Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༡༩༨༡ ལོར་རྒྱ་ནག་སྲིད་འཛིན་ཧཱུ་ཡོ་པང་ནས་ཏཱ་ལའི་བླ་མར་འཛིན་པའི་དོན་ཚན་ལྔ

Posted on 2010-06-15 By དབང་ཕྱུག་ 7 Comments on ༡༩༨༡ ལོར་རྒྱ་ནག་སྲིད་འཛིན་ཧཱུ་ཡོ་པང་ནས་ཏཱ་ལའི་བླ་མར་འཛིན་པའི་དོན་ཚན་ལྔ

ནགས་ཤོད་སད་མི་ཡིས་བསྒྱུར།

གཅིག ང་ཚོའི་རྒྱལ་ཁབ་ཆབ་སྲིད་ཀྱི་ཐད་དུ་ཡུན་རིང་བརྟན་ལྷིང་ཕྱིན་ཚར་བ་དང་། དཔལ་འབྱོར་གྱི་ངོས་ནས་རྒྱུན་ཆད་མེད་པར་དར་རྒྱས་དང་། མི་རིགས་ཕན་ཚུན་ཁག་སྔར་ལྷག་གིས་མཐུན་སྒྲིལ་རོགས་རེས་ཀྱི་དུས་མཚམས་གསར་པ་ཞིག་ཤར་ཡོད། ཏཱ་ལའི་བླ་མ་དང་རྗེས་འབྲངས་ཀྱི་མི་རྣམས་ནི་རྣམ་རིག་ལྡན་པ་རྐྱང་ཡིན་པས་དོན་གནད་འདིར་ཡིད་ཆེས་བྱ་འོས་ངེས་ཤིག་རེད། ཅི་སྟེ་ཡིད་ཆེས་བྱ་མི་ཐུབ་ཚེ། ལོ་ཤས་རིང་བརྟག་པ་བྱས་ནའང་འགྲིག་གི་རེད།

གཉིས། ཏཱ་ལའི་བླ་མ་ཁོང་གིས་མངགས་གཏོང་གནང་ནས་ང་ཚོ་དང་ཐུག་འཕྲད་བྱས་པའི་མི་དེ་རྣམས་ནི་ལྷག་བསམ་ཟོལ་མེད་ཡིན་འོས། བསྐོར་ནས་སྐད་ཆ་ཤོད་པ་དང་ཉོ་ཚོང་ལྟ་བུའི་ཐབས་ལམ་མི་སྤྱོད་རོགས།འདས་དོན་གྱི་ལོ་རྒྱུས་ཕྱིར་ཡང་རྙོག་སློང་མི་བྱ། ཕྱི་ལོ ༡༩༥༩ ལོའི་དུས་སྐབས་དེའི་ལོ་རྒྱུས་དེ་དག་ཚང་མས་སྐྱུར་ཤོག དབྱུག་ཐོངས་དང་།

གསུམ། ང་ཚོས་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་རྣམས་ལོག་ཡོང་ནས་གཞིས་བཅའ་རྒྱུར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་རྒྱུ་ཡིན་ལ། ང་ཚོས་ཁོང་ལོག་ཡོང་རྒྱུའི་དམིགས་འདུན་ལ་དགའ་བསུ་ཞུ་རྒྱུ་ཡིན། དེ་ནི་ཁོང་གིས་ང་ཚོའི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་ཐུབ་པ་དང་། རྒྱ་བོད་མི་རིགས་དང་མི་རིགས་ཁག་དབར་གྱི་མཐུན་ལམ་ཡར་སྐྱེད་བྱ་ཐུབ་རྒྱུ་དང་། དེང་རབས་ཅན་བཞི་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་དགོས།

བཞི། ཏཱ་ལའི་བླ་མ་ཚུར་ལོག་ནས་གཞིས་བཅས་རྗེས་ཆབ་སྲིད་གོ་གནས་དང་འཚོ་བའི་ཐོབ་ཐང་སོགས་ཕྱི་ལོ ༡༩༥༩ ལོའི་ཡར་སྔོན་གོ་ཐོབ་ལ་འགྱུར་བ་མེད། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་འཐུས་མིར་བསམ་འཆར་བཏོན་ཏེ་ཁོང་ད་དུང་རྒྱལ་ཡོངས་འཐུས་མིའི་རྒྱུན་ལས་དང་ཨུ་ཡོན་ཀྲང་གཞོན་པ། མ་ཟད། གྲོས་བསྡུར་བརྒྱུད་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པའི་ལས་གནས་འཁུར་ཆོག་ལ་འཚོ་བའི་ཐད་ནས་ཀྱང་སྔར་སྲོལ་ཐོབ་ཐང་རྒྱུན་སྐྱོང་བྱ་ཆོག འོ་ནའང་བོད་ཀྱི་སྐོར་ནས་བོད་དུ་ཕྱིར་ལོག་བྱ་མི་དགོས་ལ་བོད་ཀྱི་ལས་འགན་གཅིག་ལྕོགས་བྱ་མི་དགོས། ད་ཆ་བོད་ཀྱི་ལོ་གཞོན་ཚོ་གོང་རིམ་ནང་བསླེབས་ཚར་ཡོད་པས་ཁོང་ཚོས་ལས་ཀ་ཧ་ཅང་ཡག་པོ་ྱེད་ཐུབ་ཀྱི་ཡོད་པ་རེད། ཨ་ཅང་ཅང་། བོད་ནང་དུ་གཟིགས་སྐོར་ཡང་ཡང་ཕེབས་ཆོག་དང་ཆོག ང་ཚོས་ཁོང་གི་རྗེས་འབྲངས་ཚོར་ཡང་འོས་བབ་ཀྱི་ལས་གནས་སྤྲོད་ཆོག་པས་ལས་ཀ་དང་འཚོ་བ་གང་འདྲ་རེད་ཡོང་ན་བསམས་ནས་སེམས་ངལ་བྱ་མི་དགོས། དེའི་ཐད་སྔོན་ཆད་ལས་བཟང་དུ་འགྲོ་ངེས་རེད། གང་ལགས་ཤེ་ན། ང་ཚོའི་རྒྱལ་ཁབ་འཕེལ་རྒྱས་ཕྱིན་ཡོད་པ་རེད་བཱ།

ལྔ། ཏཱ་ལའི་བླ་མ་ག་དུས་ཕྱིར་ལོག་བྱ་གི་ཡོད་མེད་ཁོང་ནས་བརྒྱུད་ལམ་དུ་གསལ་བརྡ་སྟབས་བདེ་ཕུལ་ཡོང་ན་འགྲིག ་ལ་གསལ་བརྡ་རུ་ཅི་ལྟར་འགོད་མིན་ཁོང་ཉིད་ནས་གཏན་འཁེལ་བྱས་ན་འཐུས། ཁོང་ལོ་ག་དུས་དང་ཟླ་བ་ག་དུས། ཉིན་མོ་གང་ཞིག་ལ་ཚུར་ལོག་གི་ཡོད་མེད་ང་ཚོ་ལ་བརྡ་འཕྲིན་ཞིག་ཐོངས་ཤོག གལ་ཏེ་ཤང་ཀང་ནས་སྐམ་ས་བརྒྱུད་ཀོང་ཀྲུའུ་ཕྱོགས་ཡོང་ན། ང་ཚོས་བློན་ཆེན་རིམ་པའི་གོ་གནས་ཡོད་པའི་མི་བཏང་ནས་ས་མཚམས་སུ་ཁོང་ལ་ཕེབས་བསུ་ཞུ་རྒྱུ་ཡིན་ལ་དེ་སྐོར་གྱི་གནས་ཚུལ་ཀྱང་ཁྱབ་བསྒྲགས་བྱ་རྒྱུ་ཡིན། གལ་ཏེ་གནམ་གྲུར་བསྡད་ནས་ཚུར་ལོག་ཡོང་ན།ང་ཚོས་གཞི་རྒྱ་ངེས་ཅན་ཡོད་པའི་དགའ་བསུའི་མཛད་སྒོ་ཤིག་བཀོད་སྒྲིག་བྱ་རྒྱུ་མ་ཟད་དེ་དོན་གནས་ཚུལ་ཀྱང་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

སྣ་ཚོགས།

Post navigation

Previous Post: སེམས་པ་འདི་རྡ་ས་ནས་འཐོར་སོང་།
Next Post: བྱ་ཚིག་སྐོར་གྱི་གསལ་བཤད་ཅིག

Comments (7) on “༡༩༨༡ ལོར་རྒྱ་ནག་སྲིད་འཛིན་ཧཱུ་ཡོ་པང་ནས་ཏཱ་ལའི་བླ་མར་འཛིན་པའི་དོན་ཚན་ལྔ”

  1. ཀརྡོ་རབ་འབྱམས་པ་ says:
    2010-06-15 at 3:45 pm

    ༸གོང་ས་མཆོག་”ཏཱ་ལའི་བླ་མ་”དང་རྒྱ་ནག་གི་སྲིད་འཛིན་ཧྰུ་ཡོ་པང་གཉིས་ནི་བོད་གངས་ཅན་པའི་ཆབ་སྲིད་སྐོར་ལ་ཐུགས་ཡངས་ཆེ་ཤོས་ཀྱི་ཆབ་སྲིད་ཞབས་འདེགས་པ་གཉིས་ལ་ངོས་འཛིན་བྱེད་མི་ཆོག་གམ། གྲགས་སྙན་སྲིད་མཐར་གནས་འགྱུར་ཅིག

  2. གཡུ.དུག་སྦྲང says:
    2010-06-15 at 10:08 pm

    ནག་ཤོད་པ་ཐུགས་རྗེས་ཆེ་ཞུ་། ག་དུས་ཡིན་ན་དགོས་མཁོ་ཅན་རྐྱང་རྐྱང་ཁྱེར་ཡོང་གི་འདུག་།།

  3. བློ་བཟང་དར་རྒྱས། says:
    2010-06-16 at 3:15 am

    དེ་ག་རེའི་སྐད་ཆ་རེད། གོང་ས་མཆོག་ཕྱིར་བོད་དུ་ལོག་ཡོང་མིན་རྒྱ་ནག་གཞུང་ལ་འབྲེལ་བ་ག་རེ་ཡོད་རེད། དམིགས་བསལ་ཧུའུ་ཡའོ་པང་ལ་འབྲེལ་བ་ག་རེ་ཡོད་རེད། སོ་སོའི་རྒྱལ་ཁབ་ལ་ལོག་རྒྱུ་དེ་རྒྱ་མིར་འབྲེལ་བ་གཏན་ནས་མིན་འདུག། ཅི་སྟེ་བོད་རྒྱ་གཉིས་རྒྱལ་ཁབ་གཅིག་ཡིན་ན་ནི་ཐ་དད་རེད།
    མཆན།—ངས་སྐད་ཆ་འདི་རང་བཙན་གཙང་མའི་ལྟ་བ་བཟུང་སྟེ་བཤད་པ་ཡིན།
    བཀྲིས་བདེ་ལེགས།།།།།།།།།།།།།།།།

  4. ལ་བ་དཀར་པོ། says:
    2010-06-16 at 10:39 am

    གང་ལྟར་ཧུ་ཡའོ་པང་ཡིན་ནའང་འདྲ། ཧུ་ཅིན་ཐའོ་ཡིན་ནའང་འདྲ། གང་ལྟར་བོད་དོན་ཤོད་དུས་ཞྭ་མོ་གཅིག་གྱོན་ནས་འདོན་ཡོང་གི་འདུག ཞིབ་མོར་ཀློག་ན། ཧུ་ཡའོ་པང་གི་སྐད་ཆ་དང་ཧུ་ཅིན་ཐའོ་ཡིས་སྐད་ཆ་ལ་ཁྱད་པར་མིན་འདུག རྡོག་རྡོག་འདི་རེད། “ཏ་ལའི་བླ་མ་སྒེར་གྱི་ཐོབ་ཐང་བཤད་ན་ཆོག བོད་དོན་བཤད་མི་ཆོག”ཟེར། 

    ད་རྒྱ་དཔོན་འདི་ལེགས་པ་འདུག་འདི་སྡུག་པ་འདུག་ཟེར་ས་མིན་འདུག ཚང་མ་ཙི་ཙི་ལ་དགའ་བའི་ཞི་མི་དམར་ནག་ཙམ་གྱི་ཁྱད་པར་རེད། 

    དམར་ཤོག་འདི་འགྱེལ། དམངས་གཙོ་ངོ་མ་ཞིག་ཤར་ན། བོད་ཀྱི་ཐད་འཛིན་པའི་སྲིད་འཇུས་སྒྱུར་བ་གཏོང་བར་གོ་སྐབས་བཟང་བ་འདུག དེ་མིན་རྒྱ་དམར་འདི་དང་ཤོད་རིན་མིན་འདུག བོད་གཞུང་གིས་འདི་མཁྱེན་པ་དགོས་འདུག རྒྱལ་བ་རིན་པོ་ཆེས་ཀྱང་འདི་མཁྱེན་པ་དགོས་ཀྱི་འདུག

    ད་གནས་སྐབས་བཀའ་མོལ་དང་འབྲེལ་མོལ་དེ་བཞག་ནས་བོད་ནང་ལ་སྡུག་གཅོད་བཏང་བ་དེར་རྒོལ་གཏམ་དང་རྒྱ་ལ་འཚང་འབྲུ་དགོས་ཀྱི་འདུག

     

  5. བློ་བཟང་དར་རྒྱས། says:
    2010-06-16 at 2:10 pm

    བོད་དང་རྒྱ་ཐ་དད་རེད། ག་དུས་ཡིན་ཀྱང་རྒྱ་མིའི་འགོ་གཙོ་དེ་ཚོས་སྐད་ཆ་སྙན་པོ་འདྲ་བཤད་ན་ཆབ་སྲིད་ཀྱི་བསམ་བློ་དེ་ཙམ་མེད་པའི་བོད་པ་འགའ་ཤས་ཀྱིས་ཡིད་སྨོན་བསྐྱེད་ཀྱི་ཡོད་ས་རེད།
    རྒྱ་མིས་སྐད་ཆ་སྙན་པོ་ག་ཚོད་བཤད་ཀྱང་རུང། ལྷག་བསམ་རྣམ་བདག་ག་ཚོད་བྱས་ཀྱང་རུང་གང་ལྟར་བོད་པ་དང་རྒྱ་མི་རང་རང་སོ་སོ་རེད་དོ།
    དཔེ་–སོ་སོའི་ཕ་མས་ཁ་བརྡ་བསླབ་བྱ་བྱས་པ་དང།
    ཨ་ཁུ་ཨ་ནེས་ཁ་བརྡ་བསླབ་བྱ་བྱས་པ་གཉིས་ལ་ལྕི་ཡང་ཡོད་རེད་དོ། ཐུགས་ལ་བཞག་རོགས་གནང།

  6. གཞོན་ནུ་ཟླ་མེད། says:
    2010-06-16 at 2:44 pm

    འ་མ་ཡའའའའའའའའའའ། ད་བོད་པ་ཁ་ཤས་ཀྱི་ལོ་སུམ་ཅུའི་ཡར་སྔོན་གྱི་ཤི་ཟིན་པའི་གཏམ་ཞིག་བང་སོ་ནས་བཏོན་དེ། དེ་ལ་ཅིག་བཤད་པ་དང་སྨོན་ལམ་རྒྱག་གི་འདུག ད་ངོ་ནས་ཕ་ཡུལ་དྲན་གི་ཡོད་ས་རེད།

  7. ཚྭ་སྒང་ཕོ་ཉ། says:
    2010-06-17 at 8:11 am

    གང་ལྟར་ཧུ་ཡའོ་པང་ཡིན་ནའང་འདྲ། ཧུ་ཅིན་ཐའོ་ཡིན་ནའང་འདྲ། གང་ལྟར་བོད་དོན་ཤོད་དུས་ཞྭ་མོ་གཅིག་གྱོན་ནས་འདོན་ཡོང་གི་འདུག ཞིབ་མོར་ཀློག་ན། ཧུ་ཡའོ་པང་གི་སྐད་ཆ་དང་ཧུ་ཅིན་ཐའོ་ཡིས་སྐད་ཆ་ལ་ཁྱད་པར་མིན་འདུག རྡོག་རྡོག་འདི་རེད། ”ཏ་ལའི་བླ་མ་སྒེར་གྱི་ཐོབ་ཐང་བཤད་ན་ཆོག བོད་དོན་བཤད་མི་ཆོག”ཟེར།
    ད་རྒྱ་དཔོན་འདི་ལེགས་པ་འདུག་འདི་སྡུག་པ་འདུག་ཟེར་ས་མིན་འདུག ཚང་མ་ཙི་ཙི་ལ་དགའ་བའི་ཞི་མི་དམར་ནག་ཙམ་གྱི་ཁྱད་པར་རེད། གསུངས་པ་ལྟར།
    ངའི་བསམ་ཚུལ་ཀྱང་དེ་དང་གཅིག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme