Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་གཙོས་རྫུན་བཤད། འགྲེལ་ལོག་བྱས། ཁྲིམས་འགལ་བྱས་ཡོད་ན། ད་ག་རེ་བྱེད་ཀྱི་རེད།

Posted on 2019-04-082019-04-08 By ཁ་བརྡ་ 35 Comments on ཚོགས་གཙོས་རྫུན་བཤད། འགྲེལ་ལོག་བྱས། ཁྲིམས་འགལ་བྱས་ཡོད་ན། ད་ག་རེ་བྱེད་ཀྱི་རེད།

སྟོབས་རྒྱལ་ཚེ་རིང་།

གཤམ་གྱི་རྩོམ་ཡིག་འདིའི་ནང་། བཀའ་བློན་གསར་འདེམས་ལ་འོས་ཤོག་གི་བརྒྱ་ཆ་ལོན་མེད་པར་ངོས་འཛིན་ཐག་གཅོད་དང་འབྲེལ་བའི་ཁྲིམས་ཞིབ་ཁང་གི་ལྟ་སྟངས་དང་། བརྒྱ་ཆ་ལོན་ཡོད་པར་ངོས་འཛིན་དང་འབྲེལ་བའི་སྤྱི་འཐུས་ཚོགས་གཙོའི་སྐད་ཆ་གཉིས་གཤིབ་བསྡུར་བྱས་ཡོད། རྫུན་རྐུབ་བརྟོལ་སྟངས། ཁྲིམས་ལོག་འགྲེལ་བྱེད་སྟངས། ཁྲིམས་འགལ་བྱེད་སྟངས། ད་ག་རེ་བྱེད་ཀྱི་རེད་བཅས་ཚན་པ་བཞིར་བསྡུས་ནས་ལྟ་བདེ་གོ་བ་ལེན་བདེར་བྱས་ཡོད།

རྫུན་རྐུབ་བརྟོལ་སྟངས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་བློན་འདེམས་ཐོན་རྩིས་མེད་དུ་བཏང་བའི་གསལ་བསྒྲགས་གནང་བ་དེ་ལ་བལྟས་ན། སྤྱི་འཐུས་ཚོགས་གཙོས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན་གྱི་ཕྱི་དྲོར་ཁྲིམས་ཞིབ་ཁང་ལ་ཡིག་ལན་བཏང་བའི་ནང་། “གནད་དོན་འདི་ནི་དེ་རིང་ཙམ་མིན་པར་རྩིས་བསྐོར་གནང་ཕྱོགས་གོང་གསལ་ལྟར་བཀའ་བློན་འོས་འདེམས་ཚང་མར་དེ་དོན་གནང་འདུག” ཅེས་བྲིས་འདུག

དེ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། “བཀའ་བློན་གྱི་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་ཅེས་བཀོད་པ་ནི་གཞི་རྩ་མེད་པ་ཞིག་སྟེ། བཀའ་ཤག་སྐབས་ ༡༤ (༢༠༡༡་་་༡༦)པའི་བཀའ་བློན་འོས་གཞི་རྣམས་སྤྱི་མོས་ཀྱིས་འདེམས་ཐོན་བྱུང་ཡོད་པ་དང་། སྐབས་ ༡༥ (༢༠༡༦་་༢༡)པའི་བཀའ་བློན་འོས་གཞིའི་ཁོངས་ནས་འོས་ཐོབ་དམའ་ཤོས་དེར་ཡང་ངོ་ཡོད་སྤྱི་འཐུས་ ༤༣ ཁོངས་ནས་འོས་གྲངས་ ༢༤ ཐོབ་སྟེ་བརྒྱ་ཆ་ ༥༥ ཡན་ལོན་ཡོད་ལ། སྐབས་ ༡༣ (༢༠༠༦་་༡༡)པའི་བཀའ་ཤག་གི་བཀའ་བློན་འོས་གཞིའི་ཁྲོད་ནས་འོས་ཐོབ་དམའ་ཤོས་ ༢༡ བྱུང་བ་དེ་ངོ་ཡོད་སྤྱི་འཐུས་ ༤༠ ཡི་བརྒྱ་ཆར་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༥༢ ཡན་ལོན་ཡོད་པ་དང་། བཀའ་ཤག་སྐབས་ ༡༢ (༢༠༠༡་་༠༦)པའི་འདེམས་ཐོན་བཀའ་བློན་རྣམས་སྤྱི་མོས་ཡིན་པ་ལས་བརྒྱ་ཆ་རྩིས་བསྐོར་བྱེད་དགོས་པ་བྱུང་མེད།” ཅེས་ལན་འདེབས་བྱས་ཏེ་ཚོགས་གཙོའི་རྫུན་རྐུབ་བརྟོལ་འདུག

ཚོགས་གཙོས། “བཀའ་བློན་དུ་འདེམས་ཐོན་བྱུང་བར་ངོས་འཛིན་བྱས་ཡིན། བརྒྱ་ཆ་བགོ་སྟངས་ཀྱི་རེའུ་མིག་དེ་གཞིར་བཟུང་བྱས་ཡིན།” ་ཞེས་གསུངས་པའི་སྐོར་ལ། ཁྲིམས་ཞིབ་ཁང་ནས། “རེའུ་མིག་དེ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་རྒྱབ་སྐྱོར་ཅི་དགོས་ཀྱི་རེའུ་མིག་ཡིན་པ་ལས། བཀའ་བློན་གྱི་འོས་འདེམས་སྐབས་བརྒྱ་ཆ་བགོ་སྟངས་སྐོར་མིན་པ་རེའུ་མིག་དེའི་འགོ་བརྗོད་ནས་རྟོགས་ཐུབ།  རེའུ་མིག་དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ཡིག་ཆ་གང་དུ་གསལ་ཡོད་མེད་དང་། དེར་ནུས་ཚད་ཅི་ལྡན་མ་ངེས་ལ། བཀའ་བློན་གྱི་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་མེད་ཀྱང་མ་ངེས་མོད། ཡིག་ཆ་དེས་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཀའ་བློན་དུ་འདེམས་ཐོན་ཡོང་བ་ལ་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དགོས་པའི་ཆ་རྐྱེན་འདིར་བསྒྱུར་བཅོས་གཏོང་ཐབས་མེད།” ཅེས་བཀོད་འདུག་པས། ཚོགས་གཙོས་གཞི་འཛིན་སའི་རེའུ་མིག་དེ་ཤོག་སྙིགས་ཙམ་རེད་ཅེས་དམར་བཤུས་བརྒྱབ་འདུག

ཁྲིམས་ལོག་འགྲེལ་བྱེད་སྟངས།

ཚོགས་གཙོས་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གསར་འགོད་པར། “སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད།” ཅེས་དང་། ཕྱི་ཟླ་ ༤ ཚེས་ ༤ ཉིན་ཡང་བསྐྱར་གསར་འགོད་པར། “བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་གསེས་དོན་ཚན་དང་པོའི་ནང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་ལ་བཀའ་མོལ་གནང་སྟངས་འགྲིག་མ་འགྲིག་དང་འོས་འཕེན་སྟངས་འགྲིག་མིན་སོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་ཅེས་འཁོད་ཡོད་པ་དང་། མི་ཆོག་པ་དེ་མི་ཆོག་པ་ཡིན་པ་ལས་མི་ཆོག་ལབ་ཡོད་ན་ཡང་ད་དུང་ཡང་རྩད་གཅོད་བྱེད་ཀྱི་ཡིན་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད།” ཅེས་གསུངས་པ་དེའི་སྐོར་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། “དེ་ནི་བཅའ་ཁྲིམས་དོན་ཚན་ ༤༦ དང་ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན།” ཞེས་དང་། དེའི་སྒྲུབ་བྱེད་དུ། “འདི་གཏུག་མཁན་ཞིག་གིས་སྤྱི་འཐུས་སུ་རུང་ཁྲིམས་ཞིབ་ཁང་ལ་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་གཏུགས་མི་ཆོག་པའི་གོ་དོན་ཡིན་པ་ལས། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་བྱེད་སྐབས་ཀྱི་གནད་དོན་དང་འབྲེལ་བ་གཏན་ནས་མེད།” ཅེས་དང་། “དོན་ཚན་འདིས་ཁྲིམས་ཞིབ་ཁང་གི་དབང་ཚད་ལ་བཀག་སྡོམ་གང་ཡང་གནང་མེད། གལ་སྲིད་ཁྲིམས་ཞིབ་ཁང་ལ་འདི་ལྟ་བུའི་ཞུ་གཏུགས་བྱུང་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེ་རིགས་ཁྲིམས་ཡིག་གཞིར་བཟུང་ཕྱིར་སློག་བྱེད་ངེས།” ཞེས་དང་།

“བཅའ་ཁྲིམས་དོན་ཚན་ ༥༨ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞེས་པའི་ནང་གསེས་ ༡ ནང་།  སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པ་ནི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་གྱི་དོན་གནད་དེ་དག་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་གོ་དོན་ཡིན་པ་ལས། བཅའ་ཁྲིམས་དང་འགལ་བའི་དོན་གནད་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་འགྲེལ་ལོག་བྱེད་མི་ཆོག

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་བློན་གྱི་འོས་གཞི་དེར་བཅའ་ཁྲིམས་ནང་གསལ་དགོས་ངེས་བརྒྱ་ཆའི་གྲངས་ཚད་ལོན་ཡོད་མེད་གཞལ་བྱར་བཟུང་བ་ལས། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་ལ་ཐེ་བྱུས་བྱས་མེད་པ་དང་། དེ་ཡང་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་གྱི་ཆ་རྐྱེན་དང་མཐུན་མིན་ལ་དཔྱད་ཞིབ་ཐག་གཅོད་བྱས་པ་ལས། ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་རྩད་གཅོད་བྱས་པ་ཞིག་མིན།

ཐེངས་འདིར་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་གྱི་འོས་གཞི་དེར་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་གྱི་དགོས་ངེས་བརྒྱ་ཆའི་གྲངས་ཚད་ལོན་ཡོད་མེད་ཁྲུན་འབྱེད་བྱས་པ་ཞིག་ཡིན་པ་ལས། བཀའ་བློན་གྱི་འོས་བསྡུ་ཚད་ལྡན་བྱུང་ཡོད་མེད་རྩད་གཅོད་བྱས་པ་མིན་ལ། ཐག་གཅོད་བྱེད་ཕྱོགས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་སྐོར་རྩད་གཅོད་བྱས་པ་དེ་བས་ཀྱང་མིན།

བཅའ་ཁྲིམས་དོན་ཚན་ ༥༨(༢) ནང་། ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཅེས་པ་འདི་ནི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས་བཟོའི་དབང་ཚད་ལོངས་སུ་སྤྱོད་པའི་གནས་སྐབས་ཁོ་ན་ཡིན་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་རུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གནོད་ཚབས་བཟོ་བའི་གནས་སྐབས་སམ། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་གནོད་འགལ་བྱེད་པའི་སྐབས་སུའང་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་སུ་མེད་པའི་གོ་དོན་མིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་འདིས། ཐེངས་འདིར་གྲོས་ཚོགས་སུ་བཀའ་བློན་གྱི་འོས་གཞི་དེར་དགོས་ངེས་བརྒྱ་ཆའི་གྲངས་ཚད་ལོན་མེད་པའི་བཅའ་ཁྲིམས་ཀྱི་དངོས་བསྟན་ལ་ཐད་ཀར་རྡོག་རོལ་བཏང་བའི་ཆ་དེ་བཀག་པ་ཞིག་ཡིན་པ་ལས། བཅའ་ཁྲིམས་དོན་ཚན་ ༤༦ ནང་གསལ་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་ལ་དོ་ཕོག་དང་། དོན་ཚན་ ༥༨ ནང་གསལ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་ལས་དོན་དེ་དག་ཐོག་ཐེ་བྱུས་བྱས་པ་ཞིག་གཏན་ནས་མིན་པ་རྒྱུ་མཚན་གོང་བརྗོད་ལྟར་ཡིན།” ཞེས་འགྲེལ་ལོག་གང་དང་གང་བྱས་ཡོད་པ་ལ་དེ་འབྲེལ་གྱི་གསལ་བཤད་བྱས་འདུག

ཁྲིམས་འགལ་བྱེད་སྟངས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། “བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་འོས་གཞི་མིང་འདོན་གནང་བ་གང་ཞིག  བཅའ་ཁྲིམས་ནང་གསལ་དགོས་ངེས་ཀྱི་བརྒྱ་ཆའི་གྲངས་ཚད་ལོན་མེད་པ་མངོན་སུམ་དུ་གྲུབ་ཡོད་པས། མང་མོས་མ་ཐོབ་པ་ཞིག་ལ་འོས་ཐོན་བྱུང་བའི་གསལ་བསྒྲགས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་འདིའི་དགོངས་དོན་དང་འགལ་ཡོད།” ཅེས་དང་། “སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར་བཀའ་བློན་གྱི་འོས་གཞི་དེ་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་བྱས་པ་ཡིན།” ཞེས་སྤྱི་འཐུས་ཚོགས་གཙོས་བཀའ་བློན་གྱི་འོས་གཞི་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དེ་ཁྲིམས་འགལ་བྱས་པ་ཡིན་པའི་ངོས་འཛིན་བྱས་འདུག

ད་ག་རེ་བྱེད་ཀྱི་རེད།

ཁྲིམས་ཞིབ་ཁང་གིས། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ནང་གསལ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པ་དང་། དེར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་པའི་སྐུ་དབང་དང་། དེ་བཞིན་བཅའ་ཁྲིམས་དོན་ཚན་ ༥ ནང་གསལ་ལྟར་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་ནུས་ལྡན་ཡིན་མིན་བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་བྱེད་པའི་སྐུ་དབང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་ཡོད་པས། ཀ་བ་གསུམ་གྱི་དབང་ཆའི་ས་མཚམས་ལས་མ་བརྒལ་བའི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན།

བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་རྣམས་ལག་བསྟར་བྱེད་སྐབས་སུ། བཅའ་ཁྲིམས་ཀྱི་དགོངས་དོན་ལ་དོ་ཕོག་དང་གནོད་འགལ་བྱེད་པའི་བྱ་སྤྱོད་མཐོང་བཞིན་དུ་དེར་སྣང་མེད་དམ། གུ་བཤངས་སམ། བབ་བསྟུན་ནམ། མཐུན་འགྱུར་བྱ་རྒྱུ་ནི་ཁྲིམས་ཞིབ་ཁང་གནས་དགོས་པའི་རྒྱུ་མཚན་དང་རྒྱབ་འགལ་ཡིན་པས། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་དམ་བཅའ་ནམ་ཡང་འདོར་ཐབས་མེད།” ཅེས་ལངས་ཕྱོགས་གསལ་པོ་བསྟན་འདུག་པས། ཕྱིར་བཤིག་རྒྱག་ས་མེད་པ་རེད་འདུག

ཚོགས་གཙོས། “སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐག་གཅོད་བྱས་ཟིན་པ་དང་། སྤྱི་འཐུས་ལྷན་ཚོགས་བཅའ་ཁྲིམས་དང་འགལ་མེད་ལ། བཅའ་ཁྲིམས་དང་འགལ་ཡོད་མེད་ཟེར་བ་དེ་གང་ཟག་ཅིག་གིས་ཀ་དེ་ཁ་རེད་ཁ་དེ་ཀ་རེད་ལྟ་བུའི་རྩོད་རྙོག་བྱུང་ན། སུ་ཞིག་བདེན་པ་ཡིན་མིན་ཐག་གཅོད་བྱེད་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་ལས། གནད་དོན་འདིར་སུ་གང་གིས་རྩོད་པ་རྒྱག་གི་མེད་ན་ཡང་ཁྲིམས་ཞིབ་ཁང་གིས་དྭང་དུ་བླངས་ནས་བཟོས་པ་མ་གཏོགས་གང་ཡང་མ་རེད།” ཅེས་གསུངས་འདུག་པས། འབབ་ས་ཞིག་བཞག་མི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གཉིས་འདི་ལྟར་གདོང་ཐུག་བརྒྱབས་ན། ད་ག་རེ་བྱེད་ཀྱི་རེད་དམ།

དཔྱད་རྩོམ།

Post navigation

Previous Post: དབུ་མའི་ལམ་དང་འབྲེལ་བའི་བོད་རྒྱ་འབྲེལ་མོལཀྱི་སྐུ་དབང་སུ་ལ་ཡོད་དམ།
Next Post: རྒྱ་གར་གློག་བརྙན་(Saath Saath) མཉམ་དུ་མཉམ་དུ་ཞེས་པའི་གླུ་ཞིག །

Comments (35) on “ཚོགས་གཙོས་རྫུན་བཤད། འགྲེལ་ལོག་བྱས། ཁྲིམས་འགལ་བྱས་ཡོད་ན། ད་ག་རེ་བྱེད་ཀྱི་རེད།”

  1. AྀBHARU JIGWANG says:
    2019-04-08 at 11:02 pm

    ༄༅། ད་ག་རེ་བྱེད་རྒྱུ་ཡོད་དམ་ཟེར་ན་།
    ཁྲིམས་ཀྱི་སློབ་སྦྱོང་བྱེད་མཁན་མི་གཉིས་གསུམ་དང། ས་གནས་རྒྱ་གར་གྱི་ཁྲིམས་ལ་
    མཁས་པ་རེ་གཉིས་ལས་སྒྲུབ་པའི་ཚོགས་ཆུང་ཞིག་བརྕུགས་ནས་ངེས་པར་དུ་དཔྱད་ཞིབ་གནང་
    དགོས་པ་ལས་།
    ཨ་ཕས་བཤད་ན་ཨ་ཕ་དྲང། ཨ་མས་བཤད་ན་ཨ་མ་བདེན་པ་ཡིན་སྐོར་
    བཤད་ཀྱང་དྲང་པོ་ཞུ་ན་སྤྱི་ལྷན་དང་། ཁྲིམས་ཞིབ་པ་གཉིས་ཀ་་་ཁྲིམས་ཀྱི་སློབ་སྦྱོང་ཡེ་ནས་མེད་པ།
    ལོང་བས་བལྟས་ཀྱང་་་ཁམས་གསུམ་མཐོང་ཟེར་བའི་དཔེ་ལྟར་རེད།
    མཚན་ཉིད་མ་ཤེས་ཚད་པ་རྩོད། གླང་རྒན་སྐད་སྟོང་རྒྱག་དང་མཚུངས།
    རྕ་བའི་བྱས་ན་སྲིད་སྐྱོང་ཁྲིམས་ཀྱི་ཐོག་ལ་འབུམ་རམ་པ་ཡིན་ཟེར་ཡང།
    གནས་དོན་འདིའི་ཐོག་ལ་ཕན་ཐོགས་ཡོང་རེ་མི་འདུག་པ་བཅས་སོ།

  2. kongpo Bhu says:
    2019-04-08 at 11:43 pm

    སྤྱི་འཐུས་ཚོགས་གཙོས་བཤད་པའི་བཅར་འདྲི་གཏམ་བཤད་སྔ་ཕྱི་གཉིས་ལ་ཁྲིམས་ཀྱི་གཞི་འཛིན་དང་རྒྱབ་རྟེན་གང་ཡང་མཐོང་མ་སོང་། googleལ་སོང་ན་ཧ་གོ་གི་རེད་ཟེར་བ་ཙམ་དང་། ས་མཚམས་བརྒལ་ནས་ཐེ་ཇུས་གནང་སོང་ཟེར་བ་ཙམ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀྲམས་པའི་གསར་འགོད་གསལ་བསྒྲགས་དང་སྐུ་ངོ་ཁྲིམས་དྲུང་གིས་བཤད་པའི་སྐད་ཆ་དག་ལ་ཁྲིམས་ལུགས་ཀྱི་རྒྱབ་རྟེན་དང་ས་མཚམས་དབྱེ་འབྱེད་ཀྱི་རྡོ་རིང་གསལ་པོ་འདུག་པས། ད་ནི་སྤྱི་འཐུས་ཚོགས་གཙོ་མཆོག་ནོར་སོང་ཟེར་བར་ངོ་ཚ། འགྲིག་ཡོད་ཟེར་བར་རྒྱུ་མཚན་དང་དབང་རྟགས་མེད་པའི་གནས་སུ་གྱར་ཡོད་པ་གསལ་པོ་རེད། ལར་ནས་༤༣གྱི་བརྒྱ་ཆ་ལྔ་བཅུ་དེ་༢༡གི་ལོངས་གི་མེད་པ་ཚང་མས་ཤེས་པ་མ་ཡིན་ནམ། བཅའ་ཁྲིམས་ནང་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་མ་ཉུང་བ་མ་ཉུང་བ་གསལ་བཞིན་དུ་ད་དུང་ཤ་ཚ་་་་ཨ་ཁ་ཁ

  3. འཚུབ་མ་རྒོད་པོ། says:
    2019-04-09 at 1:22 am

    འདིའི་སྐོར་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་ཁམས་སྐད་སྡེ་ཚན་ནས་ཆོས་རྒྱུད་སྤྱི་འཐུས་ཟུར་པ་གཉིས་ལ་བཅར་འདྲི་བྱས་པ་ཞིག་ལ་ཉན་པ་ཡིན། དང་པོ་དགོད་བྲོ། བར་དུ་ངུ་བྲོ། ཐ་མ་སྐྱུག་བྲོ་བ་ཞིག་བྱུང་སོང་། འ་རོ་་་་་་ད།

  4. kongpo Bhu says:
    2019-04-09 at 4:43 am

    བཅའ་ཁྲིམས་ལ་འགྲེལ་བརྗོད་བྱེད་པའི་དབང་ཚད་དེ་བཅའ་ཁྲིམས་རིན་པོ་ཆེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་བའི་དབང་ཚད་བླ་ན་མེད་པ་དེ་ཡིན་པས། ཚོགས་གཙོ་མཆོག་གིས་འགྲེལ་བརྗོད་དེ་དག་ཤོག་རྙིགས་ཙམ་དང་། སྐུ་ངོ་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཉིས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཐེངས་གཅིག་གུ་ཡངས་གཏོང་གནང་ཡོང་བའི་ཞུ་བ་འཐེན་པ་དེ་ཡང་བཅའ་ཁྲིམས་ཤེས་བཞིན་བཅའ་ཁྲིམས་ལ་རྡོག་རོལ་གྱི་ངོ་བོར་འགྱུར་ཉེན་ལས་གཞན་མི་གདའ།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-09 at 4:55 am

    བརྒྱ་ཆ་རྩི་སྟངས་ལ་ཁྱད་པར་འདུག་ན་བཙན་བྱོལ་བོད་མིའི་
    སྤྱོ་ཚོགས་ནང་ C A འཐོན་པ་ཚོར་བརྒྱ་ཆརྩི་སྟངས་སྐོར་བཀའ་
    འདྲི་ཞུས་ནས་ཐག་གཅོད་དགོས་པ་དང་ད་ཡོད་མང་གཙོའི་ཀ་བ་
    གསུམ་གྱི་འགན་འཁུར་མི་སྣ་ཚོར་བཅའ་ཁྲིམས་ཟིན་བྲིས་ཚོགས་
    ཆུང་གི་ཚོགས་མི་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་
    མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་ཟབ་འཁྲིད་གནང་
    དགོས་པ་དང་དབྱིན་ལན་དོན་གཅོད་དང་སྤྱི་ཟུར་ཕ་ར་སི་བསོད་
    ནམས་མཆོག་ནས་བརྒྱ་ཆ་རྩི་སྟངས་ཐོག་ཟབ་འཁྲིད་གནང་དགོས་
    པ་དེ་བཙན་བྱོལ་མི་མང་རྒྱལ་སྤྱིའི་མདུན་ངོ་ཚ་མི་དགོས་ཞིག་ངེས་པར་
    དུ་བཟོ་དགོས་པ་བཅས་བཙན་བྱོལ་སྤྱི་ཚོགས་ནང་གི་ཨ་ཡོད་ནང་གི་
    ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་མང་གཙོའི་ཀ་བ་གསུམ་ནས་མི་
    མང་མདུམ་ཁྲོམས་བསྟོན་སྟངས་ལ་བལྟས་ན་ཕྱི་ལོ་༢༠༢༡ ལོའི་འོས་
    བསྡུ་ཆེན་མོ་ལ་འགྱུར་བ་ཆེ་ཙམ་འགྲོ་དགོས་པ་ད་ལྟ་ནས་ཆོལ་གསུམ་མི་མང་ནས་བསམ་ཞིབ་གོ་བསྡུར་གནང་དགོས་པ་དེ་འདས་པའི་མང་གཙོའི་ཀ་བ་གསུམ་གྱི་ཕྱག་ལས་གནང་སྟངས་ནས་ང་ཚོར་ངོ་སྤྲད་མ་སོང་ངམ་ཧཧཧ

  6. རྒྱ་མ་ཚང་ནས་ says:
    2019-04-09 at 9:46 am

    གང་ཞིག་རྩ་ཁྲིམས་ཡིན་པ་དང་རྩ་ཁྲིམས་ནི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཁྲིམས་ཆེན་ཡིན་པར་ངོ་འཛིན་དང་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་གནད་དང་མ་གནས་ཀྱི་གལ་ཆེན་རང་ལྡན་པའི་སྒྲིག་ཡིག་ཞིག་ཡིན་་ཙ་ཁྲིམས་ནང་སྐྱབས་བཅོལ་ཁྲོད་ཀྱི་ཆེས་་ཙ་བ་དང་གལ་ཆེ་ཤོས་ཀྱི་ཕྱོགས་གཏན་འབེབས་བྱས་ཡོད་པ་དཔེར་ན་ བོད་མིའི་རྩ་བའི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་དབུས་བོད་མིའི་སྒྲིག་འཛུགད་གྱི་སྒྲིག་གཞི་བཀོད་སྒྲིག་དང་དེའི་ཁྲིམས་འཛུགད་དང་ ༼ཁྲིམས་འཛིན་པ་༽ ་སྲིད་འཛིན་པ་དང་སྐྱབས་བཅོལ་སྤྱི་འབངས་ཀྱི་རྩ་བའི་དབང་ཆ་དང་འོས་འགན་སོགས་གཏན་འབེབས་བྱད་ཡོད་དེ་ན་སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས་ཀྱི་མ་ལགས་ཧྲིལ་པོའི་ནང་རྩ་ཁིམས་ཀྱི་གནས་བབ་མཐོ་བཟུང་དགོས གལ་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་ཞིག་རྩ་ཁྲིམས་ལས་འགལ་ཚེ་དེ་ཕན་ནུས་མེད་་པ་ཤེས་ན་ཨུ་བཙུགས་བྱས་ནས་གང་ཟག་དེ་་བཀའ་བློན་ལ་བཞག་དགོས་པ་རྒྱུ་ཚན་ཡང་མི་འདུག་

  7. སྤྱང་ཤོག says:
    2019-04-09 at 10:32 pm

    ཁྲིམས་ཞིབ་ཁང་གི་རྩ་ཁྲིམས་དང་མཐུན་པའི་ཕྱག་ལས་ཞིག་གནང་ཡོད་ན་དགའ་བསུ་ཞུ། ཡིན་ན་ཡང། ཁྲིམས་ཀྱི་ཚང་མ་ལ་ཁྱབ་དགོས་དུས དབུས་ཙང་གི་སྤྱི་མཐུས་ཟླ་བ་ཚེ་རིང་གི་སྤྱི་རྒྱུ་སྒེར་བདག་བྱས་པའི་རྩོད་གཞི་ཡོད་བཞིན་པ་ཞིག་ སྤྱི་མཐུས་ནང་འགྲོ་ཆོག་པ་རྩ་ཁྲིམས་དོན་ཚན་གང་གི་ནང་ལ་གསལ་ཡོད་་རེད། ཆེད་མཐོའི་ཁྲིམས་ཁང་ལགས།

  8. ཕུན་ཚོགས། says:
    2019-04-10 at 12:06 am

    ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩ་བའི་དོན་ཚན་གཉིས་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཡིག་ཆ་དེར་ཞིབ་ཏུ་བལྟས་པ་ཡིན། ཁྲིམས་ལུགས་དང་གནས་ལུགས་གཉིས་སྐྱ་འཐབ་ནས་སྤྱི་ལྷན་ཚོགས་གཙོའི་འོས་ཐོན་བཀའ་བློན་གྱི་གསལ་བསྒྲགས་ནོར་འཁྲུལ་ཅན་ཡིན་པར་མ་ཟད། རྗེས་ཀྱི་མཇུག་སྡོམ་གཏམ་བཤད་ནང་གི་འདིའི་སྐོར་དང། གསར་འགོད་པ་ཚོར་ལན་འདེབས་ཐེངས་གཉིས་པའི་གསལ་བཤད་དེ་དག་ཀྱང་བཅའ་ཁྲིམས་ལ་འགྲེལ་ལོག་གནང་བ་ཡིན་པ་གསལ་འདོན་བྱས་འདུག ད་བར་དུ་ཚོགས་གཙོ་འདི་ལ་གུས་ཞབས་དང་བརྩི་མཐོང་ཞུས་པ་ཡིན། འགག་ལ་ཐུག་དུས་ཁྲིམས་ལུགས་དང་གནས་ལུགས་ལ་རྩ་འཛིན་མི་བྱེད་པར་གསུང་མོལ་གང་བྱུང་གནང་གི་འདུག་པར་མ་ཟད། ཁྲིམས་ཞིབ་ཁང་ལ་མ་ཉེས་ཁ་གཡོག་གི་རྙོག་གླེང་བཟོ་བཞིན་པ་ནི་ང་ལ་མཚོན་ན་ཡ་མཚན་གྱི་སྣང་བ་ཞིག་ཏུ་གྱུར། སྲིད་སྐྱོང་དང་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་ད་ཐེངས་འོས་ཐོན་པར་ངོས་འཛིན་གནང་རོགས་ཟེར་ནས་ཁྲིམས་ཞིབ་ཁང་བསླུ་བྲིད་བྱེད་ཐབས་གནང་བའི་གནས་ཚུལ་ཡང་གོ་རྒྱུ་འདུག ང་ཚོའི་སྲིད་སྐྱོང་ཁྲིམས་ལ་མཁས་པ་ཞིག་ཡིན་པ་མ་ཡིན་ནམ། ཁྲིམས་ཀྱི་གནད་དོན་རགས་པ་འདི་ཙམ་ཡང་མ་ཤེས་པ་རེད་དམ། མི་གཞིའི་ཐད་ནས་བཤད་ན་འདི་དག་ཡོངས་རྫོགས་ཡིད་རྟོན་བྱེད་རུང་བའི་མི་རེ་མིན་པ་གསལ་པོར་གྱུར་སོང་། འགའ་ཤས་ཀྱིས་ད་དུང་ཡང་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་མེད་པའི་རྙོག་འཛུགས་བྱེད་ཀྱི་འདུག ཁྱེད་ཚོ་ལ་བློ་མིག་དོག་ཙམ་ཞིག་ཡོད་ན་བདེན་རྫུན་གྱི་ཁྱད་པར་ལ་ཅུང་ཟད་ལྟ་ཤེས་ཀྱི་མི་འདུག་གམ། ཐུགས་རྗེ་གཟིགས་ད་ཕྱོགས་འཐེན་གྱི་སྐད་ཆ་རྐྱང་པ་བཤད་མ་འདུག སྤྱི་དོན་ལ་བསམ་བློ་ཕྲན་བུ་གཏོང་རོགས།

  9. སྤར་ཤད། says:
    2019-04-10 at 12:14 am

    ཡོངས་གླིང་སློབ་གྲྭའི་གནད་དོན་ནི་ས་ཁང་བདག་དབང་དང་འབྲེལ་བའི་གནད་དོན་ཡིན་ཞིང་། ས་ཁང་བདག་དབང་དང་འབྲེལ་བའི་གནད་དོན་ཁག་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཁང་མ་གཏོགས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་ཁང་ལ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་མ་རེད། གནད་འདི་ཤེས་དགོས་པ་གནད་འགག་ཅིག་རེད། དེ་མིན་ཁ་ཤས་ཤིག་གིས་ཁྱི་རྒན་གྱིས་ཤེས་ནས་ཟུག་ན། ཁྱི་ཕྲུག་གིས་མ་ཤེས་པར་ཟུག་ཅེས་པའི་དཔེ་བཞིན། ཉ་དང་ཉུང་མ་བསྲེས་ནས་འུར་སྒྲོག་བྱེད་ཀྱིན་པ་ནི་རང་གི་དེ་ཉིད་ཕྱིར་བསྟན་པ་ཙམ་ལས་གཞན་ཅི་ཡང་མིན།

  10. འཚུབ་མ་རྒོད་པོ། says:
    2019-04-10 at 1:35 am

    ཡོངས་གླིང་ཟླ་བ་ཚེ་རིང་གི་ཐོག་ལ་བཀལ་བའི་ནག་ཉེས་དེའི་རྒྱབ་ཏུ་ཇུས་ངན་འཇིགས་སུ་རུང་བ་ཞིག་ཡོད་པ་རེད། དེ་མ་གཏོགས་ཁྲིམས་ཐོག་ནས་ཁོང་ལ་ནག་ཉེས་གང་ཡང་མེད་པར་མ་ཟད་གཞུང་ལ་དབང་བ་ཡོད་ཚད་ཕྱིར་འབུལ་རྒྱུ་ཡིན་པ་སྔ་མོ་ནས་བསྒྲག་ཟིན་པ་རེད། སྤྱི་འཐུས་མགོ་རྨོངས་པ་ཁ་ཤས་ཀྱིས་ཅི་ཡང་མི་ཤེས་པར་རྒྱུན་དུ་གྲོས་ཚོགས་ནང་འདིའི་སྒང་ལ་ཨུ་ཚུགས་རྐྱང་རྐྱང་བྱས་བསྡད་པ་རེད། ནག་ཉེས་ཀྱི་བདེན་དཔང་ཁྱེར་ཤོག་ཟེར་ནས་ཚང་མ་བྲོས་འགྲོ་མཁན་རྐྱང་རྐྱང་རེད།

  11. kongpo Bhu says:
    2019-04-10 at 2:28 am

    ཁྲིམས་བཟོ་དང་ཁྲིམས་འཛིན་གཉིས་ཀྱི་དབང་ཆའི་ས་མཚམས་དང་ངོ་བོ་གླིང་སྐབས་འཇུ་ཆེན་དཀོན་མཆོག་དང་བསྟན་པ་ཡར་འཕེལ་གཉིས་ཀྱི་ཁྱི་རྒན་ཀུ་ཅོ་དེ་དག་འདིའི་ནང་བསྐྱས་བཟློས་བྱས་ནས་གང་ཡོང་།

  12. འབྲོང་བུ་སོག་ཚ། says:
    2019-04-10 at 7:11 pm

    ཚོགས་གཙོའི་ལས་ཀ་ཡག་ཐག་ཆོད་བྱེད་ཀྱི་འདུག རྙོག་གྲ་མ་ཤོད། སྤྱིར་བཏང་ཁོ་པ་རང་མགོ་གཉིས་མ་རེད་མ་གཏོགས་གཞན་གང་ཡང་མ་རེད།

  13. གཡུ་ཐོག་རྒྱལ་པོ། says:
    2019-04-10 at 8:06 pm

    ཁྱད་མཚར་རེད། མང་གཙོའི་ཀ་བ་གཉིས་ཀྱི་རྩོད་གཞིའི་དཀྱིལ་དེར་སླར་ཡང་ཡོང་གླིང་སློབ་གྲ་དྲུད་དགོས་དོན་ཅི་ཡིན་ནམ། དྲང་པོར་བཤད་ན། ཡོང་གླིང་སློབ་གྲའི་གནད་དོན་དེ་ནི། དེ་སྔོན་ནས་གསལ་པོ་ཆགས་ཚོད་ཡིན་ཀྱང་། སྐབས་འཚོལ་བ་འགས་གཟུགས་མེད་གྲིབ་བཟོའི་བྱ་སྤྱོད་ལ་བརྟེན་ནས་གླེང་སློང་བྱེད་བཞིན་ཡོད། འོན་ཀྱང་། གྲུབ་འབྲས་གང་ཡང་གསོན་མེད། དེའི་རྒྱུ་མཚན་ནི་གཞན་གང་ཡ་མིན་པར་ཡོང་གླིང་གི་གནད་དོན་ནི་དོན་མེད་ཀྱི་གནད་དོན་ཞིག་ཏུ་བསྒྱུར་ཐབས་བྱས་པ་ཙམ་ལས་རྒྱུ་མཚན་གང་ཡང་མེད། ཕྱོགས་གཞན་ཞིག་ནས་བདེ་དོན་ཟླ་ཚེའི་ཤུགས་རྐྱེན་དེས་སྐབས་འཚོལ་བ་དེ་ཚོའི་ཁེ་ཕན་ལ་ཐད་ཀར་དོ་ཕོག་གཏོང་གི་ཡོད་ཙང་། དངོས་ཤུགས་ཅི་རིགས་ཐཽག་ནས་ཁོང་ནག་པོ་བཟོ་ཐབས་བྱེད་ཀྱི་ཡོད། མདོར་ནས་བཤད་ན། དེའི་རྒྱབ་ལོགས་ན་ཡོད་པ་ན། ཆབ་སྲིད་ཀྱི་གཡོ་བྱུས་ངན་པ་ཞིག་ཡོད་པ་དེ་རེད།

  14. སྲིན་པོ་རྫ་རྒན says:
    2019-04-10 at 8:10 pm

    ཁྲིམས་ཞིབ་ཁང་གིས། ཁྲིམས་ཀྱི་དོན་ཚན་རེ་རེར་འགྲེལ་བཤད་བྱས་ཡོང་དུས། ད་ནི་རྒོལ་བསམས་ན་རྒོལ་ཡུལ་མི་རྙེད་པའི་ཚད་དུ་སྐྱེལ་འདུག

  15. AྀBHARU JIGWANG says:
    2019-04-10 at 10:16 pm

    ༄༅། ཀླད་སྟོང་འབྲལ་མེད་ཤ་སྟག་བཤད་ཀྱི་འདུག།
    སྤྱི་འཐུས་ཟླ་ཚེའི་སྐོར་འབྲེལ་བ་རྩ་བ་ཆགས་ཀྱི་ཡོད་པ་མ་རེད། སྐད་ཆ་རྙིང་པ་རོ་ལངས་མ་རྒྱག། 

    ངས་བྱས་ན་སྤྱི་ལྷན་ཚོགས་གཙོ་དང། ཁྲིམས་ཞིབ་ཁང་གཉིས་ཀར་ད་ལྟ་དོགས་གཞི་ཡོད་ས་རེད།
    འདི་སྐོར་མང་ཚོགས་ལ་དོགས་པ་གཙང་མ་སེལ་སླད་ཁྲིམས་ལུགས་མཁས་པའི་ཚོགས་ཆུང་
    ངེས་པར་བཙུགས་ནས་དཔྱད་ཞིབ་གནང་དགོས་གལ་ཆེ་སྙམ།
    སྐད་ཆ་ཡར་བཤད་མར་བཤད་ཀྱི་དོན་རྙིང་གང་ཡང་མི་འདུག།

  16. ཀརྡོ་རབ་འབྱམས་པ་ says:
    2019-04-11 at 1:03 am

    ད་ཁྱོད། རང་ཤི་རྒྱོབས།
    ་
    ཤོད་དགོས་ཡ་ཞི་ཅིན་ཕིན་དང་། རྒྱ་གཞུང་སྡུག་རྩུབ་སྐོར་ལ་སྐྱོན་བརྗོད་མ་བྱས་པར། དྷ་སའི་རང་གི་སྒྲིག་འཛུགས་སྐོར་ལ། ་་་་་་་་ ཧཧཧཧ།། །།

  17. རྟ་བདུན་དབང་བོ says:
    2019-04-11 at 1:08 am

    ཚོགས་གཙོས་རྫུན་བཤད་ཟེར་ན་འགྲིག་གི་མི་འདུག་སྙམ། གཅིག་བྱས་ན་ཚོགས་གཙོ་མཆོག་ཁྲིམས་ལུགས་ལ་ཧ་ཅང་རྒྱུས་མེད་པ་ཡིན་ཤས་ཆེ། །

  18. འཚུབ་མ་རྒོད་པོ། says:
    2019-04-11 at 1:49 am

    གནད་དོན་འདི་ནི་ཁྲིམས་ཁང་གིས་རྩ་ཁྲིམས་གཞི་རྩར་བཟུང་ནས་ཞིབ་ཆ་བྱས་བཞག་པ་དེ་ལས་ལྷག་ཅིག་ཡོད་རྒྱུ་མ་རེད། རང་དབང་ཅན་གྱི་སྡེ་ཚན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཁྲིམས་ཡིག་གི་ཞིབ་ཆ་སྣང་མེད་དུ་བཏང་ན་འགྲིག་ཐབས་མེད་པར་མ་ཟད་ལུགས་སྲོལ་ལ་ཁ་གཡར་ནས་རྩ་ཁྲིམས་ཀྱི་འབྲུ་དོན་རྩིས་མེད་དུ་བཏང་ན་དེ་བས་ཀྱང་འགྲིག་ཐབས་མེད། མ་མཐའ་ཡང་ལས་སྣེའི་དམ་འབུལ་སྐབས་རྩ་ཁྲིམས་རིན་པོ་ཆེར་ལག་པ་འཆང་ནས་ཁས་ལེན་བྱས་པ་འདིའི་དགོས་དམིགས་ཀྱི་དོན་གནད་ཤེས་དགོས། རྩ་ཁྲིམས་ཀྱི་གོང་ན་སུ་ཡང་མེད་པ་དེ་ཡང་ཤེས་དགོས། དེ་ཤེས་ན་རྙོག་གླེང་མང་པོ་ཞིག་མཚོ་ལ་འཁྱག་པ་ཞི་བ་ལྟར་ངང་ངམ་ཤུགས་ཀྱིས་འཇག་པར་འགྱུར་རོ།

  19. ཨ་ཤོ་ཀ says:
    2019-04-11 at 3:35 am

    ཉེ་ཆར་ང་ཐེ་ལེནཌ་དུ་ཕྱིན་པ་ཡིན་མ་ཟད་མཐོ་སློབ་སླིབ་དཔོན་ཞིག་གསུངས་དོན་ཁང་འབྲུག་ལ་འགྲོ་མ་མྱོང་འགྲོ་བསམ་བཞིན་ཟེར། གང་ཡིན་ཟེར་ན་འབྲུག་པའི་མི་ཚོས་ཤིན་ཏུ་ཡག་པོ་ཡོད། ཁོང་ཚོ་ནི་བྱམས་བརྩེ་དང་། ཡ་རབ་སྤྱོད་བཟང་ཅན་རེད་ཟེཏ་ཀྱིས་འདུག་ཟེར། ཡིན་ནའང་འབྲུག་ལ་༧ གོང་ས་མཆོག་ལྟ་བུ་དབུ་ཁྲིད་མེད་ནའང་ད་དུང་ལུང་པའི་མི་ཚོ་ཡག་པོ་འདུག་ཟེར། བོད་པ་ཚོས་༧ གོང་ས་མཆོག་ཧ་ལས་ོ་ཞི་བདེའི་དེད་དཔིན་རེད་ཀྱང་བོད་པ་ཁོ་རང་ཚོ་ལ་ཡ་རབ་སྤྱོད་བཟང་ཉམས་ལེན་མི་འདུག་ ངས་དྲི་བ་གཅིག་བཏང་ཡིན་་་བོད་པ་ཡ་རབསྤྱོད་བཟང་མེད་པ་གང་འདྲ་མཁྱེན་སོང་ངམ་དྲིས་པས། ཁྱོད་རང་ཡུ་ཊུབ་ལ་ལྟོས་དང་བོད་པ་ཚོ་ནི་ཧཅིག་གི་གཅིག་ལ་བྱམས་དག་སྙིང་རྗེ་མེད་གསལ་པོ་ཧ་གོ་གིས་འདུག་ཟེར། འབྲུག་པ་ཚོས་རང་བཙན་རྒྱལ་ཁབ་གཅིག་རེད། མང་གཙོ་ལམ་ལུགས་རེད་དེ་། གཅིག་གི་གཅིག་བསམ་ངན་དང་དམའ་འབེབ་ཟུར་ཡཅིག་མཐོང་ཡག་མི་འདུག་ཟེར། བྱས་དུས་ང་ཚོ་འབྲུག་པའི་མི་ལ་དགའ་བོ་ཡོད་ཟེར།

  20. ཨ་ཤོ་ཀ says:
    2019-04-11 at 3:43 am

    ཉེ་ཆར་ང་ཐེ་ལེནཌ་དུ་ཕྱིན་པ་ཡིན་མ་ཟད་མཐོ་སློབ་སློབ་དཔོན་ཞིག་གིས་གསུངས་དོན་ཁོང་འབྲུག་ལ་འགྲོ་མ་མྱོང་ཏེ་འགྲོ་བསམ་བཞིན་ཟེར། གང་ཡིན་ཟེར་ན་འབྲུག་པའི་མི་ཚོས་ཤིན་ཏུ་ཡག་པོ་ཡོད་རེད་གོ་སོང་ཟེར། ཁོང་ཚོ་ནི་བྱམས་བརྩེ་དང་། ཡ་རབ་སྤྱོད་བཟང་ཅན་རེད་ཟེར་ཀྱིས་འདུག་ཟེར། ཡིན་ནའང་འབྲུག་ལ་༧ གོང་ས་མཆོག་ལྟ་བུ་དབུ་ཁྲིད་མེད་ནའང་ད་དུང་ལུང་པའི་མི་ཚོ་ཡག་པོ་ཡོད་ས་རེད་ཟེར། བོད་པ་ཚོ་ལ་༧ གོང་ས་མཆོག་ནི་ཞི་བདེའི་དེད་དཔོན་རེད་ཀྱང་བོད་པ་ཁོ་རང་ཚོ་ལ་ཡ་རབ་སྤྱོད་བཟང་ཉམས་ལེན་མི་འདུག་ ངས་དྲི་བ་གཅིག་བཏང་ཡིན་་་བོད་པ་ཡ་རབསྤྱོད་བཟང་མེད་པ་གང་འདྲ་མཁྱེན་སོང་ངམ་དྲིས་པས། ཁྱོད་རང་ཡུ་ཊུབ་ལ་ལྟོས་དང་བོད་པ་ཚོ་ནི་གཅིག་གི་གཅིག་ལ་བྱམས་དང་སྙིང་རྗེ་མེད་པ་གསལ་པོ་ཧ་གོ་གིས་འདུག་ཟེར། འབྲུག་པ་ཚོས་རང་བཙན་རྒྱལ་ཁབ་གཅིག་རེད། མང་གཙོ་ལམ་ལུགས་རེད་དེ། གཅིག་གི་གཅིག་ལ་བསམ་ངན་དང་དམའ་འབེབ་ཟུར་གཅིག་མཐོང་ཡག་མི་འདུག་ཟེར། བྱས་དུས་ང་ཚོ་འབྲུག་པའི་མི་ལ་དགའ་བོ་ཡོད་ཟེར། ཁིང་ནང་ཆོས་དགའ་བཞིན་ཡོད། ༧ གོང་ས་མཆོག་སྐོར་ཁོང་ཡུ་ཊུབ་ནས་གསུངས་མང་ཉན་བཞིན་ཡོད་ཟེར། སྐབས་དེ་མཉམ་དུ་བོད་པས
    འཁྲུགས་རྩོད་དམའ་འབེབ་བྱེད་མང་པོ་མཐོང་སོང་ཟེར། བོད་པའི་གླུ་གཞས་ལའང་དགའ་བོ་ཟེར། ཁོ་རང་བོད་སྐད་ཡག་པོ་མཁྱེན་འདུག་བལ་ཡུལ་ནས་ལོ་གཉིས་ཙམ་བོད་སྐད་སྦྱང་ཡིན་ཟེར།

  21. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-11 at 7:06 am

    འབྲུག་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ཙང་ཁྲིམས་ཡོད་པ་དང་
    ཁྲིམས་ལ་ཡུལ་མིའི་རྩི་བཀུར་ཞུ་གི་ཡོད་པའི་རྟགས་རེད་བཙན་བྱོལ་བོད་མི་ཚོ་ལུང་པ་མེད་པའི་བཙན་བྱོལ་སྒྲིག་འཛུགས་མི་ཡུལ་དུ་རང་དབང་ཆེ་དྲག་པའི་འོག་ཉལ་ས་བྱུང་ན་ཀྱོང་ས་དགོས་ཟེར་བའི་དཔེ་
    ལྟར་མ་རེད་དམ།

  22. འབྲོང་བུ་སོག་ཚ། says:
    2019-04-11 at 5:21 pm

    བཙན་བྱོལ་བའི་སྒྲིག་འཛུགས་དེ་སྤྱི་འཐུས་ལྷན་ཚོགས་ནས་གསར་བསྐྲུན་བྱས། ཡང་སྒྲིག་འཛུགས་དེ་མི་ཆེན་ཚོས་མར་ཤིག །གང་ལྟར་བལྟ་ཉེན་འདི་ཉེན་གང་ཡང་ཡོད་མ་རེད།

  23. སྲིན་པོ་རྫ་རྒན says:
    2019-04-11 at 7:13 pm

    སྤྱི་འཐུས་ཚོགས་གཙོས་བཤད་པའི་སྐད་ཆའི་ཁ་བ་ཚང་མ་ཁྲིམས་ཞིབ་ཁང་གི་བརྗོད་ཀྱི་རྒྱ་མཚོའི་རྦ་རླབས་ནང་ལ་འབབ་བཞིན་ཆ་འདུག

  24. kongpo Bhu says:
    2019-04-11 at 11:25 pm

    སྤྱི་འཐུས་ཚོགས་གཙོས་བཤད་པའི་སྐད་ཆ་དེ་དག་ལ་གཞི་འཛིན་མི་གདའ།

  25. ཨ་ཤོ་ཀ says:
    2019-04-12 at 1:44 am

    སྤྱི་འཐུས་ཚོགས་གཙོའི་བཀའ་མོལ་དྲང་པོ་གསུངས་སོང་། མི་བཞི་བཅུ་ནང་༢༡ དེ་ནི་བརྒྱ་ཆ་བགོས་ན་༥༡ ནང་བསླེབས་གཞིར་བཞག་རེད། ཡིན་ནའང་ཁྲིམས་རྩོད་པ་མི་དེ་ནས་བོད་ནས་གསར་འགྱུར་ཡིན་པས་རྒྱ་དམར་གྱི་སློབ་གྲཱའི་འགྲོ་ལུགས་ཏིན་སྲིད་རེད། ཡང་ན་ཁོ་པ་ཨ་མདོ་ལ་དགའ་ཞེན་ཡོད་སྲིད་པ་རེད། བཀའ་བློན་འདེམ་བྱ་ནི་དབུས་གཙང་རེད། ཐག་གཅོད་ོ་ཚོགས་གཙོ་དབུས་གཙང་རེད། ཟུར་ལྟ་ན་ལེབ་ཧ་གོ་བ་བཞིན་མིན་འགྲོ་བསམ། མ་གཞི་མི་དེ་ཚོ་བཟོ་ལྟ་མེད། ཤར་ཁུག་ལ་ལྟོས་དང་་་་སོ་སོས་ཨ་ཅག་ལ་ལ་ཞོན་མཁན་ཡིན་འདུགཧཧཧཧཧ

  26. སྤར་ཤད། says:
    2019-04-12 at 6:14 am

    སོ་སོའི་ཨ་ཅག་འདྲ་བོའམ། སོ་སོའི་ཨ་མ་འདྲ་བོར་ཞོན་མཁན་བློ་བཟང་སངས་རྒྱས་རེད། ཨ་ཅག་རྒྱ་རི་སྒྲོལ་མ། ཨོ་མ་རེད། ཨ་མ་རྒྱ་རི་སྒྲོལ་མར་ཞོན་ནས་སྐད་གྲགས་ཆགས་སོང་མོད།

  27. རྒྱ་མ་ཚང་ says:
    2019-04-12 at 8:16 am

    ཁ་བརྡ་དྲ་དཔོན་ལགས་ ཁ་བརྡ་དྲ་བའི་རྩ་འཛིན་ལགས་བསྟར་གནང་བའི་རེ་བ་ཞུ་རྒྱུ་ཡིན་

  28. ཇ་མ་ says:
    2019-04-12 at 10:31 pm

    གང་བདེན་པ་ཡིན་ནམ་མི་ཤེས། སློབ་བཟང་སངས་རྒྱས་ལ་ཁུར་ཡོང་རྒྱུ་ཞིག་ཡོད་དུས་དོགས་པ་ཟ་དགོས་ངེས་ཡིན།

  29. ཀརྡོ་རབ་འབྱམས་པ་ says:
    2019-04-12 at 11:57 pm

    ་་་་་་་་ #26 སྤར་ཤད། ་ལགས་ཀྱིས་སྤེལ་དོན།:
    April 12th, 2019 at 6:14 am
    སོ་སོའི་ཨ་ཅག་འདྲ་བོའམ། སོ་སོའི་ཨ་མ་འདྲ་བོར་ཞོན་མཁན་བློ་བཟང་སངས་རྒྱས་རེད། ཨ་ཅག་རྒྱ་རི་སྒྲོལ་མ། ཨོ་མ་རེད། ཨ་མ་རྒྱ་རི་སྒྲོལ་མར་ཞོན་ནས་སྐད་གྲགས་ཆགས་སོང་མོད། ་་་་་་་་་་་ ཟེར།
    ་
    སྦར་ཤད་ལགས། འདི་ཚོ་བདེན་པ་རེད་པེ། ཡང་ན། ཕྲག་དོག་གིས་བཅོས་སྒྲུང་བྱས་པ་མ་རེད་པེ། ལགས།

  30. ལྷག་པ། says:
    2019-04-13 at 7:55 pm

    ཀ་རྡོ་ལགས། དེ་རྩད་གཅོད་གནང་ནས་ག་རེ་བྱེད། རྒྱ་རི་སྒྲོལ་མར་བཞོན་མི་ཆོག་པ་ག་རེ་ཡོད། ཧ་ལས་ཧང་སངས་དགོས་པའི་ལས་ཀ་གང་ཡང་མ་རེད། རྒྱ་རི་སྒྲོལ་མར་བཞོན་མཁན་བློ་སེང་གཅིག་པུ་མ་རེད། པདྨ་ཆོས་འབྱོར་ཡང་རེད།

  31. ཨ་ཤོ་ཀ says:
    2019-04-14 at 1:53 am

    ཀརྡོ་ཁོ་རང་ལ་ཞོན་ཡག་མི་རག་མ་ཟད་དྲི་སྣུམ་ཡག་རག་གི་མེད་པས་་་ཀརྡོ་ནི་ཀརྡོ་རང་རེད། ཧཧཧཧཧ་

  32. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-14 at 2:25 am

    རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་བ་རེད་ད་བཙན་བྱོལ་
    ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་མང་ནས་ཕྱི་ལོ་༢༠༢༡
    ལོའི་སྲིད་སྤྱིའི་འོས་བསྡུ་ལ་ད་ལྟ་ནས་མི་འགྲོ་སྒྲ་སྒྲིག་གནང་
    རྒྱུ་དེ་འདས་པའི་ལོ་རྒྱུས་ནས་བསླབས་བྱ་བླངས་སྟེ་མ་འོངས་
    མདུན་ལམ་ལ་གསལ་ཁ་གཏོད་རྒྱུ་དེ་མང་གཙོའི་འགན་དབང་
    ལ་ངོས་འཛིན་ཞུ་གི་ཡོད།

  33. AྀBHARU JIGWANG says:
    2019-04-16 at 10:57 pm

    རྟ་སྔོན་ལོར་རྒྱུགས་ནས་། ཐལ་ཚུབ་འདི་ལོ་ལངས་པའི་དཔེ་ལྟར་རེད་འདུག་
    ཨ་མས་འོ་མ་དངོས་ནས་བཏུང་ཡོད་ན། དྲ་རྒྱའི་ནང་མིང་རྫུན་མ་མ་བཞག་པར་དངོས་
    མིང་བཞག་ནས་སྤྱི་ཚོགས་ནང་མར་འདོན་ནས་ར་འཕྲོད་དང་བཅས་ཤོད་དང།
    དེ་མིན་རྒྱབ་ལོག་ཏུ་ཁ་བདེ་བོ་བྱེད་ན་ཉིན་གཅིག་མེས་འཚིག་ཡོང།
    སྲིད་སྐྱོང་ལ་གང་བྱུང་མང་བྱུང་བཤད་མཁན་དེ་ཚོ་ཨ་ཞང་དམར་པོའི་རྔན་པ་ནག་པོ་
    རག་གི་ཡོད་པ་མིན་ནམ།
    བོད་ཀྱི་གཏམ་དཔེར། ཡང་ན་ཞག་གསུམ་གཤིབ་ནས་ཤེས། ཡང་ན་ཧྲུག་སེ་ལྟས་ན་
    ཤེས་པ་ལྟར་རོ།

  34. ཀརྡོ་རབ་འབྱམས་པ་ says:
    2019-04-16 at 11:53 pm

    སྤོ་ཕོ་དང་རྨོ་མོ། ཨ་ཕ་དང་ཨ་མ། རྒྱ་རི་སྒྲོལ་མ་དང་བློ་སེང་གི་རང་གཤིས་དང་། སྤྱོད་ལམ་སྐོར་ལ་བཤད་ཡ་བཞག་ནས་བསམ་རྒྱུ་ཡང་ཡོད་མ་རེད།
    འོ་ན།
    ཡག་ག ག་རེ་སྐོར་ལ་བསམ་དགོས་རེད། ག་རེ་སྐོར་ལ་ཤོད་དགོས་རེད་ཟེརན། ཁོང་ཚོའི་ཆོས་དད། ཁོང་ཚོའི་ཟེས་ཡོན། ཁོང་ཚོའི་ལ་རྒྱ། ཁོང་ཚོའི་འཇོན་ཐང་། ཁོང་ཚོའི་ལག་རྗེས། ཁོང་ཚོའི་སྤྱི་སེམས་སྐོར་བསམ་ཕོད་པ་ཙམ་མ་ཟད་ཤོད་ཐུབ་པ་ཡང་དགོས་རེད།
    སྡུག་ག ད་དུང་ཁོང་ཚོའི་ཆོས་བརྒྱུད་དང་ལུང་ཚན་གྱི་ཐེན་འཁྱེར། ཤེས་ཡོན་མེད་སྟངས། ལ་རྒྱ་མེད་སྟངས། སྤྱི་སེམས་མེད་སྟངས། དྲང་བདེན་མེད་སྟངས། ཧམ་པ་ཡོད་སྟངས། ལྐོག་ཟ་རུལ་སུངས་བྱ་སྟངས་སོགས་ཤོད་དགོས་པ་ལས།
    དེ་མིན། ཁོ་མོ་ལ་སེམས་པ་ཤོར་ཞག ཁོས་མོ་ལ་བཙན་གཡེམ་བཏང་ཞག མོས་ཕོ་གཞན་དང་མཉམ་དུ་ཉལ་ཤག ཁོས་གཞང་ཁང་ལ་ཕྱིན་ཤག ལབ་བསྡད་ན། ལབ་མཁན་ཁ་ན་རོག་རེད་མ་གཏོགས། ཉན་མཁན་བགད་མོ་ཤོར་ཙམ་བྱས་པ་ལས་གང་ཡང་ཕན་གནོད་མེད། གད་མོ་དེ་ཡང་ཤོད་མཁན་དང་། བྱེད་མཁན་སུ་ལ་ཤོརའོངས་དེ་ཡང་ཆ་འཚལ་བ་རེད་དོ། གྲ་གྲོགས་ཚོ།
    ལྷག་པར་འདིའི་རིགས་དྲ་རྒྱ་དང། བརྣ་འཕྲིན་ནང་འཁོད་མི་རིགས་ཏེ། ཉིན་གཅིག་ཁོང་ཚོས་ལབ་མཁན་ནམ། བསྙོན་འཛུགས་བྱེད་མཁན་ལ་ཁྲིམས་གཏུགས་བྱས་ན། དཔང་རྟགས་སྟོན་རྒྱུ་མེད་པས། མགོ་ལས་རྨ་ཆེ་བ་འོངས་མི་སྲིད་པ་མ་རེད་དོ། འདི་ཡང་ཀརྡོ་རྒད་པོས་རྙིང་གཏམ་ཐལ་བའོ།། །།

  35. AྀBHARU JIGWANG says:
    2019-04-19 at 3:39 pm

    འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ། དགེ་བ་མེད་ཀྱང་སྡིག་པ་ཡོད་མ་ཡིན
    སོ་སོའི་མ་འཇོན་གཞན་ལ་སྐྱོན་འདོན་དེ། རྨྲ་ཤེས་དོན་གོའི་མཚན་ཉིད་མི་ཚང་ངོ།
    དངོས་ར་ཁུངས་སྐྱེལ་མེད་པའི་རྒྱབ་གཏམ་དེ། ངོ་ཚ་རྐུ་མ་མིན་ན་གང་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme