Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།( 8 )

Posted on 2019-02-11 By ཁ་བརྡ No Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།( 8 )

རོང་པོ་བློ་བཟང་རིན་ཆེན།

ལོ་སར་གྱི་གུང་སེང་ཉིན་བཅུ་པོ་འདི་ཡུད་ཙམ་གྱི་སྣང་བ་ལས་མ་བྱུང་། ཉིན་འདི་དག་ལ་ཁང་ཚན་གཅིག་པ་ཚོ་དང་མཉམ་དུ་ཧ་ཧ་ཧོ་ཧོ་ཡི་རྒོད་སྒྲ་དང་། ཁ་མཚར་ཀུ་རེ་ཡི་གཏམ་གླེང་ཁྲོད་ནས། ཟས་ཆུ་སྣ་ལྔ་གང་འདོད་ལ་རོལ་བཞིན་ལོ་སར་གྱི་གུང་སེང་འཁྱུག་ཙམ་གྱིས་རྫོགས་སོང་། ད་ནི་རང་ཤག་ཆུང་ཆུང་འདི་ལ་གད་བདར་ཞིབ་མོ་ཞིག་བགྱིས་ཏེ་ལྷོད་ལྷོད་ངང་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རིགས་རྒྱུད་མི་འདྲ་བར་གྲུབ་ཚུལ་>>ཞེས་པའི་ཚན་པ་འདི་བཀླག་པར་བྱ།

གོ་ལ་འདིའི་སྟེང་དུ་ཤ་མདོག་དཀར་ནག་དམར་སེར་དང་། སྣ་ཡི་བཟོ་ལྟ་ལེབ་རིལ་ཉག་ཀྱོག་སོགས་མཆིས་ཤིང་། རིག་གཞུང་དང་གོམས་གཤིས་མི་འདྲ་བའི་རིགས་རྒྱུད་འདི་དག་རྩ་བའི་མེས་པོ་གཅིག་ལས་མཆེད་ཀྱང་། ཁོར་ཡུག་དང་གནམ་གཤིས་ཀྱི་རྐྱེན་གྱིས་ལུས་ཀྱི་ཁ་མདོག་དང་མཛེས་སྡུག་གི་ལང་ཚོ་ལྡན་མིན་ལ་ཁྱད་པར་ཤོར་བ་རེད་ཟེར།

ད་དུང་དེའི་དཔེར་མཚོན་དུ་ཀཱ་ཤཱི་མིར་གྱི་མི་རིགས་དང་རྒྱ་གར་ལྷོ་ཕྱོགས་ཀྱི་མི་རིགས་གཉིས་བཀོད་འདུག ཀཱ་ཤཱི་མིར་གྱི་མི་རིགས་ནི་འཚོ་སྡོད་བྱེད་སའི་གནམ་གཤིས་ཅུང་ཙམ་གྲང་མོ་ཡིན་པས་ཁོང་ཚོའི་ངོ་གདོང་སྐྱ་བོ་ཡིན་པ་དང་། རྒྱ་གར་ལྷོ་ཕྱོགས་ནི་གོ་ལའི་དཀྱིལ་ཐིག་ལ་ཁེལ་གྱི་ཡོད་དུས་ཚ་བ་ཧ་ཅང་ཆེན་པོ་ཡོད། དེའི་རྐྱེན་གྱིས་ལྷོ་ཕྱོགས་ཀྱི་མི་རིགས་ནག་པོ་གྱུར་བ་རེད་ཅེས་བཀོད་འདུག

སྤྱིར་རིགས་རྒྱུད་མི་འདྲ་བ་དག་གི་ལུས་ཀྱི་ཁ་མདོག་ལ། ཁོར་ཡུག་དང་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་པ་རེད་ཟེར་ན་ཡིད་ལ་འཐད་པ་ཞིག་ལོས་ཡིན། འོན་ཏེ་མིག་ལ་སྔོ་ལྗང་སེར་གསུམ་དོད་པ་དང་། སྣ་ལ་ལེབ་རིལ་ཉག་གསུམ་ཡོད་པ། གཟུགས་ལ་རིང་ཐུང་འབྲིང་གསུམ་ཤོར་བ་སོགས་གནམ་གཤིས་དང་ཁོར་ཡུག་གིས་བསྐྲུན་པ་རེད་ཟེར་ན་ཅུང་ཙམ་ཡིད་ལ་འཐད་དཀའ་བ་ཞིག་མ་རེད་དམ།

མདོར་ན་རིགས་རྒྱུད་མི་འདྲ་བ་འདི་དག་དུས་ནམ་ཞིག་ལ་བྱུང་བའི་དུས་ཚོད་ངེས་ཅན་ཞིག་སུས་ཀྱང་གླེང་མི་ཐུབ་ནའང་། ནེ་རུ་ཁོང་གིས་རྡོ་ཆས་གསར་པའི་དུས་སུ་བྱུང་བའི་ཚོད་དཔག་བྱས་འདུག གང་ལྟར་རིགས་རྒྱུད་མི་འདྲ་བ་འདི་དག་རྩ་བའི་མེས་པོ་གཅིག་ལས་མཆེད་མིན་གང་ཡིན་ཡང་། ཁོར་ཡུག་དང་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་ནས་རིགས་རྒྱུད་སོ་སོར་གྱུར་བ་རེད་ཅེས་སྡོམ་ཚིག་བཀོད་ཡོད་པ་འདྲ།

2019/2/10ཉིན་ལ་རང་ཤག་ཏུ་བྲིས།

བསམ་ཚུལ།

Post navigation

Previous Post: ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས།
Next Post: རྟེན་འབྲེལ་ཀུན་གྱི་ཐོག་མ། བོད་ཀྱི་ལོ་སར་དགོང་ཚོགས། ༼སྟོད་ཆ༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme