་སྒོ་བྱང་ཞིག་ལ་ཡིག་རིགས་གསུམ་འབྲི་འདོད་ཚེ་འགྲོ་ལུགས་ལྟར་དང་པོ་བོད་ཡིག གཉིས་པར་རྒྱལ་ཁབ་སྤྱིའི་ཡི་གེ། གསུམ་པར་དབྱིན་འཇི་སོགས་རང་འདོད་ལྟར་བཀོལ་ཆོག

༢༽ བལ་ཡུལ་ལ་མཚོན་ན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ལས་ཀྱི་སྣེ་མོ་པ་ལྷག་བསམ་ཅན་འགའ་ཞིག་གི་སྐུ་དྲིན་ལས་འཛིན་རིམ་བཅུ་གཉིས་བར་བོད་ཡིག་སློབ་ཚན་མ་འདྲ་བ་གཉིས་རེ་གཞུང་འབྲེལ་ཐོག་དཔར་བསྐྲུན་གྱི་གོ་སྐལ་ཐོབ་ཡོད་པ་ནི་ནང་པ་ཡོངས་དང་། དམིགས་བསལ་ཁུལ་འདིའི་བོད་རིགས་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཅི་ལ་མིན།

༣༽ ལར་བོད་ཡིག་ནི་བགྲང་བྱ་དུ་མའི་སྔོན་དུ་བོད་པའི་ཡི་གེ་ཞེས་གོ་བ་བླངས་མྱོང་ཡང་། དེང་སྐབས་ཆབ་སྲིད་ཀྱི་གཞན་དབང་ལས་བོད་པ་དང་བོད་རིགས་ཞེས་གཉིས་དོན་གྱིས་འབྱེད་དགོས་པར་གྱུར་རྗེས་བོད་རིགས་ཀྱི་ཡི་གེ་ཞེས་གོ་བ་ལེན་དགོས། དེའི་རྒྱབ་ལྗོངས་ནི་བྷོཊ་དང་། སམ་བྷོ་ཊ་ཞེས་བཀོལ་བ་དེ་ལས་ཤེས་ཤིང་གནད་ཡོད་མི་སྣ་འགས་བདག་ལ་བསམ་འཆར་ཡང་བཤད་མྱོང་བས་ཐ་སྙད་ཅི་བཀོལ་རྩ་འཛིན་ཆེན་པོ་མི་སྣང་བར་དཀྱེལ་ཡངས་གནང་རྒྱུའང་གནད་ཆེན་པོར་མངོན། ( བྷོཊ་དང་སམ་བྷོ་ཊ་ནི་བོད་དང་གོ་དོན་ཐད་འབྲེལ་ཆེ་བ་ཞིག་ཡིན་མོད་དེ། ཚིག་གི་ངོ་གདོང་ཐད་ནས་ཁྱད་པར་ཡོད་པས་ཏི་པ་ཏི་ཟེར་བ་ལས་བྷོཊ་ཞེས་བཀོལ་བདེ་བར་ངོས་འཛིན་མཁན་མང་པོ་འདུག) གཞན་དུ་ན་སྐད་ཡིག་དེའི་ཁྱབ་རྒྱ་དང་། བཀོལ་སྤྱོད་ཐད་ནུས་མེད་དང་ཉམས་དམས་སུ་འགྲོར་མི་ངེས་པའང་མིན།

༤༽ ལོ་ཤས་སྔོན་དུ་ཁོ་བོས་གློ་བོར་བསྐྱོད་སྐབས་སྨོན་ཐང་དང་། རྩྭ་རང་། ཚོ་ཤར་སོགས་སུ་ཟ་ཁང་དང་། ཚོང་ཁང་གི་སྒོ་བྱང་ཐོག་བོད་ཡིག་བྲིས་པ་དེ་འདྲའང་གང་མང་མཐོང་། ངོས་ཀྱི་ཕ་ཡུལ་དོལ་པོར་མཚོན་ན་སློབ་གྲྭ་ཁག་མང་ཆེ་བའི་སྒོ་བྱང་བོད་ཡིག་ཐོག་བྲིས་ཡོད། དེ་བཞིན་ལས་ཤོག་སོགས་དང་། ཐམ་ག་སོགས་ལ་བོད་ཡིག་བྲིས་པ་ཧ་ཅང་མང་། མ་བྲིས་པ་ཡོད་ན་ཐོབ་ཐང་ཁས་རྩོད་རྒྱུ་དང་། ནུས་པ་ཆེ་ཆེར་ཐོན་རྒྱུ་མེད་པའི་སྐད་འབོད་བྱེད་རྒྱུའི་དོད་དུ་མ་སྔ་མ་ཕྱིས་པའི་དུས་ཚོད་དམ་འཛིན་གནང་ནས་འབྲི་རོགས་གནོངས་ཞེས་རེ་བ་ཡང་ཞུ་བ་ལགས།

༥༽ ངས་ཉེ་ཆར་གློ་མཐུན་གྲོགས་པོ་འགའ་ལ་སློབ་གྲྭ་ཁག་གི་ཤེས་རིག་འཛིན་སྐྱོང་ཐད་བསམ་འཆར་ཞིག་ཞུས་མྱོང་། ཧི་མ་ལ་ཡའི་མི་རིགས་ཚོའི་ཁྲོད་ནས་ཆོས་དང་། རིག་གཞུང་། སྐད་ཡིག་དང་། མི་རིགས་ཟེར་ནས་སེམས་འཚབ་དང་གླེང་སློང་བྱེད་མཁན་ཡང་གང་མང་འདུག་ཀྱང་གྲོང་གསེབ་ས་ཁུལ་དུ་གནས་པའི་ཕ་མ་རྒན་རྒོན་དང་ན་གཞོན་ཚོ་ཆོས་དད་ཆེ་བར་འབྲེལ་སྐད་ཡིག་གལ་ཆེན་བརྩི་མོད། དེར་བརྟེན་དེ་ནས་གོ་སྐལ་ཞིག་དང་སྡིངས་ཆ་ཞིག་ཡོད་པ་ནི་སློབ་གྲྭ་ཁག་ལ་བོད་ཡིག་གི་རྨང་གཞི་ཡག་པོ་བཟོ་རྒྱུ་དང་། མི་རིགས་ཀྱི་འདུ་ཤེས་བསྐྲུན་རྒྱུ། ནང་ཆོས་ཀྱི་བག་ཆགས་འཇོག་རྒྱུ་བཅས་ཡིན། ཉེ་ཆར་ཁོ་བོས་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཇལ་བཅར་སྐབས་རིན་པོ་ཆེས་སློབ་གྲྭར་ནང་ཆོས་སློབ་ཀྱི་ཡོད་དམ་གསུང་དུས་ངའི་སེམས་ལ་འགན་ཁུར་དམིགས་བསལ་ཞིག་གིས་ནོན་བྱུང་ལ། དེ་རྗེས་ངས་ཟླ་རེར་ཐེངས་རེ་སློབ་གྲྭར་རེས་གཟའ་པ་སངས་ཉིན་ནང་ཆོས་ངོ་སྤྲོད་ལས་རིམ་ཞིག་བཟོ་རྒྱུའི་འདུན་པའང་བཅངས། གང་ལྟར་ཧི་མ་ལ་ཡའི་ལྗོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་འགན་ཁུར་མི་སྣ་ཚོས་འགན་དམིགས་བསལ་ཞིག་ཁུར་མ་ཐུབ་ན་མི་རིགས་ར་མ་ལུག་ཅིག་ཏུ་འགྱུར་བར་ལོ་ངོ་སུམ་ཅུ་ཡང་མི་ཐོགས་པའི་ཉེན་ཚབས་ཆེ། འབྲིང་རིམ་དང་། མཐོ་རིམ་སྐབས་སློབ་ཕྲུག་ཚོར་རང་རང་གི་ཆོས་ལུགས་དང་། སྐད་ཡིག རིག་གཞུང་ལས་ཁ་ཐག་རིང་བས་གོང་ཞུས་ལས་དོན་དེ་མ་ཕྱིས་པར་འགོ་བརྩམ་རན་ཡོད། དེ་ནི་འདུ་འཛོམས་སྐབས་རང་སྐད་སྨྲ་མཁན་ཉུང་དུ་འགྲོ་བ་དང་། ཆོས་ཀྱི་བག་ཆགས་དང་གོ་རྟོགས། རིག་གཞུང་གི་རིན་ཐང་དང་ཁེ་ཕན་གཏིང་ཟབ་ས་ནས་མི་དོ་སྣང་དང་ཤེས་རྟོགས་ཅན་མར་ངོའི་ཟླ་བའི་ཟླ་བོར་འགྱུར་མུས་དེ་ལས་རྟོགས་ནུས་སོ།།

༦༽ བལ་ཡུལ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་ལ་ལོ་རེར་ཐེངས་གཉིས་རེ་ཙམ་ངེས་པར་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་དགོས་རྒྱུའང་ཧ་ཅང་གལ་ཆེ་བས་འགན་ཁུར་མི་སྣ་ཚོས་བདག་ཞུ་པ་པོ་ངོ་ཆུང་རུང་ཞུ་བྱ་དོན་ཆེ་བས་ཅིས་ཀྱང་དགོངས་དབྱིངས་ནས་མི་འདོར་བའང་བདག་གི་རེ་བ་ཡིན།

 

སྤྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ ཉིན་ཁྲ་རིགས་དགོན་གྱི་ཉེ་འདབས་ཇ་ཁང་ཞིག་ཏུ་བྲིས།

སྣ་ཚོགས།

Post navigation

Previous Post: རྒྱ་གར་གློག་བརྙན་(Aasha) རེ་བ་ཞེས་པའི་གླུ་ཞིག
Next Post: རྒྱ་གར་གློག་བརྙན་(Chambal ki Kasam) ཅམ་བྷལ་ཚད་བཙུགས་ཀྱི་གླུ་ཞིག

Comments (26) on “ཧི་མ་ལ་ཡའི་སྤུན་ཟླ་ཚོའི་མ་སྔ་མ་ཕྱིས་པའི་ལས་འགན།”

  1. དགེ་འདུན says:
    2019-04-17 at 10:42 am

    དེ་བདེན་པར་མཐོང་། མི་རིགས་གང་ཞིག་ཡིན་ཡང་སྤྱི་ཚོགས་དང་འཁོར་ཡུག་གང་ཞིག་ཏུ་གནས་དགོས་ཀྱྱང་རུང་། རང་ཉིད་ཀྱི་མི་རིགས་དང་མི་རིགས་ཀྱི་ངོ་བོ་མ་བརླག་པ་དང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེན་པོ་རེད། མི་རིགས་ཤིག་གི་ངོ་བོ་སྲུང་སྐྱོབ་བྱེད་དགོས་ན་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་ཡོངས་གྲགས་རེད་ལ། སྲུང་སྐྱོབ་བྱེད་པའི་ཐོབ་ཐང་དང་དབང་ཚད་ཀྱང་ཡོད་རེད།་དེ་མེད་པ་ཡིན་ན་ཁྲིམས་ལུགས་ཀྱི་ཐོག་ནས་རྩོད་ལེན་བྱེད་དགོས་ཤིང་། འཛམ་གླིང་ཡོངས་ཁྱབ་ཀྱི་འགན་དབང་དེ་ཚང་མས་ཁས་ལེན་དགོས་ངེས་རེད། གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་གྲངས་ཉུང་མི་རིགས་ཚང་མས་རང་གི་ངོ་བོ་མི་བརླག་པ་དང་ངོ་བོ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། དེ་དང་འབྲེལ་བའི་མི་རིགས་ཀྱི་ཁེ་དབང་ལ་དོ་ཁུར་གནང་བ་ཡིན་ན། དུས་རབས་དང་མཐུན་པའི་སྤྱི་ཚོགས་ཞིག་འཛུག་བསྐྲུན་དང་། སྤྱི་ཚོགས་དེ་ཡང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད། དེ་ལ་ཚང་མས་ཧུར་བརྩོན་བྱེད་དགོས། སླ་ཆོས་སུ་གཏན་ནས་གཏོང་མི་རུང་སྙམ།

  2. ཀརྡོ་རབ་འབྱམས་པ་ says:
    2019-04-17 at 11:54 am

    ་་་་་་་་་་ དེ་བཞིན་ལས་ཤོག་སོགས་དང་། ཐམ་ག་སོགས་ལ་བོད་ཡིག་བྲིས་པ་ཧ་ཅང་མང་། མ་བྲིས་པ་ཡོད་ན་ཐོབ་ཐང་ཁས་རྩོད་རྒྱུ་དང་། ནུས་པ་ཆེ་ཆེར་ཐོན་རྒྱུ་མེད་པའི་སྐད་འབོད་བྱེད་རྒྱུའི་དོད་དུ་མ་སྔ་མ་ཕྱིས་པའི་དུས་ཚོད་དམ་འཛིན་གནང་ནས་འབྲི་རོགས་གནོངས་ཞེས་རེ་བ་ཡང་ཞུ་བ་ལགས། ་་་་་་་་་་་་

  3. སྐལ་བཟང says:
    2019-04-17 at 1:24 pm

    ཚང་མས་མཉམ་རུབ་གནང་རོགས།
    ཧི་མ་ལའི་དཔུང་གདང་འཐོར་གི་མ་འཇུག

  4. ཇ་མ་ says:
    2019-04-17 at 9:55 pm

    ནེ་པལ་རྒྱལ་ཁབ་དེང་སང་གི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ལ་དགའ་དགའ་སྤྲོ་སྤྲོས་ངང་ཧམ་པ་ཆེན་པོའི་ངང་ཞུགས་པ་རེད། རུལ་སུངས་དཔོན་ངན་ཚོར་གོ་སྐབས་ཤར་བ་རེད་ལ་རྒྱལ་ཁབ་རང་ལ་བསམ་བློ་བཏང་བ་ཡིན་ན་ཕམ་ཁ་ཆེན་པོ་དང་བུ་ལོན་ཆེན་པོའི་འོག་ལྷོང་བ་རེད། རྒྱ་ནག་གིས་སྔོན་ནས་ནེ་པལ་ཟ་འདོད་ཡོད་པ་རེད་ལ་ད་རེས་ནེ་པལ་རང་ཉིད་རྒྱ་ནག་གི་ལྕགས་ཀྱུའི་སྣེར་འཇུས་པ་རེད། རྗེས་སུ་འགྱོད་པ་སྐྱེས་ནའང་ཐབས་ཤེས་བྲལ་བ་རེད། དེང་སང་བལ་བོད་ས་མཚམས་སུ་བལ་པོའི་ས་ཐོག་ན་རྒྱ་མི་མང་རུ་མང་རུ་དང་བལ་པོའི་ས་ཐོག་ལ་རྒྱ་མིའི་ཤོག་དངུལ་བེད་སྤྱོད་གཏོང་བཞིན་པར་ལྟས་ན་ནེ་པལ་རྒྱལ་ཁབ་ཀྱི་རང་བཙན་ཤོར་བཞིན་པ་མཐོང་འདུག

  5. ཀརྡོ་རབ་འབྱམས་པ་ says:
    2019-04-17 at 11:12 pm

    ་་་་་་་་་་་ དེང་སང་བལ་བོད་ས་མཚམས་སུ་བལ་པོའི་ས་ཐོག་ན་རྒྱ་མི་མང་རུ་མང་རུ་དང་བལ་པོའི་ས་ཐོག་ལ་རྒྱ་མིའི་ཤོག་དངུལ་བེད་སྤྱོད་གཏོང་བཞིན་པར་ལྟས་ན་ནེ་པལ་རྒྱལ་ཁབ་ཀྱི་རང་བཙན་ཤོར་བཞིན་པ་མཐོང་འདུག ་་་་་་་་་་་་་་
    ་
    འདི་ཡང་བདེན་པ་རེད། ད་འབྲུག་ཡུལ་གྱི་ལྟད་མོ་ཡང་ང་མ་འཆི་གོང་ལ་མཐོང་ས་རེད། ད་གང་དྲག ད་ཅི་དྲག

  6. ཀརྡོ་རབ་འབྱམས་པ་ says:
    2019-04-17 at 11:19 pm

    བོད་ཡིག་དང་། བོད་སྐད་དང་། བོད་ཆོས་གསུམ་སུས་བདག་པོ་བརྒྱབས་ན། དེར་ང་ཡང་རྟག་ཏུ་སྐྱེ་བ་ལེན་པར་ཤོག །

  7. ཀརྡོ་རབ་འབྱམས་པ་ says:
    2019-04-17 at 11:23 pm

    བོད་སྐད་མི་ཤེས་བོད་པར་མ་སྐྱེས་ཤོག །
    བོད་ཡིག་མི་ཤེས་བོད་མིར་མ་སྐྱེས་ཤོག །
    བོད་ཆོས་མ་ཐོས་བོད་རིགས་མ་སྐྱེས་ཤོག །
    དེ་གསུམ་ཚང་བའི་མི་རུ་སྐྱེ་བར་ཤོག །
    ཀརྡོས།

  8. kongpo Bhu says:
    2019-04-17 at 11:49 pm

    རྩོམ་ཡིག་དོན་ལྡན་རིན་ཐང་ཅན། གནད་ལ་འཁེལ་བ་ལག་ལེན་སྤྱོད་བདེ་བ་ཞིག་བྲིས་འདུག

  9. AྀBHARU JIGWANG says:
    2019-04-17 at 11:51 pm

    ༄༅། ནེ་པལ་གྱི་མཐོ་རིམ་དཔོན་པོ་དངུལ་ལ་དགའ་མཁན་ཁག་གཅིག་རྒྱ་
    དམར་པོས་མགོ་སྐོར་བཏང་ནས་ད་ཆ་རྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་
    གཞི་དེ་མགོ་ལ་གཡོགས་ནས་ནེ་པལ་ཟ་རྒྱུའི་ངན་སེམས་བཅངས་བཞིན་པ་རེད།
    འབྲུག་རྒྱལ་དེ་་་རྒྱ་གར་གྱི་བཀའ་དྲིན་ལ་བརྟེན་ནས་་་རྒྱ་དམར་པོའི་ཚོགས་འདུར་
    འགྲོ་རྒྱུ་མིན་པའི་གསལ་བསྒྲགས་བྱས་སོང་།

  10. ཨ་ཤོ་ཀ says:
    2019-04-18 at 5:12 am

    དོལ་པོ་པདྨ་དགོས་འབྱོར་ལགས་སུ། འཚམས་འདྲིས་དང་བཀྲིན་ཆེ་ཞུ།🌹 བོད་དང་བོད་རིགས་གཏོགས་པ་ཟེར་ན་འདྲ། ཧི་མ་ལ་ཡི་མི་རིགས་ཡོངད་རྫོགས་་་རྒྱ་གར་ནུབ་བྱང་ཁུལ་དུ་ཡོད་པའི་ཇ་མུ་ཀཤ་མིར་མངའ་ཁོངས་ལ་དགས་ཟངས་དཀར། ཧི་མ་ཅལ་མངའ་ཁུངས་གར་ཞྭ་དག་སྤྱི་ཏི། ཁུ་ནུ་སྟོད་སྨད། འབྲས་ལྗོངས་མངའ་སྡེ། ཨ་རུ་ན་ཅལ་མངའ་ཁོངས་མོན་པ་དང་པདྨ་བཀོད་པ་བཅས་དང་། བཀ་ཡུལ་གྱི་ཧི་མ་ལ་ཡི་མི་རིགས་ཤར་པ་དང་རྟ་མང་། གློ་དང་ནུབ་རི། དོལ་པོ་དང་གླི་མི། མུ་ཁུམ་དང་ཙུམ་སོགས་ཐམས་ཅད་དང་། དེང་སང་རྒྱ་ནག་གི་བདག་བཟུང་བའི་བོད་རང་སྐྱོང་ལྗོངས་། མཚོ་སྔོན་བོད་རིགས། ཟི་ཁྲོན་བོད་རིགས། ཀིན་སུ་བོད་རིགས། ཡུ་ནན་བོད་རིགས་ཐམས་ཅད་ཀྱིས་། སོ་སོ་ཕ་མྱེས་ནས་ད་བར་མི་སྟོང་ཕྲག་མང་པོ་སོང་བའི་རིགས་གསེར་ལྟ་བུ་། ནང་བསྟན་བཀའ་བསྟན་གཉིས་གསུང་རབ་ཕྲ་ལམ་མེར་དུས་ད་བར་ཚིག་ཀློག་ཐུབ་པ། དོན་བཀྲལ་ཐུབ་པ། ཚིག་དོན་ཐམས་ཅད་མ་ནོར་བ་། མ་འཁྲུལ་བ། མ་ཆད་པ་དེང་སང་ང་ཚོའི་སྐད་ཡིག་ལ་བཞུགས་ཡོད་པ་རེད་དེ་སོ་སོས་གཅེས་འཛིན་གནང་བ་དེ་ཤིན་ཏུ་ནི་གལ་ཆེན་ཡིན། མ་ཟད་ང་རང་མིང་ལའང་བོད་ནང་པའིིམིང་དེ་འདོག་དགོས་པ་དཔེ་གལ་ཆེན་ཡིན། བོད་ལ་ཡོད་མཁན་དེ་རྒྱ་ཡི་མིང་མ་སྦྱར་བ། བལ་པོ་ལ་ཡོད་པའི་ཧི་མ་ལ་ཡི་བལ་པོའི་ཧུནྡུའི་མིང་མ་སྦྱར་བ། རྒྱ་གར་ལ་ཡོད་པ་རྣམས་ཀྱིས་་དེ་བཞིན་གནང་དགོས་དཔེ་མ་སྲིད་གལ་ཆེན་རེད། དཔེར་ན་བོད་པ་ཁ་ཆེ་བ་དག་ལ་དགས་ཁ་ཆེ་བ་ཚོས་སོ་སོས་མིང་ལ་ཁ་ཆེ་ཆོས་ལུགས་ཀྱི་མིང་བེད་སྤྱོད་བཏང་གིས་འངུག་པ་བཞིན་ཁོ་རང་དཔེ་ཡག་པོ་རེད། དེ་བཞིན་ང་རང་ཚོས་ཀྱང་སོ་སོས་མིང་ནང་བསྟན་ལྟར་དུ་གནང་བ་ཤིན་ཏུ་གལ་ཆེན་ཡིན་བསམ་འདུག དེ་ག་ནང་བཞིན་་་མ་ལེ་ཤ་དང་ཨིན་དུ་ནེ་ཤ་སོགས་སོགས་མི་རིགས་ལྷོ་ཤར་་ཨེ་ཤ་གནའ་སྔོན་མ་ནང་པ་ཡིན་མ་ཟད་ལེགས་སྦྱར་སྐད་བེད་སྤྱོད་བཞིན་ཡོད། འོན་ཀྱང་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་ཡས་མས་ཁ་ཆེ་མངའ་འབངས་གྱུར། དེ་ནས་སྐད་དེ་ནི་ལེགས་སྦྱར་སྐད་འདྲ་མཚུངས་ཡིན་ནའང་། ཁ་ཆེས་ཤ་ཞེན་དབང་ཡིག་འབྲུ་ཨིན་ཡིག་སྟེང་ལ་བེད་སྤྱོད་བྱེད། དཀྱིལ་ཤར་ཨ་རབ་ཀུང་པའི་ཡིག་གེ་སྦྱོང་བརྩོན་མགོ་བཙུགས་ཏེ་་ས་ཕྱོགས་གང་ཨ་རབ་ཡི་གེ་ཡོད་པ་རེད། སོ་སོ་ཁ་ཆེའི་ཆོས་ལུགས་ཡིན་པས་རྒྱུ་མཚན་རེད། དེ་བཥིན་རང་རེ་བོད་དང་ཧི་མ་ལ་ཡའི་ཀུན་ལ་འགན་ཁྲི་གནང་རང་སྐད་ཕ་སྐད་དེ་ལ་རོང་སྐད་མ་འངྲེས་པ་གནང་རོག་་་་བཀའ་བསྟན་ཐམས་ཅད་ལེགས་སྦྱར་ལ་རག་ཐབས་ནེད་རེད། དཔེར་ན་མ་ཎི་འབྲུ་དྲུག་བྲིད་ཧིནྡའི་ཡིག་འབྲུ་ལ་ཨོྃ་་་་དེའང་རག་མ་རེད་་་ཡིན་ནའང་དེང་སང་ཧིནྡིའི་ཡིག་འབྲུ་ལ་ང་ཚོས་སྔགས་ཨོཾ་་་དེ་ལ་ऊँ འདི་བྲིས་ཀྱིས་འངུག་དེ་རྩ་བ་ནས་མ་དག་པ་རེད་་་་་ཨུཾ་་ཆགས་ཡོདརེད། གལ་སྲིད་བྲིས་ནའང་འདི་བཞིན་བྲིས་ན་བཟང་ओँ འདི་དག་པ་ཡིན། དེ་དོན་ཕན་ཚུན་ཐམས་སྐད་དག་ཡིག་གེ་ལ་དོ་ཁུར་གནང་རོག་

    ་

  11. ཨ་ཤོ་ཀ says:
    2019-04-18 at 5:21 am

    དོལ་པོ་པདྨ་དགོས་འབྱོར་ལགས་སུ། འཚམས་འདྲིས་དང་བཀྲིན་ཆེ་ཞུ།🌹 བོད་དང་བོད་རིགས་གཏོགས་པ་ཟེར་ན་འདྲ། ཧི་མ་ལ་ཡི་མི་རིགས་ཡོངས་རྫོགས་་་རྒྱ་གར་ནུབ་བྱང་ཁུལ་དུ་ཡོད་པའི་ཇ་མུ་ཀཤ་མིར་མངའ་ཁོངས་ལ་དགས་དང་ཟངས་དཀར། ཧི་མ་ཅལ་མངའ་ཁུངས་ལ་གར་ཞྭ་དང་སྤྱི་ཏི། ཁུ་ནུ་སྟོད་སྨད། འབྲས་ལྗོངས་མངའ་སྡེ། ཨ་རུ་ན་ཅལ་མངའ་ཁོངས་ལ་མོན་པ་དང་པདྨ་བཀོད་པ་བཅས་དང་། བལ་ཡུལ་གྱི་ཧི་མ་ལ་ཡི་མི་རིགས་ཤར་པ་དང་རྟ་མང་། གློ་དང་ནུབ་རི། དོལ་པོ་དང་གླི་མི། མུ་ཁུམ་དང་ཙུམ་སོགས་ཐམས་ཅད་དང་། དེང་སང་རྒྱ་ནག་གི་བདག་བཟུང་བའི་བོད་རང་སྐྱོང་ལྗོངས་། མཚོ་སྔོན་བོད་རིགས། ཟི་ཁྲོན་བོད་རིགས། ཀིན་སུ་བོད་རིགས། ཡུ་ནན་བོད་རིགས་ཐམས་ཅད་ཀྱིས་། སོ་སོ་ཕ་མྱེས་ནས་ད་བར་མི་ལོ་སྟོང་ཕྲག་མང་པོ་སོང་བའི་ཆོས་དག་རིགས་གཞུགམང་རིན་ཆེན་གསེར་ལྟ་བུའི་འདི། ནང་བསྟན་བཀའ་བསྟན་གཉིས་གསུང་རབ་རིན་པོ་ཆེ་ཕྲ་ལམ་མེར་དུས་ད་བར་ཚིག་ཀློག་ཐུབ་པ། དོན་བཀྲལ་ཐུབ་པ། ཚིག་དོན་ཐམས་ཅད་མ་ནོར་བ་། མ་འཁྲུལ་བ། མ་ཆད་པ་དེང་སང་ང་ཚོའི་སྐད་ཡིག་ལ་བཞུགས་ཡོད་པ་རེད་དེ་སོ་སོས་གཅེས་འཛིན་གནང་བ་དེ་ཤིན་ཏུ་ནི་གལ་ཆེན་ཡིན། མ་ཟད་ང་རང་ཚོས་མིང་ལའང་བོད་རྒྱུད་ནང་བསྟན་པའིི་མིང་དེ་འདོག་དགོས་པ་དཔེ་གལ་ཆེན་ཡིན། བོད་ལ་ཡོད་མཁན་དེ་རྒྱ་ཡི་མིང་མ་སྦྱར་བ། བལ་པོ་ལ་ཡོད་པའི་ཧི་མ་ལ་ཡི་བལ་པོའི་ཧུནྡུའི་མིང་མ་སྦྱར་བ། རྒྱ་གར་ལ་ཡོད་པ་རྣམས་ཀྱིས་་དེ་བཞིན་གནང་དགོས་པ་དེ་ནི་དཔེ་མ་སྲིད་གལ་ཆེན་རེད། དཔེར་ན། བོད་པ་ཁ་ཆེ་བ་དང་། ལ་དགས་ཁ་ཆེ་བ་ཚོས་སོ་སོས་མིང་ལ་ཁ་ཆེ་ཆོས་ལུགས་ཀྱི་མིང་བེད་སྤྱོད་བཏང་གིས་འངུག་པ་བཞིན་དེ་ཁོ་རང་ཚོདཔེ་ཡག་པོ་རེད། དེ་བཞིན་ང་རང་ཚོས་ཀྱང་སོ་སོས་མིང་ནང་བསྟན་ལྟར་དུ་གནང་བ་ཤིན་ཏུ་གལ་ཆེན་ཡིན་བསམ་འདུག དེ་ག་ནང་བཞིན་་་མ་ལེ་ཤ་དང་ཨིན་དུ་ནེ་ཤ་སོགས་སོགས་མི་རིགས་ལྷོ་ཤར་་ཨེ་ཤ་གནའ་སྔོན་མ་ནང་པ་ཡིན་མ་ཟད་ལེགས་སྦྱར་སྐད་བེད་སྤྱོད་བཞིན་ཡོད། འོན་ཀྱང་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་ཡས་མས་ཁ་ཆེ་མངའ་འབངས་གྱུར། དེ་ནས་སྐད་དེ་ནི་ལེགས་སྦྱར་སྐད་འདྲ་མཚུངས་ཡིན་ནའང་། ཁ་ཆེས་ཤ་ཞེན་དབང་ཡིག་འབྲུ་ཨིན་ཡིག་སྟེང་ལ་བེད་སྤྱོད་བྱེད་ལེགས་སྦྱར་ཡིག་གེ་རྩ་མེད་དུ་སོང་། དཀྱིལ་ཤར་ཨ་རབ་ལུང་པའི་ཡིག་གེ་དེ་སྦྱོང་བརྩོན་མགོ་བཙུགས་ཏེ་་ས་ཕྱོགས་གང་ལའང་ཨ་རབ་ཡི་གེ་ཡོད་པ་རེད། དེ་ནི་སོ་སོ་ཁ་ཆེའི་ཆོས་ལུགས་ཡིན་པས་རྒྱུ་མཚན་རེད། དེ་བཞིན་རང་རེ་བོད་དང་ཧི་མ་ལ་ཡའི་ཀུན་ལ་འགན་ཁྲི་གནང་དགོས་པ་དེ་ནི་རང་སྐད་ཕ་སྐད་དེ་ལ་རོང་སྐད་དང་། ཨིན་སྐད། རྒྱ་སྐད་དག་ཧིན་སྐད་སོགས་ཀྱིས་མ་འངྲེས་པ་གནང་རོག་་་་བཀའ་བསྟན་ཐམས་ཅད་དེང་སག་ལེགས་སྦྱར་ལ་རག་ཐབས་མེད་པ་རེད། དཔེར་ན་མ་ཎི་འབྲུ་དྲུག་བྲིས་ཧིནྡའི་ཡིག་འབྲུ་ལ་ཨོྃ་་་་དེའང་རག་མ་རེད་་་ཡིན་ནའང་དེང་སང་ཧིནྡིའི་ཡིག་འབྲུ་ལ་ང་ཚོས་སྔགས་ཡིག་ཨོཾ་་་དེ་ལ་ऊँ འདི་བྲིས་ཀྱིས་འངུག་དེ་རྩ་བ་ནས་མ་དག་པ་རེད་་་་་ཨུཾ་་ཆགས་ཡོད་པ་རེད། གལ་སྲིད་བྲིས་ནའང་འདི་བཞིན་བྲིས་ན་བཟང་ओँ འདི་དག་པ་ཡིན། དེ་དོན་ཕན་ཚུན་ཐམས་སྐད་དག་ཡིག་གེ་ལ་དོ་ཁུར་གནང་རོག

  12. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-18 at 5:41 am

    མ་སྔ་མ་ཕྱི་ཟེར་བའི་ཐ་སྙད་དེ་བློ་ལ་འཇུག་བདེ་བས་
    ཐུགས་རྗེ་ཆེ་བཀྲིན་ཆེ།

  13. པདྨ་དགོས་འབྱོར། says:
    2019-04-18 at 6:09 am

    རྣམ་པ་མང་པོ་ཞིག་གིས་དགོངས་ཚུལ་རིན་ཐང་ཅན་མང་པོ་གསུངས་འདུག་པར་བཀའ་དྲིན་ཆེ་ཞུ།

  14. པདྨ་དགོས་འབྱོར། says:
    2019-04-18 at 6:17 am

    ངས་བསམ་ན་བལ་ཡུལ་རྒྱ་ནག་གིས་ཟ་འདོད་ཡོད་པ་མ་རེད། འོན་ཀྱང་། འབྲེལ་ལམ་གལ་ཆེར་བརྩི་དགོས་ས་ཞིག་ཏུ་ཕྟོགས་གཉིས་ཀ་ནས་གྱུར་ཡོད། བལ་ཡུལ་ནི་རྒྱ་ནག་གིས་ཟ་འདོད་པའམ། བདག་དབང་བྱེད་འདོད་རུང་རྒྱལ་སྤྱིའི་གནས་བབ་འོག་ཤ་སོ་སོ། གྲི་ཁ་ཁ་བྱས་ནས་སྡོད་ཐུབ་པའི་རྩ་བ་བརྟན་པོ་ཆགས་ཟིན། བལ་ཡུལ་རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱུ་མཚན་ལས་བོད་པ་ཚོས་མ་དགའ་བ་བྱེད་མི་རུང་། ལྟོས་ས་ལྟོས་ཕྱོགས་ནས་བལ་ཡུལ་ནི་བོད་པར་བཀའ་དྲིན་ཆེ་བའི་རྒྱལ་ཁབ་གཅིག་ཡིན་པ་ངོས་འཛིན་དགོས་ཤིང་། བོད་ཀྱི་བླ་ཆེན་གཙོས་བོད་པ་ཚོར་ཡང་བལ་ཡུལ་ལ་བཀའ་དྲིན་ཆེན་པོ་ཡིན། འདི་གའི་མང་ཚོགས་ཀྱི་ཤེས་རིག་དང་དཔལ་འབྱོར་ཐད་དམིགས་བསལ་བོད་པའི་བླ་ཆེན་ཚོས་བཀའ་དྲིན་གཞལ་དུ་མེད་པ་ཞིག་གནང་ཡོད། ཆབ་སྲིད་དང་འབྲེལ་བའི་གནས་སྟངས་ཐད་ཕྱོགས་ཡོངས་ཀྱི་གནས་བབ་ལ་དགོངས་པ་བཞེས་ནས་དཀྱེལ་ཡངས་གནང་ཐོག་མི་རིགས་མཛའ་མཐུན་ཐད་འབད་འབུངས་གནང་གལ་ཆེ་ཞུའོ།།

  15. ཨ་ཤོ་ཀ says:
    2019-04-18 at 7:55 am

    དེ་བདེན་པ་རེད། བལ་ཡུལ་ནི་རྒྱལ་་ཁབ་ཆུང་ཡང་རང་དབང་རྒྱལ་ཁབ་ཅན་ཡིན། རྒྱ་ནག་ལ་འབྲེལ་བ་ཡོད་ནའང་བོད་པ་གཞོན་སྐྱེས་པ་ལ་ལས་ཆབ་སྲིད་ཐ་ཆག་ཁྲབ་ཏེ་མི་དགའ་བྱེད་དགོས་ཡག་མི་འངུག བྱས་ན་སྡུག་གྱོང་རེད་ངོ། མ་ཟད་བལ་ཡུལ་ནང་ལ་ཆབ་སྲིད་ཕན་མི་ཐོག་པ་ཅན་ཁྲབ་ན་ཕན་ཐོག་མེད། གང་ལ་ཞེ་ན་རྒྱ་ནག་གིས་གནོན་ཤུག་ཡོད་པ་སྨྲོས་མ་དགོས། གཉིས་ནས་༧གོང་ས་མཆོག་ནས་ཁ་བྲལ་མི་རྩོད་པ་དང་། ་དབུ་མའི་ལམ་ཡིན་གསུངས་ཚར་དུས་་་་་སྐད་འབོད་དེ་མ་རྒྱབ་ན་ཡག། ང་ཡང་བོད་པ་ཡིན་བལ་ཡུལ་ལ་སྐད་འབོད་རྒྱབ་ཡག་་དེ་ཡག་པོ་མ་མཐོང་་ཤུལ་ལུས་བོད་མིས་གཞི་ཆགས་ལ་གནོད་གི་འདུག་བ། བྱས་ཙངབོད་པ་དང་་ཧི་མ་ལ་ཡའི་མི་རིགས་ཐམས་ཅད་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལ་་བཀྲིན་མ་བརྗེད་་གསོལ་བ་བཏབ་མ་འདོད་ནའང་། བཀུར་བ་མ་བཏབ་ན་བཟང་། མ་གཞི་ནས་ཚར་ཡག་ཚར་རེང། ད་དུང་ཨོ་རྒྱན་རིན་པོ་ཆེ་སོགས་ལ་དེང་སྤྱི་འཐུས་ཤར་ཁུག་ནས་ཁ་ཚད་བཀུར་འདེབས་བཟོ་བཞིན་འངུག་་་་་སྙིང་རྗེ་ཡུལ་རེད་འངུག ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབ་ན་བཀྲིན་ཤེས་ན་དེ་ནས་འབྲུག་རྒྱལ་ཁབ་ཆུང་ནའང་གནས་དང་ཆོས་རིག་མ་ཉམས་པ་གནས་ཡོད་པས་དེ་ལ་གཟིགས་མཛོད།

  16. ཨ་ཤོ་ཀ says:
    2019-04-18 at 8:01 am

    དེང་སང་དྷ་སའི་སྤྱི་འཐུས་ཤར་ཁུག་གིས་མཁན་སློབ་ཆོས་གསུམ་བཀུར་འདེབས་བཟོ་བཞིན་འདུག་་་་བལ་ཡུལ་རྒྱ་ནག་ལ་འབྲེལ་བ་ཡོད་ན་གང་ཡོད་མ་རེད། བཙན་བྱོལ་གཞུང་ནས་རྒྱ་ནག་ལ་འབྲེམ་མོལ་གནང་ཐུབ་ཡག་གཟིག་བཞིན་ཡོད་། ཞུས་ཡག་བལ་ཡུལ་ཧི་མ་ཡ་མི་རིགས་རྣམས་ནས་ཆོས་དག་རིག་གཞུང་གང་ཟབ་སྐད་ཡིག་མ་ཉམས་གནང་རོག་་་དེ་གལ་ཆེན་པོ་རེད།

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-18 at 8:11 am

    བལ་ཡུལ་ལམ་ནེ་པལ་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་རེད་ལ་
    ཕྱིའི་རྒྱལ་ཁབ་སུ་ལ་འབྲེལ་ལམ་བཞག་མ་བཞག་དེ་ནེ་པལ་གཞུང་
    གི་ཕྱི་འབྲེལ་སྲིད་ཇུས་ལས་ང་ཚོ་ཕྱི་མི་ཚོ་ལ་འགན་འཁུར་ཨ་ཡོད།

  18. ཨ་ཤོ་ཀ says:
    2019-04-18 at 9:05 am

    སྤྱིར་བཏང་ངས་བསམ་ན་་་་བལ་པོའི་ཡུལ་དེ་་་རྒྱ་གར་ཧིནྡུའི་མུ་སྟེགས་ཤན་ཤུགས་ཆེན་པོ་བྱུང་ཡོད་པས་་་ནང་བསྟན་ལ་ཅུང་ཙམ་ཉེན་ཁ་ཡོང་མི་སྲིད་པ་མིན་དཔེར་ན་རྒྱ་གར་ནང་བསྟན་གནད་ཐམས་ཅད་ལའང་ཧིནྡུའི་མུ་སྟེགས་པས་བདག་དབང་ཡོད་ལ་་་གནས་བཤད་བརྫུན་བཟོ་ཅང་བྱས་དག་བྱེད་མོས་རེང། བལ་ཡུལ་མཆོད་རྟེན་བྱ་རུང་དག་འཕགས་ཤིང་སོགས་ཧིན་དུ་ཇི་རྟོག་ཙམ་བཟོ་ཐུབ་ཡོད་མ་རེང་་་་དེ་ནི་བལ་པོའི་རང་གི་་ནང་བལ་རྒྱུད་རང་གི་ནང་བསྟན་པ་ན་ཝར་སོགས་ཀྱིས་བཀའ་དྲིན་བདག་དབང་གཙང་མ་བྱས་ནས་གནང་བ་དེ་ནི་བཀྲིན་ཆེན་པོ་རེད། ་བྱས་དུས་རྒྱ་ནག་ལ་འབྲེལ་བ་བྱས་པ་བརྟེན་ནས་་་ནང་བསྟན་ལ་ཡག་ཏུ་མ་འགྲོ་ནའག་སྡུག་ཏུ་མི་འགྲོ། གཉིས་ནས་རྒྱ་མི་རིགས་ཡིན་ནའང་་་རིགས་གཉིས་འདུག་་་ནང་བསྟན་ལ་དགའ་མཁན་ནམ་ནང་པ་ཚོས་བལ་ཡུལ་སིགས་གནས་སྐོར་འགྲོ་བ་སོགས་འབྲེལ་ལམ་ཡག་པོ་རེད།

  19. ཨ་ཤོ་ཀ says:
    2019-04-18 at 9:11 am

    སྤྱིར་བཏང་ངས་བསམ་ན་་་་བལ་པོའི་ཡུལ་དེ་་་རྒྱ་གར་ཧིནྡུའི་མུ་སྟེགས་ཤན་ཤུགས་ཆེན་པོ་བྱུང་ཡོད་པས་་་ནང་བསྟན་ལ་ཅུང་ཙམ་ཉེན་ཁ་ཡོང་མི་སྲིད་པ་མིན་དཔེར་ན་རྒྱ་གར་ངུ་ནང་བསྟན་གནས་ཆེན་་ཐམས་ཅད་ལའང་ཧིནྡུའི་མུ་སྟེགས་པས་བདག་དབང་ཡོད་ལ་་་གནས་བཤད་བརྫུན་བཟོ་ཅང་བྱས་དང་བྱེད་མོས་རེང། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་ཤིང་སོགས་ཧིན་དུ་བས་ཇི་རྟོག་ཙམ་བཟོ་ཐུབ་ཡོད་མ་རེད་་་་དེ་ནི་བལ་པོའི་རང་གི་་ནང་བསྟན་་རྒྱུད་པའི་་་་ནཱ་ཝར་སོགས་ཀྱིས་བཀའ་དྲིན་ལས་བདག་དབང་གཙང་མ་བྱས་ནས་གནང་བ་དེ་ནི་བཀྲིན་ཆེན་པོ་རེད། གལ་སྲིད་རྒྱ་གར་འབྲེལ་ལམ་ཟབ་ཏུ་འགྲོ་ན་་་་ཉིན་གཅིག་མཆོད་རྟེན་རྣམ་གསུམ་དེའང་ཧིན་དུ་ལག་པ་འཆང་སྲིད་ཀྱིས་རེད། གང་ལ་ཞེན་བལ་པོའི་རོང་པ་རྒྱ་གར་མི་རིགས་་དེ་མང་པོ་རེད་ལ་། ཧིན་དུ་ཁོ་ནར་ཡིད་ཆེས་ཡོད། བྱས་དུས་རྒྱ་ནག་ལ་འབྲེལ་བ་བྱས་པ་བརྟེན་ནས་་་ནང་བསྟན་ལ་ཡག་ཏུ་མ་འགྲོ་ནའག་སྡུག་ཏུ་མི་འགྲོ། གཉིས་ནས་རྒྱ་མི་རིགས་ཡིན་ནའང་་་རིགས་གཉིས་འདུག་་་ནང་བསྟན་ལ་དགའ་མཁན་ནམ་ནང་པ་ཚོས་བལ་ཡུལ་སིགས་གནས་སྐོར་འགྲོ་བ་སོགས་འབྲེལ་ལམ་ཡག་པོ་རེད། དེང་སང་མཚོ་པདྨ་ཡང་ཧིན་དུ་ཡིན་རབ་དང་། མ་ཟད་་་གར་འཕགས་པ་སོགས་གནས་བཤད་ོས་ཧིན་དུ་ཡིན་རབ་ཅང་བརྫུན་བཤད་ཅང་བཀྲམ་བཥིན་ཡོད་པ་རེད།

  20. པདྨ་དགོས་འབྱོར། says:
    2019-04-18 at 9:12 am

    བལ་ཡུལ་ནང་ནང་བསྟན་བསྐྱར་གསོའམ། རྒྱུན་གནས་ཐད་ལ་དམིགས་བསལ་སེམས་ཁྲལ་གནང་དགོས་མི་འདུག བར་སྐབས་གྲོང་གསེབ་ས་ཁུལ་ཁག་ཏུ་ནང་ཆོས་གོ་རྟོགས་ཅན་ཉུང་བ་དང་། མི་རིགས་དང་ཆོས་ལུགས་གཞན་དང་འབྲེལ་འདྲིས་ཆེ་བ་གདོད་མའི་ནང་པ་ཁག་གཅིག་གང་འཚམས་གནས་སྟངས་ཞན་པོའི་མཚམས་སུ་བསླེབས་མོད་དེ། དེང་སྐབས་ཚ་ཚ་འུར་འུར་གྱིས་ནང་ཆོས་སྐོར་གོ་རྟོགས་སྤེལ་བ་སོགས་ཐབས་ཤེས་གང་དྲག་བྱེད་མུས་རེད།

  21. ཀརྡོ་རབ་འབྱམས་པ་ says:
    2019-04-18 at 10:22 am

    ་་་་་་་་་་་་་ ཨོཾ་་་དེ་ལ་ऊँ འདི་བྲིས་ཀྱིས་འངུག་དེ་རྩ་བ་ནས་མ་དག་པ་རེད་་་་་ཨུཾ་་ཆགས་ཡོད་པ་རེད། གལ་སྲིད་བྲིས་ནའང་འདི་བཞིན་བྲིས་ན་བཟང་ओँ འདི་དག་པ་ཡིན། དེ་དོན་ཕན་ཚུན་ཐམས་སྐད་དག་ཡིག་གེ་ལ་དོ་ཁུར་གནང་རོགས། ་་་་་་་་་་་་་་་་
    ་
    ཨོཾ = ओँ
    ऊँ = ཨུཾ

  22. ཨ་ཤོ་ཀ says:
    2019-04-18 at 7:48 pm

    ་ཀརྡོ་ལགས། བཀྲིན་་ཆེ་བྱུང་། གསལ་སྟོན་གནང་བར། ऊँ་་་་འདི་ནི་་་ཧིན་དུསི་ཆོས་ལུགས་ཀྱི་་་བསྙེན་སྒྲུབ་ཀྱི་ཡིག་འབྲུ་གཙོ་བོ་ཞིག་ཡིན་པ་དང་། མ་ཟད་དེང་སང་ཡིག་འབྲུ་དེ་ནི་ཧིན་དུ་ངོ་བོར་མཚོན་རྟགས་ཞིག་ཡིན། གང་ལྟར་་་་བོད་རྒྱུད་ཀྱི་ནང་བསྟན་ལེགས་སྦྱར་ནང་དུ་ཡོད་པའི་ཨོྃ་་་དེ་ནི་མནཡིན་ངོས་ཟིན་པ་དགོས་འདུག་་ལེགས་སྦྱར་ལ་དབྱངས་བཅུ་དྲུག་ཡོད་པས་ཨོྂ་་་དེང་སང་ཧིན་དི་ཐོག་ལ་ཅི་སྟེ་བྲིས་ན་འདི་བཞིན་བྲིས་ན་ཆོག་་ओँ

  23. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-18 at 10:33 pm

    འཛམ་གླིང་འདིའི་སྟེང་དུ་འཚོ་བའི་མི་གི་སྤྱི་ཚོགས་ག་འདྲ་ཞིག་
    ཡིན་ཀྱང་ཆོས་ལུགས་མེད་པ་གཅིག་ཀྱང་མེད་ལ་ཆོས་ལུགས་གང་
    ཞིག་དར་ཁྱབ་འགྲོ་མི་འགྲོ་དེ་ཆོས་ལུགས་དེའི་མི་གི་བདེ་སྐྱིད་ལ་
    འགན་སྲུང་ཐུབ་མ་ཐུབ་ལ་རག་ལས་པ་ནི་ཆོས་ལུགས་གང་ཞིག་གི་མི་གི་
    འཚོ་བའི་བདེ་སྐྱིད་ལ་འགན་སྲུང་ཐུབ་ན་དེ་འདྲའི་ཆོས་ལུགས་དེ་
    འཛམ་གླིང་གི་ལུང་པ་མང་པོའི་ནང་དར་ཁྱབ་བྱུང་ནས་ཆོས་ལུགས་
    དེར་ཡིད་ཆེས་དང་དད་པ་བྱེད་མཁན་ལོ་རེ་ནས་ལོ་རེ་བཞིན་མང་
    དུ་འགྲོ་བཞིན་པ་དང་ཆོས་ལུགས་གང་ཞིག་གི་མི་གི་འཚོ་བ་ལ་འགན་
    སྲུང་མ་ཐུབ་པའི་ཆོས་ལུགས་དེ་དག་ལ་ལོ་རེ་ནས་ལོ་རེ་བཞིན་ཡིད་
    ཆེས་དང་དད་གུས་ཞུ་མཁན་ཉུང་དུ་ཕྱིན་ནས་ནམ་ཞིག་ཆོས་ལུགས་
    དེ་དག་འཛམ་གླིང་འདིའི་མི་གི་སྤྱི་ཚོགས་ནས་རང་བཞིན་ནུས་མེད་ཡལ་
    རྒྱུ་ཡིན་པ་འདས་པའི་སྤྱི་ཚོགའ་འཕེལ་རིམ་ལ་ཕྱི་མིག་བལྟས་ན་དེ་ནས་ང་ཚོར་ངོ་འཕྲོད་ཐུབ་པ་བཅས།

  24. ཀརྡོ་རབ་འབྱམས་པ་ says:
    2019-04-18 at 10:54 pm

    བལ་བོད་རྒྱ་གསུམ་ནི།
    ་
    བཙན་པོ་མགོ་བོ་གཉིས་ཅན།
    ཆོས་རྒྱལ་སྲོང་བཙན་སྒམ་པོ།
    སྤྱན་རས་གཟིགས་དབང་རྣམ་སྤྲུལ།
    བལ་ཡུལ་བལ་ས་དབང་ཕྱིར།
    བལ་བཟའ་བཙུན་མོར་བཞེས་ཡོད།

    བལ་རྒྱལ་ནང་པའི་རྒྱལ་པོའི།
    སྲས་མོ་བལ་བཟའ་མོ་ནི།
    ཁྲོ་གཉེར་རྒྱལ་མོའི་རྣམ་སྤྲུལ།
    བོད་འབངས་ཡོངས་ནས་བཀུར་ཡོད།

    བལ་བཟའ་ཁྲི་བཙུན་མཉམ་དུ།
    ར་མོ་ཆེ་ཡི་ཇོ་བོ།
    ཇོ་བོ་མི་བསྐྱོད་རྡོ་རྗེ།
    བོད་དུ་གདན་འདྲེན་གནང་ཡོད།

    དེ་ནས་རྒྱ་ས་དབང་ཕྱིར།
    རྒྱ་ནག་རྒྱལ་སའི་ཡུལ་གྱི།
    རྒྱ་བཟའ་ཀོང་ཇོ་བསུས་ནས།
    རྒྱ་བོད་འབྲེལ་མཚམས་བཙུགས་ཡོད།

    རྣམ་རི་སྲོང་བཙན་ཡར་དེད།
    གཉའ་ཁྲི་བཙན་པོ་མར་དེད།
    བོད་དང་རྒྱ་ཧོར་གསུམ་པོ།
    གཅིག་རྒྱལ་གཅིག་ཕམ་བྱུང་ཡོད།

    འཇམ་དབྱངས་རྣམ་སྤྲུལ་ཁྲི་སྲོང་།
    ཕྲག་རྡོར་རྣམ་སྤྲུལ་ཁྲི་རལ།
    བདུད་ཀྱི་རྣམ་འཕྲུལ་གླང་དར།
    རིགས་གསུམ་མགོན་པོས་བསྐྱངས་ཡོད།

    ཐ་མ་ཁྲི་རལ་བཀྲོངས་ནས།
    དར་མའི་འོད་སྲུངས་ཡུམ་རྟེན།
    རྒྱལ་སྲས་དངོས་འདྲ་གཉིས་གྱེས།
    བོད་འབངས་བསིལ་པོར་འཐོར་འདུག

    འོནད་ཀྱང་རྒྱལ་སྲས་ཞང་དབོན།
    བྱང་ཆུབ་འོད་དང་ཡེ་ཤེས།
    ཇོ་བོ་གདན་འདྲེན་ཞུས་ནས།
    བོད་འབངས་སྐྱིད་མགོ་ཚུགས་ཡོད།

    མར་མི་དྭགས་སོགས་བཀས་བརྒྱུད།
    གོང་མ་ལྔ་སོགས་ས་སྐྱ།
    ཡབ་སྲས་གསུམ་སོགས་དགེ་ལྡན།
    ཇོ་ནང་ཞི་བྱེད་དར་ནས།

    བོད་འབངས་སྔར་ལྷག་དར་ནས།
    དགེ་འདུན་གྲུབ་ནས་ལྔ་པ།
    བདུན་པ་བཅུ་གསུམ་པ་སོགས།
    རྒྱལ་དབང་རིམ་བྱོན་བྱུང་མཐར།

    སྤྱན་རས་གཟིགས་དབང་༸སྐུ་དངོས།
    ལྷ་མོ་དོན་གྲུབ་བརྫུས་ནས།
    བསྟན་འཛིན་རྒྱ་མཚོར་མཚན་གསོལ།
    ཏྰ་ལའི་བླ་མར་བསྒྲགས་སོང་།

    རྒྱ་དབང་རིམ་བྱོན་གཅིག་བསྡུས།
    བསྟན་འཛིན་རྒྱ་མཚོ་ཁོང་གིས།
    ཛམ་གླིང་ཤར་ནུབ་ཀུན་ཏུ།
    རྒྱུ་ནས་ཞི་བདེར་བཀོད་སོང་།

    གཉིས་སྨན་དབུས་ལམ་བརྒྱུད་ནས།
    རྒྱ་བོད་གྲོས་འགོ་ཚུགས་འཚམས།
    ༸གོང་ས་ཡིད་བཞིན་ནོར་བུ།
    རྒྱ་ནག་རི་བོར་ཕེབས་ཐུབ།

    རྒྱ་ནག་ཕེབས་པའི་ཞོར་ལ།
    རྒྱ་བོད་མཉམ་གནས་བདེ་སྐྱིད།
    གཞིས་བྱེས་མཉམ་འཛོམས་དགའ་སྤྲོའི།
    གླུ་གཞས་བྲོ་ཁྲབ་བྱེད་ཆོག །
    ་
    སརྦ་མངྒ་ལམ།།

  25. ཀརྡོ་རབ་འབྱམས་པ་ says:
    2019-04-19 at 10:32 pm

    མཉམ་འཛོམས་གླུ་གཏོང་།
    ་
    རྒྱ་ནག་ཕེབས་པའི་ཞོར་ལ།
    རྒྱ་བོད་མཉམ་གནས་བདེ་སྐྱིད།
    གཞིས་བྱེས་མཉམ་འཛོམས་དགའ་སྤྲོའི།
    གླུ་བཏང་བྲོ་ཁྲབ་བྱེད་ཆོག །
    ་
    བཀྲ་ཤིས་ཤོག །

  26. ཀརྡོ་རབ་འབྱམས་པ་ says:
    2019-04-27 at 2:08 am

    ཆོ་འབྱུང་དང་ལོ་རྒྱུས་ཀྱི་ཁྱད་པར།
    https://www.facebook.com/100000203845103/videos/2690112601005508/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme