Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)

Posted on 2019-02-102019-02-12 By སྙན་བཟང་གཡུང་དྲུང་ཚེ་རིང 2 Comments on ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)

སྙན་བཟང་གཡུང་དྲུང་ཚེ་རིང་།

གསུམ།

ནུབ་ཕྱོགས་ཀྱི་གཞོན་སྐྱེས་ཚོས་གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་ལས་འགུལ་སྤེལ་གྱིན་ཡོད་ཅིང་། ང་ཚོ་བོད་མི་སྐོར་ཞིག་ཀྱང་དེ་འདྲའི་སྤྱི་ཚོགས་ཤིག་གི་ནང་དུ་གནས་བཞིན་ཡོད་སྟབས། སྐབས་དེའི་ནུབ་ཕྱོགས་ཀྱི་གཞོན་སྐྱེས་ཚོའི་ཤུགས་རྐྱེན་ཏན་ཏན་ཐེབས་སོང་ལ། ཐེབས་པའང་ཆོས་ཉིད་རེད། སྐབས་དེར་སྒྱུ་རྩལ་ཟེར་བ་དེ་གལ་ཆེན་ཞིག་དང་། ནུས་ལྡན་ཞིག་ཡིན་པ་ཤེས་སོང་། དེར་བརྟེན་ངེས་པར་དུ་གླུ་གཞས་སྒྱུ་རྩལ་གྱི་ཕྱོགས་ནས་ལས་ཀ་ཞིག་གཉེར་དགོས་དྲན་བྱུང་། ཡིན་ན་ཡང་བོད་ནང་གི་གནས་ཚུལ་རྩ་ནས་ཤེས་ཀྱི་མེད་པ་དང་། རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ཚོས་རྒྱ་གར་གྱི་གློག་བརྙན་ཁག་གི་གླུ་གཞས་སྙན་མོ་དེ་ཚོར་གསན་ཞིང་། བོད་ལ་དེང་དུས་ཀྱི་གླུ་གཞས་པོབ(Pop)ཟེར་བ་དེ་འདྲའི་རིགས་མེད་སྟབས། ནུབ་ཕྱོགས་སུ་གནས་པའི་བོད་པ་རེ་ཟུང་ཡོད་པ་ཚོས་ནུབ་ཕྱོགས་ཀྱི་གླུ་གཞས་པོབ་ལྟ་བུར་གསན་གྱི་ཡོད་སྐད།

སྤྱིར་བཏང་པོབ་ཞེས་པ་ནི་གཞོན་སྐྱེས་ཚོའི་བསམ་བློའི་མོས་པ་དང་མཐུན་པའི་དེང་རབས་ཀྱི་གླུ་གཞས་ཤིག་ཡིན་སྟབས། གལ་སྲིད་བོད་ཀྱི་སྤྱི་ཚོགས་ནང་པོབ་ཀྱི་གླུ་གཞས་ཤིག་བཏང་ཚེ། འདི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་ཆོག་ཅིང་། བོད་མི་རིགས་ཀྱི་བདེ་སྡུག་བཤད་སའི་གླེང་སྟེགས་ཤིག་ཀྱང་ཆགས་ཀྱི་ཡོད་སྟབས། དེ་གནད་འགག་ཆགས་འདུག་པར་སྙམ། དེར་བརྟེན། སྐབས་དེར་ལོ་ཉི་ཤུ་རྩ་གྲངས་ཙམ་ཡིན་ནའང་། དེང་རབས་ཀྱི་གླུ་གཞས་ལ་དང་དོད་ཆེན་པོ་བྱུང་སྟེ། ཚོད་ལྟའི་ཚུལ་དུ་བོད་ཀྱི་དེང་རབས་ཀྱི་གླུ་གཞས་ཐོག་མ”ཕ་གིའི་གངས་རི་དཀར་པོ”ཞེས་པ་དེ་གསར་རྩོམ་བྱས་ཚུལ་གསུངས་བྱུང་།

གླུ་ཚིག་དྲངས་ན་འདི་ལྟར།

ཕ་གིའི་གངས་རི་དཀར་པོ། །
མཐོང་བས་ཕ་ཡུལ་དྲན་བྱུང་། །
ནམ་མཁའི་སྐར་ཆེན་ཤར་ཙམ། །
དྲིན་ཆེན་ཕ་མ་དྲན་བྱུང་། །
ཨ་ཙི་ཕོ་རོག་ནག་ཆུང་། །
ལྷ་སའི་གནས་ཚུལ་ཤོད་དང་། །
ཡབ་ཡུམ་གཉིས་ཀྱི་ཕྱོགས་ལ། །
ཐུགས་ཁྲལ་མ་གནངས་གསུངས་དང་། །
ང་ནི་མི་ཡུལ་ལུས་སོང་། །
སེམས་པ་ལྷགས་པས་ཁྱེར་སོང་། །
ནམ་མཁའི་བླ་མ་དཀོན་མཆོག །
རང་ཡུལ་ཕྱོགས་སུ་ཕེབས་དང་། །
ང་ཡི་གཡུ་འབྲུག་སྔོན་མོ། །
ཐུགས་བསམ་སྐྱོ་སྐྱོ་མ་གནང་། །
ལས་དང་སྐལ་བ་ཡོད་ན། །
མཇལ་བའི་དུས་ཤིག་ཤར་ཡོང་། །

ཕྱིས་སུ་གངས་ལྗོངས་ཁུ་བྱུག་སྔོན་མོའམ་རྒན་བདུད་བྷེ་ལགས་ཀྱིས་གོང་གི་གཞས་ཚིག་འདི་དལ་བའི་གདངས་ཤིག་དང་མཉམ་དུ་རྡུང་ལེན་གྱི་ལམ་ནས་བླངས་འདུག ཡིན་ན་ཡང་ཚིག་རྐང་རེ་ཟུང་གཅིག་མཚུངས་ཤིག་མིན་པར་སྙམ། ངའི་དྲན་སྣང་ལ། རྒན་བདུད་བྷེ་ལགས་ཀྱི་རྡུང་ལེན་ལ་ཉན་ན‘‘ཕ་གིའི་གངས་རི་དཀར་པོ། །’’ལ‘‘གཡང་གི་གངས་རི་དཀར་པོ’’ལྟ་བུ་དང་། ‘‘ནམ་མཁའི་སྐར་ཆེན་ཤར་ཙམ། །’’ལ‘‘ནམ་མཁའི་སྐར་ཆེན་ཤར་དུས། །’’ཞེས་འགྱུར་བ་ཅུང་ཙམ་བཏང་བ་ཐོས་རྒྱུ་ཡོད་ཡོད་འདྲ་ཞིག་དྲན། གང་ལྟར། མི་ཡུལ་ས་མཐའ་ནས་བཙན་བྱོལ་བོད་མི་ཞིག་གིས་བླངས་པའི་གླུ་གཞས་ཤིག་གི་ཚིག་ཅིག་བོད་ནང་གི་གཞས་པ་ཞིག་གིས་ཐོག་མར་བེད་སྤྱོད་བཏང་བ་ནི་ཕ་གིའི་གངས་རི་དཀར་པོ་ཞེས་པ་འདི་ཡིན་པར་གྲགས་ཤིང་། གཞས་འདི་ནི་བོད་ཕྱི་ནང་གཉིས་ཀྱི་གཞས་པ་གཞས་མ་ཚོར་འབྲེལ་བ་བཟོ་བྱེད་ཐོག་མ་ལྟ་བུའང་ཆགས་འདུག

ངས་ཚིག་རིས་ཇི་མ་ཇི་བཞིན་མི་དྲན་ཡང་། ཕོ་རོག་དཀར་པོའི་སྐད་ཚོམས་ནང་། ཨ་ཁུ་པད་མ་འབུམ་ལགས་ཀྱིས་ཁོང་ལོ་རབས་བརྒྱད་ཅུ་པའི་སྟོད་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཡོད་སྐབས། སློབ་གྲྭ་དེའི་ནང་ལྷ་སའི་ལོ་གསར་དང་ཨ་མདོ་ལོ་གསར་གཉིས་དུས་ཚོད་གཅིག་ལ་འཁེལ་གྱི་མེད་པ་དང་། དེ་གཉིས་ཀྱི་དུས་ཚོད་གཅིག་ལ་འཁེལ་དགོས་པར་གནད་འགག་ཏུ་བརྩིས་ཏེ་ལྷ་སའི་ལོ་གསར་བཏང་ཞིང་། ལོ་གསར་གྱི་སྐུ་མགྲོན་གཅིག་ནི་རྒན་དཔལ་མགོན་ལགས་ཡིན་ལ། ཁོང་གིས་ལོ་གསར་ལ་བསྣམས་ཡོང་བའི་ལེགས་སྐྱེས་གཅིག་ནི‘‘ཕ་གིའི་གངས་རི་དཀར་པོ’’ཞེས་པ་འདི་རེད་གསུངས།

རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་ཁོང་དྭ་ཕྲུག་ཚོའི་ཆེད་དུ་མགོ་ལོག་ཏུ་འགྲོ་སྐབས་ཤིག་ལ། ཉིན་ཞིག་གི་དགོང་མོའི་དུས་ཚོད་བཅུ་གཅིག་ཡས་མས་ཙམ་ལ་ཁོང་དང་གྲོགས་པོ་ཁ་ཤས་ཟ་ཁང་ཞིག་ཏུ་ཡོད་སྐབས། གློ་བུར་དུ་མི་སྐོར་ཞིག་ཁོང་ལ་འཚམས་འདྲི་བྱེད་པར་ཕེབས་ཤིང་། དེའི་ནང་གི་གཅིག་ནི་རྒན་འཇུ་སྐལ་བཟང་ལགས་ཡིན་པ་དང་། མཚན་མོ་དེར་ཁོང་ཚོས་ཕ་གིའི་གངས་རི་དཀར་པོ་དང་འབྲེལ་བའི་སྐོར་ལ་གླེང་མོལ་བགྱིས་པའི་བརྒྱུད་རིམ་ཁྲོད། འཇུ་སྐལ་བཟང་སོགས་ཀྱིས་གཞས་དང་གཞས་ཚིག་དེར་བསྟོད་པ་བྱས་པས། ཁོང་ལ་དགའ་ཚོར་ཆེན་པོ་སྐྱེས་པའང་གསུངས་བྱུང་།

གང་ལྟར། ལོ་རབས་བརྒྱད་ཅུ་པའི་ནང་། ཁོང་གིས‘‘ཕ་གིའི་གངས་རི་དཀར་པོ’’ཞེས་པ་བརྒྱུད་སྤེལ་བྱེད་སྐབས། ནུབ་ཕྱོགས་ཀྱི་བོད་པའི་སྤྱི་ཚོགས་ནི་ཤིན་ཏུ་ཆུང་ཆུང་ཞིག་ཡིན་པ་དང་། བོད་མི་ཚོས་གླུ་གཞས་དེ་དང་ལེན་བྱས་མིན་ལ་ཐེ་ཚོམ་སྐྱེས་ནའང་། གཞས་སྐྱོ་ལངས་པའི་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་དེས་བསམ་ཡུད་ལས་འདས་པའི་དགའ་མོས་བྱས་པར་བརྟེན། གཞས་འདི་རིགས་ངེས་པར་དུ་གསར་རྩོམ་བྱེད་དགོས་པར་སྙམ་སྟེ། འཕྲོ་རིམ་འཕྲོར་གཞས་མི་འདྲ་བ་ལྔ་དྲུག་ཅིག་བརྩམས། དེ་ཡང་གསར་རྩོམ་བྱས་པ་ཙམ་གྱིས་མི་ཆོག་པར་སྒྲ་འཛིན་འཁོར་ཐག་ཅིག་བཟོ་དགོས་སྙམ་སྟེ། སྐབས་དེར་སུད་སིར་གསར་འཛུགས་བྱས་པའི་ནང་མ་རོལ་ཚོགས་ཤིག་ཡོད་པ་དེར་འབྲེལ་བ་ཞུས་པར། རོལ་ཚོགས་དེར་བོད་ཀྱི་སྒྱུ་རྩལ་པ་ལྔ་དང་དྲུག་ཙམ་ཡོད་པ་དང་། དེ་དག་གིས་ནང་མའི་གཞས་ཁོ་ན་གཏོང་གིན་ཡོད་ནའང་། རོལ་ཚོགས་དེས་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་གཞས་སྐོར་ཞིག་སྤེལ་མ་བྱས་ཏེ་སྒྲ་འཛིན་འཁོར་ཐག་ཅིག་བཟོ་བར་མོས་མཐུན་བྱས་པས། རྗར་མན་གྱི་སྒྲ་འཇུག་ཁང་ཞིག་ཏུ་ཕྱིན་ཏེ་ཡང་བསྐྱར་གཞས་དེ་དག་བསྐྱར་ལེན་གྱིས‘‘ནང་མ’’ཞེས་པའི་སྒྲ་འཛིན་འཁོར་ཐག་ཅིག་བཟོས།

བོད་མི་ཚོས་ནང་མའི་འཁོར་ཐག་དེ་བསམ་ཡུད་ལས་འདས་པའི་དགའ་མོས་བྱས་པར་བརྟེན། སུད་སིར་བཞུགས་པའི་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་དང་བོད་མི་གཞན་པ་སྐོར་ཞིག་ལ་འབྲེལ་བ་བྱས་པ་དང་། རྒན་ནེ་ལུང་ལགས་ནི་སྔར་བོད་གཞུང་ཟློས་གར་ཚོགས་པའི་ནང་ཞུགས་མྱོང་སྟབས། རོལ་ཆ་འདྲ་མིན་ལ་བྱང་ཆུབ་ཅིང་། སྐད་ངག་སྙན་མོ་སོགས་ཡོད་པས་ཕྱོགས་ཀུན་ལ་ཆ་རྐྱེན་ཚང་ཡོད། དེ་ནས་སྔར་ལྟར་ཁོང་ཚོ་སྐོར་ཞིག་གིས་སྲོལ་རྒྱུན་དང་དེང་རབས་གཉིས་འདྲེས་ཀྱི་སྒྲ་འཛིན་འཁོར་ཐག‘‘སྤྲིན་འཁོར’’ཞེས་པ་ཞིག་འགྲེམས་སྤེལ་བྱས་ཤིང་། འཁོར་ཐག་དེའི་གཞས་རེ་རེའི་བར་ན་དགོད་བྲོའི་གཏམ་དེ་འདྲའང་བཅུག་ཡོད།

༡༩༨༥ལོར་སུད་སི་ནས་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་ཐེངས་ཤིག་གི་དུས་ཁྱད་པར་ཅན་ཞིག་དང་བསྟུན་ནས་སྒྲ་འཛིན་འཁོར་ཐག་དེ་འགྲེམས་སྤེལ་བྱེད་སྐབས། ཉིན་ཤས་ལས་མ་འགོར་བར་འཁོར་ཐག་གཅིག་སྟོང་ཚར་བས། འཁོར་ཐག་སྟོང་གཉིས་ལྷག་ཙམ་བཟོས་ཡོད་ནའང་དེ་དག་བྲིན་མིན་དོགས་པ་རྩ་བྲལ་རེད་ཅེས་གསུངས་ཤིང་། འཁོར་ཐག་ལས་བྱུང་བའི་དངུལ་དེ་དག་བོད་མིའི་སྒྲིག་འཛུགས་ལ་ཕུལ་བ་དང་། སྒེར་ངོས་ནས་དངུལ་རྡོག་གཅིག་ཀྱང་བླངས་མེད་ཚུལ་དང་།‘‘སྤྲིན་འཁོར’’དང་པོའི་འཁོར་ཐག་ལས‘‘གནམ་གོང་གི་ཉི་ཟླ་’’ཞེས་པའི་གཞས་དེ་བོད་རང་སྐྱོང་ལྗོངས་སུ་སྐད་གྲགས་བྱུང་ཚུལ་བའི་གནས་ཚུལ་ཞིག་ཀྱང་གསུངས་བྱུང་།

‘‘སྤྲིན་འཁོར’’ཞེས་པའི་འཁོར་ཐག་དང་པོ་འགྲེམས་སྤེལ་བྱས་རྗེས། རིམ་གྱིས་འཁོར་ཐག་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཏོན་པ་དང་། དེ་དག་ལས་བྱུང་བའི་དངུལ་ཀྱང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཆེད་དུ་བཏང་། ཡིན་ནའང་། འདི་ལྟར་ཕྱག་ལས་གནང་མཁན་ནི་ཁོང་ཚོ་ཁོ་ན་ཙམ་མ་མིན་པར། བོད་ནང་གི་གཞས་མ་རིག་འཛིན་སྒྲོལ་མས་ཀྱང་མོའི་ཕ་ཡུལ་དུ་སློབ་གྲྭ་ཞིག་བཙུགས་ཚུལ་དང་། བཙན་བྱོལ་དུ་ཡོད་པའི་སྒྱུ་རྩལ་པ་སྐོར་ཞིག་གིས་ཀྱང་དགོང་ཚོགས་བསྡུས་ཤིང་། དེ་ལས་བྱུང་བའི་དངུལ་དེ་དག་བོད་ཀྱི་སྤྱི་དོན་གྱི་ཆེད་དུ་བཏང་བའི་གནས་ཚུལ་ཞིག་གསུངས་པའང་ད་དུང་སེམས་ཀྱི་ཟུར་ཞིག་ལ་གནས།

དྲན་ཐོ།

Post navigation

Previous Post: དབྱར་གཞུང་གི་ལོ་སར།
Next Post: ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)

Comments (2) on “ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (གསུམ་པ)”

  1. དགའ་བྱེད། says:
    2019-02-10 at 2:19 pm

    ཉོག་རེད་བཞག

    དགོས་མིན་དགོས་གང་མང་བྲིས་འདུག

    སྙན་བཟང་འིས་རྩོམ་ཡིག་འབྲོ་ཤེས་མི་འདུག
    བཤུས་རྩོམ་དཔྱད་རྩོམ་ཡིན་ནོ་ལོ་དེ་འདྲ་བྲིས་ནས་སྡོད་ན་ལེགས་ས་རེད།

  2. སྤར་ཤད། says:
    2019-02-11 at 1:26 am

    ང་ཚོ་བོད་མི་རིགས་འདིས་རྟག་ཏུ་མཛངས་མི་དག་གི་མཛད་རྗེས་གང་ཉིད་ཞལ་བཞུགས་དུས་ངོས་མི་ཟིན་པར་ཕྱི་ཡུལ་འགྲིམས་རྗེས་གདེངས་འཇོག་གམ་ཆེ་མཐོང་ཞིག་བྱེད་སྲོལ་ཡོད་པ་འདི་ནི་སྤྱི་ཚོགས་སྤྱིའི་བསམ་བློ་ནར་མ་སོན་པའི་དན་རྟགས་ཤིག་ཏུ་ངོས་ཁོ་བོས་ཡང་ཡང་བསམ། ད་ལྟའི་འདས་པོ་རྟའུ་བློ་བཟང་དཔལ་ལྡན་ཁོང་ཡང་བོད་མི་རིགས་རིག་གནས་དང་བཅས་པར་མཛད་རྗེས་ཆེ་བའི་གང་ཟག་རླབས་ཆེན་ཞིག་ཡིན་ད་ལྟ་གཞི་ནས་འུར་བཞིན་འདུག གང་ལྟར་སྙན་བཟང་ལགས་ཀྱིས་བྲིས་པ་འདི་ཡང་འདས་པོ་ཁོང་ལ་རྒྱུས་ལོན་དང་ཁོང་གི་བསམ་བློའི་ཕྱོགས་དང་ཟུར་རེ་ཟུང་མཐོང་བའི་གཞི་རུ་འགྱུར་ར་གདོན་ཟ་བས་རྩོམ་པ་པོ་ཁོང་ལ་ཡང་བཀའ་དྲིན་ཞུ་ཞོར་དུ། འདས་པོ་གང་དེ་མཆོག་གསུམ་དམ་པའི་བདེན་མཐུས་དག་ཞིང་དུ་སྐྱེ་བའི་སྨོན་འདུན་སྙིང་ནས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme