Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(12)

Posted on 2019-02-272019-03-03 By ཁ་བརྡ No Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(12)

རོང་པོ་བློ་བཟང་རིན་ཆེན།
 
ཉིན་ཤས་རིང་ <<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན>>ཞེས་པའི་དཔེ་དེབ་འདི་ཉིད་སྔར་གྱི་འཕྲོ་ནས་ཀློག་རྒྱུ་དང་བཀླགས་བྱང་འབྲི་རྒྱུའི་ཁོམ་ལོང་མ་བྱུང་། རེད་དེ་དེ་རིང་ཞོགས་པའི་བསིལ་རླུང་འཇམ་པོ་གདོང་ལ་ཕོག་པའི་བདེ་ཚོར་ལ་རོལ་བཞིན་<<རུས་སྡེ་གྲུབ་ཚུལ་>>ཞེས་པའི་ཚན་པ་འདི་སྔར་བཞིན་བཀླགས།

ང་ཚོས་མིག་སྔར་མཐོང་བཞིན་པའི་གླང་ཆེན་དང་། ཤ་བ། སྤྲེའུ་སོགས་ཁོ་ཚོ་ཚང་མས་རུ་དཔུང་བསྒྲིགས་ཏེ་རང་ཉིད་སྲུང་་སྐྱོབ་བམ། ཚོགས་པ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཞིན་གནའ་བོའི་ཤེས་རིག་གི་ཁྲོད་ནས་ཆེས་ཐོག་མར་མདུན་བསྐྱོད་བྱེད་མཁན་གྱི་མི་ཚོས་དཔུང་བསྒྲིགས་ཏེ་ཚོ་ཁག་བཟོས་པ་དེ་ལ་“རུས་སྡེ་”འབོད་སྲོལ་ཆགས་ཤིང་། ཁོ་ཚོས་མཉམ་ལས་ཀྱི་བྱ་བའི་འགོ་ཡང་དེ་ནས་བརྩམས་པ་ཡིན་འདུག

ང་ཚོས་ཅི་ཙམ་ཁོ་ཚོ་དང་ང་ཚོ། མི་དཀར་དང་མི་ནག ཤར་ཕྱོགས་པ་དང་ནུབ་ཕྱོགས་པ་སོགས་ཟེར་ནས་དབྱེ་འབྱེད་བྱས་རུང་། རྩ་བའི་ཁྱིམ་རྒྱུད་ཆེན་མོ་གཅིག་ལས་མཆེད་པའི་སྤུན་ཟླ་མིང་སྲིང་ཡིན་པའི་དྲན་སྐུལ་དང་གསལ་འདེབས་ནི་དཔེ་དེབ་འདི་ལས་ཡང་ཡང་བགྱིད་བཞིན་འདུག སྤྱིར་རུས་སྡེ་མ་གྲུབ་པའི་ཡར་སྔོན་དུ་འགྲོ་བ་མི་ནི་གླང་ཆེན་དང་སེང་གེ་སོགས། སེམས་ཅན་གཞན་ལས་སྟོབས་ཞན་ཞིང་། ཉམས་ཆུང་བ་ཞིག་ཡིན་དུས། རྒྱུན་དུ་སེམས་ཅན་གཞན་གྱི་གནོད་འཚེ་ལ་འཇིགས་ཤིང་སྔངས་སྐྲག་དང་དོགས་ཟོན་ཁྲོད་ནས་འཚོ་བ་སྐྱེལ་དགོས། མ་ཟད་རང་བྱུང་ཁམས་ཀྱང་ཁོ་ཚོའི་དགྲ་བོ་བཞིན་ས་འགུལ་དང། སྤྲིན་གསེབ་ནས་དྲག་ཆར་སོགས་བབས་པ་སོགས་ཀྱིས་སྡུག་ལ་སྦྱོར་བཞིན་ཡོད། ཁོང་ཚོ་བླང་དོར་གྱི་གནས་ལ་ཧ་ཅང་རྨོངས་པའི་དབང་གིས་སྤྲིན་གསེབ་ནས་སེར་དྲག་བབས་པ་དེ་ཡང་། རང་ཉིད་ནང་བཞིན་ཁ་ཟས་མཁོ་བའི་ལྷ་ཞིག་སྤྲིན་གསེབ་ལ་གནས་ཏེ་ཁ་ཟས་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་ཚོར་ནས། སེམས་ཅན་གཞན་བསད་པའི་ཤ་ཁྲག་སོགས་ས་གནས་ག་གེ་མོ་ཞིག་ལ་ལྷའི་ཞལ་ཟས་ཀྱི་ཆེད་དུ་ཕུལ། ཁོང་ཚོས་དེ་ལ་བརྟེན་ནས་ས་འགུལ་དང་དྲག་ཆར་སོགས་འགོག་ཐུབ་པའི་ཚོག་དཔག་བྱས་པ་ཡིན་འདུག

རྩོམ་ཡིག་འདི་ལ་བརྟེན་ནས་ད་ལྟའི་ཆོས་ལུགས་གཞན་གྱིས་སེམས་ཅན་འབུམ་ཕྲག་རེ་བསད་ནས་མཆོད་འབུལ་བྱེད་ལུགས་དེའང་། གོང་བཞིན་རྨོངས་དད་ཅིག་གི་དབང་གིས་བྱུང་བ་ཐག་ཆོད་པ་ཞིག་མ་རེད་དམ། མ་ཟད་རང་ཉིད་ལ་ཁ་ལས་དགེ་ཕྱིར་རླུང་རྟ་མཆོད་པ་དང་། གཏེར་བུམ་མཚོ་ལ་གཡུགས་པ་སོགས་དེ་ལྟ་བའི་རྨོངས་དད་ཅིག་ལས་བྱུང་བ་མིན་པའི་ངེས་པ་ཡེ་ནས་མི་འདུག

2019/2/26་ལ་རང་ཤག་ཏུ་བྲིས།

སྣ་ཚོགས།

Post navigation

Previous Post: ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་འགོ་མཇུག་གི་མཛད་སྒོར་མཁས་པའི་ལམ་སྟོན་གསུང་བཤད་གནང་བའི་ལྟ་གྲུབ་ཀྱི་འགལ་འདུ་དང་བོད་ཀྱི་མ་འོངས་པ་གླེང་བ།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (13) 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme