Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡག་རྒོད་འཆི་བ་ནི་བོད་པ་འཆི་བ་ཡིན།

Posted on 2019-02-122019-02-13 By ཡེ་ཤེས་ 7 Comments on གཡག་རྒོད་འཆི་བ་ནི་བོད་པ་འཆི་བ་ཡིན།

ཀླུ་སྨྱོན།

སྲིད་པ་ས་ལ་ཆགས་ནས་བཟུང་།
བོད་ཁམས་འབྲོང་རྒོད་ཀྱིས་བཟུང་ཟིན།
དེ་དུས།
འབྲོང་རྭ་སྨུག་པོའི་འོད་སྣང་གིས་ནམ་མཁའ་དྭངས་ཤིང་གཙང་།
འབྲོང་གཡག་དར་མའི་ངར་སྐད་ཀྱིས་རི་ཀླུང་ཟིལ་གྱིས་མནན།
བོད་མིའི་ཤེས་རབ་དང་སྤོབས་པ་ཁོ་ནས།
འབྲོང་རྒོད་རེ་རེ་བཞིན་གཡུང་ལ་ཕབ་སྟེ།
བོད་མགོ་ནག་གི་འཚོ་རྟེན་ཉག་གཅིག་ཏུ་གྱུར།

དེ་ནི་ཆེས་དཀར་ཞིང་གཙང་བའི་ཁ་བ་ཞུ་སྟངས་ཤིག་ཀྱང་ཡིན་པ་སྟེ།
མཐའ་ཀླས་པའི་ནམ་མཁའ་ནས་ས་ཆེན་པོའི་དཀྱིལ་འཁོར་དུ་བབས་ཤིང་།
མཛེས་སྡུག་དང་ཞི་དུལ་ངང་དྭངས་གཙང་གི་མཚེའུ་དང་གཙང་པོར་གྱུར།
དུས་ཚོད་གང་མང་ཞིག་བརྒྱུད་རྗེས།
འབྲོང་རྒོད་ཚོའི་མིང་ལ་ལྷ་གཡག་ཅེས་བཏགས་ཤིང་།
བོད་མགོ་ནག་གི་ཆེས་སྙིང་ཉེ་བའི་གྲོགས་པོར་གྱུར།
མགོ་སྦྲ་སྨུག་པོ་དང་རྐང་མགོའི་ཀོ་ལྷམ།
སྒྲོ་བ་སྣ་ཚོགས་དང་མཚན་མོའི་མེ་ལྕེ།
ཐབ་ཀའི་ལྕི་བ་དང་འགྲུལ་བཞུད་ཀྱི་ཟིན་ཐོ་རིང་མོ།
ཡོད་ཚད་ལྷ་གཡག་ཚོའི་འཚོ་གནས་དང་བློས་གཏོང་ཁོ་ནས་གནངས་པ་ལགས།
ཁ་བ་བབས་བྱུང་།
ཐོག་མར་མཛེས་སྡུག་གིས་བབས།
བར་དུ་ཞི་འཇགས་ཀྱིས་བབས།
མཐའ་མར་གདུག་རྩུབ་ཀྱིས་བབས།
སོར་གང་ནས་སོར་ལྔ། སོར་ལྔ་ནས་སོར་བཅོ་ལྔ།
གནམ་ས་བར་སྣང་མེད་པར་བབས་བྱུང་།
ཉིན་མཚན་ཁོར་ཡུག་མེད་པར་བབས་བྱུང་།
ཐོག་མར་གཡག་རྒོད་ཚོའི་རྨིག་པ་གངས་ནང་དུ་ནུབ།
བར་དུ་དབོ་རྩིད་གངས་ནང་དུ་ནུབ།
མཐའ་མར་རྭ་རྩེ ཡང་གངས་ནང་དུ་ནུབ་མགོ་བརྩམས།
དཀོན་མཆོག་ཅེས་པ་ཞིག་མི་མངོན་དབྱིངས་ན་བཞུགས་མེད།
འབྲོག་པ་ཚོའི་དཀོན་མཆོག་ནི་གཡག་རྒོད་འདི་ཚོ་མིན་ནམ།
དཀོན་མཆོག་སྐུ་ངལ་དང་འཕྲད་བྱུང་།
དཀོན་མཆོག་གངས་ཁྲོད་དུ་འདར་བྱུང་།
དཀོན་མཆོག་གྲང་ངར་དང་བཀྲེས་ལྟོགས་ཀྱིས་གཟིར་བྱུང་།
ད་གཟོད། གཡག་རྒོད་འཆི་བ་དང་བོད་ཀྱི་དཀོན་མཆོག་འཆི་བ་ལ་ཁྱད་པར་མེད་པའི་ངེས་ཤེས་རྙེད་བྱུང་།
འབྲོག་པ་ཚོ།
རྩྭ་སྐྱ་རྐང་ཐུར་གཅིག་ཀྱང་ཁ་ནང་ལ་ཡོང་གི་མེད་པའི།
གཡག་རྒོད་འདི་ཚོ་འཆི་གི་མ་འཇུག
གངས་རླུང་དྲག་ཏུ་གཡུགས་པའི་དགུན་ས་འདི་ནས།
ཁྱོད་ཚོས་སྲོག་འབེན་ལ་བཙུགས་ནས་ལྷ་གཡག་འདི་ཚོ་འཆི་གི་མ་འཇུག་ཡ།
ཕ་ས་ཕ་ཡུལ་ཟེར་བའི་རྩ་ཆེན་འདི་ན།
ང་ཚོར་ཁ་མི་གྲགས་པའི་གཡུང་དྲུང་གི་དཀོན་མཆོག་སྟེ།
གཡག་རྒོད་འདི་ཚོ་ལས་གཞན་པའི་རྩ་ཆེན་གོང་ཆེན་ཞིག་གང་ན་ཡོད།

སྙན་ངག

Post navigation

Previous Post: གོང་ས་མཆོག་གི་ལེཊ་འགྲུབ་ཡོང་བར་བྱེད་པའི་སྒྲིག་ལམ་བཅུ།
Next Post: ལ་རྩེ་ལ་དཔེ་དེབ་གསར་པ་དབུ་འབྱེད། ལྷ་སའི་ཁང་པ། The Lhasa House: Typology of An Endangered Species

Comments (7) on “གཡག་རྒོད་འཆི་བ་ནི་བོད་པ་འཆི་བ་ཡིན།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-02-13 at 5:04 am

    ཕྱི་ལོ་༡༩༢༧ ལོར་སྟོད་མངའ་རིས་ས་ཁུལ་དུ་མེ་ཡོས་གངས་རག་རྒྱབ་ནས་མི་ཟོག་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་ནས་ད་ལྟའི་ས་ཕག་གངས་རག་འདིའི་མི་ཟོག་གཉིས་ལ་གནོད་སྐྱོན་ཚབ་ཆེན་བཟོས་པ་ལ་ང་ཚོ་བོད་རིགས་ཚང་མས་གདུང་སེམས་མཉམ་སྐྱེད་ཞུ་དགོས།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་ཧུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧྲི།

  2. འབྲོང་གི་བུ་བརྒྱུང། says:
    2019-02-13 at 11:28 am

    འབྲོང་པའི་མིང་ཅན་གྱི་བོད་ཡུལ་ན་ལུང་པ་མང་པོ་འདུག ཡུལ་ཤུལ་རྫ་སྟོད་ཁུལ་དུ་འབྲོང་པ་སྟོད་སྨད་བར་གསུམ་དང་། འབའ་ཐང་ཁུལ་དུ་འབྲོང་པ་ཟེར་བ་ཞིག་ཡོད་སྐད། མངའ་རིས་གངས་ཏི་སེ་ཉེ་འགྲམ་འབྲོང་པ་ཚོ་གསུམ་དང་། མངའ་རིས་ཤར་ཁུལ་དུ་འབྲོང་པ་ཚོ་དགུ། ༼ ད་ལྟ་རྒྱ་མིའི་མང་ཆེ་བ་གཞིས་རྩེ་ཁུལ་དུ་བཅུག་ནས་འབྲོང་པ་རྫོང་ཟེར་འདུག༽ དེ་ལ་སོགས་པ་འབྲོང་་གི་བརྒྱུད་ལ་དང་འབྲོང་གི་རིགས་སོགས་ངག་རྒྱུན་སྒྲུང་མང་པོ་བཤད་རྒྱུ་འདུག

  3. རྟ་བདུན་དབང་བོ says:
    2019-02-13 at 1:53 pm

    འབུ་ཆུང་ཕལ་མོ་ཆེ་ཞིག་གིས་རང་ཉིད་འཚོ་བའི་ཆེད་དུ་ཟ་མ་བསོག་འཇོག་བྱེད་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་དུད་འགྲོ་ཆེན་པོ་འདི་ཚོས་མ་འོང་པའི་ཆེད་དུ་གྲལ་སྒྲིག་གང་ཡང་བྱེད་ཤེས་ཀྱི་མེད་པ་འདི་ཅི་ཡིན་ནམ། ད་ལོ་ཧ་ཅང་གནམ་གཤིས་གྲང་ངར་ཆེ་བའི་སྐྱོན་གྱི་ཨ་རིར་ལྟ་བུ་ནས་ཀྱང་མི་༢༢་ཤི་ཤར་ཚར་འདུག ད་དུང་དེ་ལས་མང་སྲིད་པ་རེད། གྲང་བ་ལ་བརྟེན་ནས་ཤི་བའི་གྲངས་འབོར་རྒྱལ་ཁབ་བཅུ་གསུམ་ནས་༡༩༨༥་ནས་༢༠༡༢་བར་དུ་ས་ཡ་༧༤ རེད་ཟེར། ཚ་བས་ཤི་བ་ལྡབ་ཉི་ཤུ་ལས་ཉུང་བ་འདུག་ཟེར། །

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-02-14 at 12:06 am

    འབྱུང་བཞིའི་འོག་ཏུ་འཚོ་བའི་སྲོག་ཆགས་རྣམས །
    ཉེན་ཁའི་འོག་ཏུ་

  5. བན་དེ་བ། says:
    2019-02-14 at 7:58 am

    ཨ་ཁུ་རང་སེམས་ཕྲལ་མེད་སར་སེམས་ཕྲལ་རེད། དེང་སང་བོད་གཡག་ལ་བརྟེན་ནས་འཚོ་བ་བསྐྱེལ་མཁན་ཉུང་ཉུང་རེད། དེས་ན་གཡག་རྒོད་འཆི་བ་ནི་བོད་པ་འཆི་བ་ག་ལ་ཡིན། དེ་ལྟར་ན་ཕག་ལ་བརྟེན་ནས་འཚོ་བ་བསྐྱལ་མཁན་ཀཡང་མི་ཉུང་བ་ཡོད་པས། ཕག་རྒོད་འཆི་བ་ཡང་བོད་པ་འཆི་བ་ཡིན་པར་ཐལ། རྣམ་པ་ཀུན་ནས་མཚུངས་པའི་ཕྱིར།

  6. ཀརྡོ་རབ་འབྱམས་པ་ says:
    2019-02-15 at 1:18 am

    འབྲོག་རྒྱན།
    གཡག་རྒོད་འབྲོང་སོགས་རི་ཡི་རྒྱན། །
    འབྲི་གཡག་ར་ལུག་འབྲོག་པའི་རྒྱན། །
    ཤ་མར་ཐུད་གསུམ་འབྲོག་ཟས་རྒྱན། །
    གཡུ་བྱུར་གཟི་འཕྱོར་ཀླད་རྙིང་རྒྱན། །
    འཆི་རྐྱེན།
    ཁ་བས་འཆི་བ་གནམ་གཤིས་ལན། །
    སྐྱང་ཀིས་བསད་པ་ཁོར་ཡུག་ལན། །
    ལྟོག་ཤིས་ཐེབས་པ་ལས་ཀྱིས་ལན། །
    ཤེན་པས་བསད་པ་རྨ་འདོད་རྔམས་ལན། །
    ཡོང་རྐྱེན།
    ཧན་རིགས་འོངས་པས་ནོར་ཕྱུགས་རྫོགས། །
    དེང་གསར་དར་བས་ནོར་སྙིང་རྫོགས། །
    དམར་རྫུན་སྤེལ་བས་དད་དམ་རྫོགས། །
    རྒྱ་སྤྲང་མང་བས་བོད་རིགས་རྫོགས། །
    ཡོད་རྐྱེན།
    ནང་ཆོས་དར་བས་བོད་རིགས་དར། །
    གུང་བྲན་དར་བས་བོད་མི་རྒུད། །
    རྒྱ་ཧན་མང་བས་བོད་ས་ཉུང་། །
    ༸སྐུ་འདུན་ཡོད་པས་བོད་སྤོབས་ལྡན། །
    འབྱུང་རྐྱེན།
    ཆོལ་གསུམ་མཐུན་སྒྲིལ་རྒྱ་དམར་དྲིན། །
    ནང་ཆོས་སླར་དར་དམར་ལུགས་དྲིན། །
    གཞིས་བྱེད་ཡོངས་དར་དྲང་བདེན་དྲིན། །
    བོད་རིགས་ཡོངས་དར་༸སྐུ་འདུན་དྲིན། །
    ཀརྡོས།

  7. ཀརྡོ་རབ་འབྱམས་པ་ says:
    2019-02-15 at 1:20 am

    ཁ་བརྡ་མཆོག་ལགས།
    ངའི་བཀོད་འོས་ཀྱི་མཆན་རྣམས་ཡར་འཛུད་ཐབས་མཛོད་རོགས་གནོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme