Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག

Posted on 2019-01-19 By ཁ་བརྡ 9 Comments on ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག

ཉི་མའི་འབངས།

ཉིན་འགའི་སྔོན་དེར། ཝཱ་ཎ་མཐོ་སློབ་ཀྱི་སློབ་དཔོན་རྒན་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཁོ་རང་གི་ངོ་དེབ་ཐོག པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་«སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་» དུ། « གང་མང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །» ཞེས་པའི་ཐད་ཀྱི་རྣམ་གླིང་པའི་བཤད་པ་ཞིག་འགོག་པའི་སྐབས་ཀྱི་རྟེན་གཞིའི་སྒྲ་ཡིན་པ་མི་འཐད་དེ། ཨུ་སྦྱོར་བའི་བྱ་བ་དངོས་སུ་བྱེད་པའི་གཞི་ད་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་ཞེས་པ་མ་དག་ཅིང་། ཞོལ་པར་ནང་ཨུ་སྦྱོར་བའི་བྱ་བ་དངོས་སུ་བྱེད་པའི་གཞི་ར་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་ཞེས་གསལ་ཞིང་། དེ་ཉིད་དག་པའི་དགོངས་ཚུལ་ཞིག་གསུངས་འདུག་པ་མ་ཟད། འདི་ནི་མི་ལོ་ཉི་ཤུའི་རིང་ལ་ཁོང་གིས་མ་རྟོགས་ཤིང་། གཞན་ལ་ལོག་པར་འགྲེལ་བའི་དོན་དག་ཅིག་གཞི་ནས་གསེད་བཀྲོལ་ཐུབ་པ་ཡིན་ཚུལ་བཀོད་འདུག

སྐབས་དེར། ཁོ་བོར་གཞན་ལ་རང་གི་བསམ་ཚུལ་བརྗོད་པའི་འདུན་པ་འཆུས་ཤིང་། གནས་ཚུལ་ཞིག་གི་འོག་དཔེ་ཆ་དང་ཅུང་ཟད་རྒྱང་བཀྱེད་ནས་སྡོད་དགོས་བྱུང་བས། ག་ལེར་དོན་དངོས་གང་ཡིན་ར་སྤྲོད་ཀྱི་གསལ་བཤད་ཐུང་ངུ་ཞིག་བྱ་དགོས་སྙམ་ཡང་ད་བར་ལུས། ད་ནི་ཁོང་གི་དགོངས་ཚུལ་འདི་དོན་ལ་མི་གནས་ཤིང་། སྒྲུབ་བྱེད་ཚད་མ་ཞིག་ལ་ཁུངས་བཅོལ་ནས་སྨྲས་པ་ཞིག་མིན་པའི་འཁྲུལ་ངོ་རགས་ཙམ་ཞིག་སྤྲོད་པར་བྱའོ། །

མ་གཞི་བྱས་ན། རིགས་པའི་དབང་ཕྱུག་གིས་ « ལོག་པའི་ལམ་ལ་མུ་མེད་ཕྱིར། ། » ཞེས་ཇི་སྐད་གསུངས་པ་ལྟར། ལེགས་ཉེས་འབྱེད་པའི་བློ་མིག་དང་བྲལ་བ་རྣམས་ཀྱི་ལོག་རྟོག་ལ་འདི་འབྱུང་དང་འདི་མི་འབྱུང་གི་ཁ་ཚོན་གཅོད་དཀའ་ཞིང་མཐའ་ཡས་པས་ཚང་མ་འགོག་པའི་རྔོ་མི་ཐོགས་ཤིང་། འགོག་དགོས་པའང་མ་མཆིས་མོད། ཕྱི་ནང་གི་རིག་གནས་ལ་གཟིགས་རྒྱ་ཡངས་ཤིང་། བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་མཁས་པ་དང་སློབ་དཔོན་གྱི་གྲགས་པ་ཡོད་པ་ཞིག་གིས་འདི་འདྲའི་དོན་ཆུང་ཚགས་ཤིག་ཀྱང་མ་དགོངས་པར་འགྲེལ་བཤད་ལོག་པར་བསྐྱོན་ཚེ། དེ་ཉིད་དོན་དངོས་འགྲེལ་བརྗོད་ཀྱིས་སུན་འབྱིན་པ་ནི་ཤིན་ཏུ་གནད་ཆེ་སྟེ། ཁོང་ལྟ་བུའི་མཁས་པ་ཚོའི་ལོག་བཤད་དག་ཅམ་མེར་བཞག་ཚེ། དེ་ལ་བརྟེན་ནས་རྗེས་འབྲང་སློབ་གཉེར་པ་མང་པོ་ཞིག་ལོག་ལམ་དུ་འགྲོ་ངེས་ཤིང་། མ་འོངས་པ་ན་ཁོང་གིས་ཅི་གསུངས་ལ་ཚད་མར་འཛིན་པའི་རི་ཁུག་ལུང་ཀྱོག་ཚོ་ནས་ད་ལྟའི་པར་དག་པ་རྣམས་དོང་ལ་སྤྲུགས་ནས་མ་དག་པ་ཞིག་གཙིགས་འཛིན་དང་། དེ་ཉིད་པར་བསྐྲུན་དང་འགྲེམས་སྤེལ་གྱི་ལས་ངན་གསོག་སྲིད་པའི་ཕྱིར་རོ། །

འོ་ན། དགག་ཕྱོགས་ལ་སྒྲོ་མ་བཏགས་ཤིང་། སྒྲུབ་ཕྱོགས་ལ་སྐུར་པ་མ་བཏབ་པའི་དོན་མ་འཆུགས་པ་དེ་གང་ཡིན་ཞེ་ན། དེ་ལ་དང་པོ་རྣམ་གླིང་པའི་འདོད་པ་ཤེས་གལ་ཆེ་བས་དེ་བཤད་ན།

རྣམ་གླིང་པ་ན་རེ། «གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །» ཞེས་པའི་ཚིག་ཟིན་ལྟར་ན་ནི། མིང་གང་ཡང་རུང་བའི་མཐར་རྗེས་འཇུག་བརྒྱད་པ་ར་ཡིག་གནས་པ་སྒར་ལྟ་བུའི་མཐར། རྗེས་འཇུག་རང་འདྲ་ར་ཡིག་ལ་དབྱངས་གཉིས་པ་ཨུ་སྦྱར་བ་རུ་ཞེས་པ་ལ་དོན་ལ་འཇུག་པ་ལྟ་བུར་གསུངས་ནའང་མི་འཐད་དེ། ར་མཐར་དུ་འབྱུང་བ་མ་གཏོགས་རུ་མི་འབྱུང་ཞིང་། འདིའི་གཉིས་པ་སྔོན་འཇུག་གི་གཉིས་པ་ད་ཡིག་ཡིན་པས་«གཉིས་པར་ཨུ་ཡང་སྦྱར་» ཞེས་བརྗོད་དགོས་མོད། རྟེན་གཞིའི་སྒྲ་ར་ཡིག་ཉམས་པའམ་ཆད་པ་ཡིན་པའི་ཕྱིར་ཞེས་ཟེར།

དེ་ནི་རྣམ་གླིང་པས་མ་དགོངས་པ་གསལ་ཏེ། «གང་མིང་མཐའ་ན་བརྒྱད་པ་གནས་» ཞེས་སོགས་རྐང་པ་གཉིས་ཀྱི་དོན་ནི། གང་ཡང་རུང་བའི་མིང་གི་མཐར་ཚེག་བར་གཅིག་ཏུ་རྗེས་འཇུག་བརྒྱད་པ་ར་ཡིག་གནས་པ་མཚོར་ཞེས་པའི་ར་ཡིག་ལ་དོན་ལ་འཇུག་པ་མ་ཟད། སུ་དང་དུ་ལྟ་བུ་རྗེས་འཇུག་སྔ་མ་ལས་ལོགས་སུ་རང་འདྲར་ཨུ་སྦྱར་བ་གཡས་སུ་ལྟ་བུ་མིན་པར། ར་དེ་ཉིད་ཚེག་བར་ཕྱེས་པ་ལ་ཨུ་སྦྱར་བ་མཚོ་རུ་ཞེས་པའི་རུ་ཡིག་ཀྱང་ལ་དོན་ལ་འཇུག་ཅེས་པའི་དོན་དུ་གསལ་ཞིང་། «གཉིས་པར་ཨུ་ཡང་སྦྱར་»ཞེས་པ་ལྟར་ར་ཡིག་འཐོབ་པའི་དབང་དུ་བྱས་ན་ཡང་། དེ་འདྲའི་ར་ཡིག་བདུན་པ་རྟེན་གཞིའི་སྒྲ་ཡིན་པ་མི་འཐད་དེ། གཉིས་པ་ལས་སུ་བྱ་ཡིན་པའི་ཕྱིར་ཏེ། བྱ་བའི་ཡུལ་ལ་བྱ་བ་ཞིག་བྱེད་པ་གཅོ་བོར་སྟོན་པའི་རྣམ་དབྱེ་ཡིན་པའི་ཕྱིར་ཏེ། སྔོན་འཇུག་གི་གཉིས་པ་ད་ཡིག་ལ་ཨུ་སྦྱོར་བ་ཁས་བླངས་པས་སོ། །

དེས་ན། རྒན་ཁོང་གིས་ཞོལ་པར་གྱི་ཚིག་ཟིན་ལྟར། ར་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་ཞེས་པ་དག་པར་བཞེད་པ་ནི། སིལ་བུར་གནས་ལ་ཆ་འཛོལ་བའི་འཕྲུལ་འཁོར་གྱི་ལྷུ་ལྟར་འབྱོར་ཤིན་ཏུ་དཀའ་སྟེ། « གཉིས་པར་ཨུ་ཡང་སྦྱར་» ཞེས་པ་ལྟར། ར་ཡིག་འཐོབ་ཤག་དང་། འདིའི་གཉིས་པ་སྔོན་འཇུག་གི་གཉིས་པ་ད་ཡིག་ཏུ་འདོད་པའི་དབང་དུ་བྱས་ན་ནི་ཨུ་སྦྱོར་བའི་གཞི་ད་ཡིག་ཡིན་པ་ལས་ར་ཡིག་མིན་པའི་ཕྱིར་རོ། །དེའི་ཕྱིར་ཨུ་སྦྱོར་བའི་གཞི་ར་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་ཞེས་པ་ནི་ཚིག་དོན་གང་ལའང་འབྱོར་དཀའ་བའི་ཕྱིར་རོ། །

གལ་ཏེ། ཡིན་གཅིག་འདིའི་ཐད་ཀྱི་ཀུན་བཟང་དགོངས་རྒྱན་གྱི་དཔེ་དག་ལ་ནོར་བཅོས་ཤིག་བྱ་དགོས་ན། ཞོལ་དང་མཚོ་སྔོན་སེར་གཙུག་པར་མ་ཀུན་ལ་ «དེ་ལ་གཉིས་པ་ཨུ་ཡང་སྦྱར་» ཞེས་འབྱུང་བ་གཞན་གྱིས་གཞན་དུ་བཅོས་པ་ཡོད་ཀྱང་ཐམས་ཅད་དག་པ་ཡིན་ནོ། །དེའི་མཇུག་ཐོགས་སུ་ཞོལ་པར་ལ་ «གཉིས་པར་ཨུ་ཡང་སྦྱར། »ཞེས་འབྱུང་ལ། མཚོ་སྔོན་པར་མ་སོགས་སུ་«གཉིས་པ་ཨུ་ཡང་སྦྱར། »ཞེས་འབྱུང་བའི་སྔ་མ་དག་ལ་ཕྱི་མ་མ་དག ཡང་ཞོལ་པར་དུ་«ར་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་» ཞེས་འབྱུང་ཞིང་། མཚོ་སྔོན་པར་མ་སོགས་སུ་ «ད་ཡིག་ཡིན་པར་རྟོགས་སླ་བའི་ཕྱིར་རོ་» ཞེས་འབྱུང་བའི་ཕྱི་མ་དག་ལ་སྔ་མ་མ་དག་པ་ཡིན་ནོ། །

བསམ་ཚུལ།

Post navigation

Previous Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)
Next Post: མི་ཚེའི་ལོ་རྒྱུས་རིང་མོ་ཞིག་གི་བརྒྱུད་རིམ། (ཉི་མ་སྟོང་གི་ཉིན་ཐོ།) ངོ་སྤྲོད།

Comments (9) on “ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-01-19 at 8:18 pm

    སྔོན་བྱོན་མཁས་པས་བསྟན་པའི་ཡིག་མཛོད་ལ།
    དེང་དུས་མཁས་པས་ཉམས་ལེན་ནོར་མི་ཉན།
    ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་ལ།
    བུ་རིག་རྩལ་ཡོད་ན་གསར་གཏོད་རིག་པའི་རྒྱན།

  2. ཨ་ཤོ་ཀ། says:
    2019-01-19 at 11:36 pm

    “གྱེན་ལོག” ཟེར་བའི་མིང་དེས་བཟོ་ལྟ་མེད་པ་ཆགས་ཚར་འདུག དེ་ནི་ཕྲག་དོག་གདོན་གྱིས་རླམས་སོང་བ་ནི་གོར་མ་ཆགས། ཅི་སྟེ་ཕན་ཚུན་དགག་བཞག་སྤང་གསུམ་གནང་ན་ནི་མཁས་པའི་ལས་ཡིན་ལ་བགྲོ་གླེང་སོགས་གནང་བ་དེ་ཡང་མཁས་པའི་བྱ་བ་ཡིན།
    ངས་མཁས་དབང་བེ་རི་འཇིགས་མེད་ཁོང་ནི་ངོ་མི་ཤེས་ཀྱང་། མ་ཟད་ང་གཉིས་་ཆོས་ཞུགས་ཀྱང་གཅིག་པ་མིན། ཁོང་ནི་རི་བོ་དགེ་ལྡན་པ་དང་། ང་ནི་རྙིང་མའི་ཆོས་རྒྱུད་པ་ཞིག་ཡིན། ངས་ཁང་གི་རྩོམ་དེབ་སོགས་ལྟ་ཀློག་བགྱིས་མྱོང་བས་ཁོང་ནི་མཁས་པ་རྣམ་དཔྱོད་ཅན་ཞིག་ཡིན་པ་རྟོགས་སོང་། ཝ་ཎ་སློབ་ཕྲུག་ཚོར་ལའང་ཁོང་ལྟ་བུའི་དགེ་རྒན་ཞིག་བརྙེད་པ་དེ་ཡང་སློབ་མ་ཚོས་བསོད་ནམས་ཅན་ཡིན་པས་ངོས་འཛིན་ཞུས་བཞིན་ཡོད།

    སློབ་ཕྲུག་ཚོས། ཁོང་གི་རྣམ་དཔྱོད་ལས་འཕྲོས་པའི་ “དཔལ་ཡོན་” གྱི་དྲི་བསུང་དེ་གང་ཐུབ་ཐུབ་ལེན་དགོས་པ་ལས་ཁོང་གི་སྒེར་གྱི་གཤེས་ཀ་དང་ཟ་འདུག་གི་སྤྱོད་པ་ནི་དཔེ་ལེན་དགོས་དོན་མེད། དེ་ནི་ཁོ་རང་ཉིད་ཀྱི་སྒེར་གྱི་ལམ་བུ་ལས་གཞན་ཅི། དེང་སང་དུས་ཚོད་ལ་སྐབས་རེ་གང་ཟག་དཔལ་ཡོན་ཅན་རེ་ཟུང་ཡོང་ན་དེ་ནང་ཁུལ་ནས་གཞན་དབང་ཉོན་མོངས་ཀྱིས་སྣ་ཚོས་བགྲོ་བཏགས་བྱས་དང་བྱེས་མུས་ཡིན་པས་ཚང་མས་གཟབ་པར་མཛོད། བླུན་པོས་ཁྱུ་སྣ་གར་ཁྲིད་དུ་མི་འགྲོ་བར་སོ་སོ་རང་ཉིད་ནས་རྣམ་དཔྱོད་རྩལ་འདོན་ནས་རང་ཚུགས་མ་ཤོར་བ་དང་། གཞན་སེམས་མ་དཀྲུགས་པ་མཛོད་ཅིག
    དགེ་བཤེས་བེ་རི་འཇིགས་མེད་སྐུ་ཚེ་ལ་བར་ཆད་མེད་པ་དང་། ཁོང་གི་རྣམ་དཔྱོད་དེས་རྒྱལ་ཕྱི་ནང་གི་སློབ་མ་ཚོ་ལ་འདི་ཕྱི་གཉིས་ཕན་ཡོང་བར་སྨོན་འདུན་ཞུའོ།།

  3. རྫོང་རྒན། says:
    2019-01-20 at 12:47 am

    ཨ་ཤོ་ཀ་ཞུ་བ་ཁོང་ཕྱོགས་ཞེན་གྱིས་དམ་དུ་བཅིངས་པའི་མཆན་པ་ཞིག་རེད་འདུག ཕལ་ཆེར་ཁམས་རིགས་སུ་གཏོགས་པར་མངོན། མཆན་གཞན་པ་ཨ་མདོ་བ་དང་རྩོམ་པ་པོ་ཨ་མདོ་བ་ཞིག་ཐོན་ཚེ། ལེགས་ཉེས་ཀྱི་མིག་གཉིས་ལ་རྨོངས་པའི་ཕྱོགས་ཞེན་གྱི་རས་ནག་པོ་ཞིག་བསྐོན་ནས། ལག་ན་གླེན་པའི་གྲི་ཁ་གཉིས་མ་ཞིག་འཁྱེར་ནས། རང་གཞན་ཚང་མར་གནོད་པ་ཚབ་ཆེ་བྱེད་མཁན་ཞིག་ལ་མངོན་།

    ནམ་ཡིན་རུང་བློ་སེང་དང་ཁམས་རིགས་ཀྱི་མི་ཞིག་ལ་སྐྱོན་བརྗོད་བྱེད་ཚེ་ཨ་ཤོ་ཁ་དེ་ཐོན་འོང་། ལྟས་ངན་རེད།

  4. ཨ་ཤོ་ཀ། says:
    2019-01-20 at 1:17 am

    ཧཧཧཧ། ད་ཡང་ཡུལ་ལུང་མིང་ཞིག་བསླེབས་ཚར་སོང་བ། ངས་ཝར་ཎ་སློབ་བུ་སུས་གྱེན་ལོག་པ་ཚོ་ཡུལ་ལུང་ག་ནས་མི་ཤེས། དགེ་བཤེས་ཆེན་མོ་བེ་རི་འཇིགས་མེད་དབང་རྒྱལ་ནི་སྒེར་འབྲེལ་ཇ་ཕོར་བ་གང་ཞིགམཉམ་མཐུང་གི་འབྲེལ་བ་་མེད། འོ་ན་གང་རེ་རེད་ཟེར་ན། ཁོང་གི་རྩོམ་དེབ་སྟེ་ ༧ རྒྱལ་བ་༧གོང་ས་མཆོག་གི་མཛད་རྣམ་དང། ་གཞན་ཡང་རྩོམ་སྣ་ཚོགས་ཤིག་བཀླགས་མྱོང་བས་དེ་ལ་བརྟེན་ནས་ཞུས་པ་ཡིན་མ་གཏོགས་ཡུལ་ལུང་གི་ཕྱོགས་ཞེན་རྣམ་ཏོག་སྤུ་ཙམ་ཡང་སྐྱེ་མ་མྱོང་། གལ་སྲིད་ཡིད་མ་ཆེས་ན་ཐབས་ཅི་ཡོད། ཁོང་གི་རྩོམ་དེབ་ནི་ནུབ་ཕྱོགས་པས་དགའ་མིས་བྱེད་བཞིན་འདུག་པས་བྱས་ཙང་། བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་བསྟོད་ཅེས་ང་རང་གཏམ་དཔེ་ཡོད་ོ་བཥིན་རེད། འོན་ཏེ་བོད་མའི་ནང་ཁུལ་ལ་དེང་སང་ལྟོ་གོས་ཏིག་ཙམ་ཡར་རྒྱས་སོང་ཙང་། ཕྲག་དོག་དག་བསྐུར་འདེབས་སེམས་ནང་ལ་བམའཆང་ནས། མང་གཙོ་དང་མང་གཙོ། སྨྲ་བརྗོད་རང་དབང་། ཐོབ་དང་འདྲ་མཉམ་ཟེརན་ཁ་དཀྲི་ནས་དོན་དུ་ཁྲེལ་ནེད། ངི་ཚ་མེད། རྒྱུ་འབྲས་ནི་བརྩི་བའི་ངང་ལ་དུས་འདའ་བཞིན་འདུག་པས་མངོན་གསལ་འདུགཔ།
    ཡང་ན་རྫིང་རྒན་ཁྱོད་དེབ་ཁ་ཤས་རྩོམས་དང་། དགག་ལན་འབྲི་དང་། རང་དབང་ཏེད། ཐོབ་ཐང་རེད། ངས་ཁྱོད་ལ་དེ་ལ་དགའ་བསུ་ཡོད། དེ་མིན་སྔ་མོ་ཨ་མདོ་དགེ་ཆོས་ལའང་སྐྱིནབཏགསརེད། ༧ རྒྱ་དབང་པཎ་ཆེན་༧གོང་མ་ལའང་བོད་པས་སྐྱོན་ག་ཚད་དང་སྒྲོ་བཀུར་ག་ཚད་བཏབ་ཡོད་ཤེས་སམ། གཞི་ནས་མི་འངས་གྲིངས་ཚར་དུས་ཡག་འཇུགས་རབ། དྲིན་ཆེ་རབ་ཅེས་དྲན་གསོ་བྱས་ན་དུས་ཕྱིས་ཚར་རེད་་དོ།། དེ་ཡིན་དུས་སྤྱི་ཚོགས་ནང་དུ་མཁས་ོ་རེ་ཟུངཞུག་བསླེབ་དུས་ཡང་དེ་ལ་སྐྱོན་ཅང་སྔོགས་ཨ།

  5. སྐལ་བཟང says:
    2019-01-20 at 2:48 pm

    མཆན་པ་ཨ་ཤོ་ཀ་དང་རྫོང་རྒན་གཉིས་ལ་ཡིན།
    ཁྱེད་རང་གཉིས་ཀས་ གང་མང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །ཞེས་པའི་བརྗོད་གཞིའི་སྐོར་ལ་བསམ་ཚུལ་སོགས་གང་ཡང་མ་བྲིས་པར་གང་ཟག་སྒེར་ལ་བྲིས་འདུག་པས་ཁྱེད་རང་གཉིས་སྤྱི་ཚོགས་ནང་དཀྲུག་ཤིང་འཕེན་མཁན་གྱི་གཏེ་བོ་གཉིས་ཡིན་པ་ཤེས་ཐུབ།

  6. ཇོ་སྲས་ངག་དབང་། says:
    2019-01-21 at 4:50 am

    བེ་རི་འཇིགས་མེད་ཟེར་བ་དེ་ངས་ངོ་ཤེས། རོ་སྦྱོར་ཁྲམ་རྒམ་ཞིག་ཡིན།

  7. ཉི་མའི་འབངས says:
    2019-01-21 at 5:22 am

    འདིར་མཆན་འདེབས་མཁན་རྣམས་ཀྱིས་གང་ཟག་ལ་སྒེར་ལ་སྐྱོན་མི་འདོགས་པར། རྩོམ་ཡིག་གི་ནང་དོན་ལ་འཐད་དང་མི་འཐད་ཀྱི་དགོངས་ཚུལ་ཡོད་ན། ཡི་རངས་དང་དགའ་བསུ་ཞུ་ཆོག

  8. ཨ་ཤོ་ཀ། says:
    2019-01-21 at 7:30 am

    ་ཧཧཧ་། ཇ་སྲས་ངག་དབང་ཁྱེད་རང་སྒེར་འབྲེལ་མི་དགའ་བས་ན་ཁོང་གི་མཁྱེན་དཔྱོད་ལ་རྒོལ་མི་ཐུབ་་ཡིན་ནའང་རྡོ་དང་དབྱུག་པ་སྣོལ་དང་ཐུབ་ཡོང་།

  9. ཨ་ཤོ་ཀ། says:
    2019-01-31 at 12:14 am

    ངས་དགེ་བཤེས་ཁོང་ལ་བཀྲིས་བདེ་ལེགས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme