Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)

Posted on 2019-01-19 By ཁ་བརྡ 3 Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)

རོང་པོ་བློ་བཟང་རིན་ཆེན།

དེ་རིང་གཞལ་ཡས་ཁང་ལ་འགྲན་པའི་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་དུ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག ལོ་འདིའི་དགེ་བཤེས་ལྷ་རམས་པ་ཉེར་བཞི་དང་ཚོགས་རམས་པ་བཞི་བཅུ་ལྷག་དམ་བཅར་བཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་བརྒལ་ལན་དབུ་འཛུགས་མཛད། ང་རང་གྲལ་མཐར་ཡོད་པས་བརྒལ་ལན་གྱི་དཀའ་གནད་དག་དེ་ཙམ་གསལ་པོ་མི་གོ། དེ་ནས་ངས་<<ཡབ་ཀྱི་བུ་མོར་སྤྲིངས་པའི་འཕྲིན་>>ཞེས་པའི་དེབ་ཆུང་དེའི་ཁ་ཕྱེས་ཏེ་<<སྲོག་ཆགས་དེ་ཚོ་མངོན་འགྱུར་བྱུང་བ་>>ཞེས་པའི་ལེ་ཚན་འདི་ཀློག་འགོ་བརྩམས།

འདིར་“རྣག་ཉ་ལྟ་བུའི་ཉ་སོབ་དང་སྐམ་སར་ལས་སླ་པོའི་ངང་གནས་སྡོད་མི་ཐུབ་པའི་རིགས་གཏོགས་ཀྱི་སྲོག་ཆགས་ཚང་མ་རིམ་གྱིས་ཇེ་ཉུང་དུ་ཕྱིན་པ་དང་། ཕྱི་ཤིན་མཁྲེགས་པོ་ཅན་གྱི་སེམས་ཅན་རྣམས་ཇེ་མང་ནས་ཇེ་མང་ལ་ཕྱིན་པ་རེད།”ཅེས་ས་སྒང་འདིར་སྲོག་ཆགས་མངོན་དུ་གྱུར་ཚུལ་རགས་བཤད་ཅིག་བྱས་འདུག དེ་ཙམ་གྱིས་སྲོག་ཆགས་མངོན་དུ་གྱུར་པའམ་འཕེལ་རྒྱུས་བྱུང་ཚུལ་ལ་གོ་བ་ཆ་ཚང་ཞིག་སྦྱིན་མི་ཐུབ་ཀྱང་། དོགས་སློང་དང་དཔྱད་གཞིའི་རྩོམ་ཡིག་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱེད་འོས།

རྣག་ཉ་ལྟ་བུའི་ཉ་སོབ་དང་སྐམ་སར་ལས་སླ་པོའི་ངང་གནས་སྡོད་མི་ཐུབ་པའི་རིགས་ཇེ་ཉུང་དང་། ཕྱི་ཤིན་མཁྲེགས་པོ་ཅན་གྱི་ཆུ་སྲིན་དང་། གཅན་གཟན། འདབ་ཆགས་སོགས་ཇེ་མང་ཇེ་ལེགས་སུ་སོང་། གཅིག་བྱས་ན་ད་ལྟའི་གླེན་ཞིང་ལྐུག་པའི་དམའ་རིམ་སྲོག་ཆགས་དེ་དག་ཀྱང་ལོ་ངོ་ས་ཡ་དུ་མའི་འཕྲོ་ནས་མི་རུ་འགྱུར་བ་ཡང་མི་སྲིད་པ་མེད་ཅེས་ནེ་རུ་ཁོང་གིས་ཚོད་དཔག་བྱས་ཤིང་། འགྲོ་བ་མི་ཡང་དང་ཐོག་བློ་རིག་ཅུང་ཙམ་གསལ་བའི་སྤྲ་ཞིག་ཡིན་པ་དང་། ཁོས་མུ་མཐུད་དུ་འཕེལ་རྒྱས་ལ་འབད་བརྩོན་བྱས་པས་ད་ལྟ་རང་ཉིད་ནི་རྫོགས་མཐའ་མེད་པའི་འགྲོ་བ་ཞིག་དང་། དུད་འགྲོ་ལས་རྦད་དེ་ཁ་ཁ་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་ཅེས་མཇུག་བསྡོམས་བྱས་པ་ལ་བལྟས་ན། ནང་པ་སངས་རྒྱས་པས་དང་ཐོག་སེམས་ཅན་ཐམས་ཅད་ལས་ཉོན་གྱི་གཞན་དབང་དུ་གྱུར་ཅིང་། རིམ་གྱིས་རང་ཉིད་ཀྱི་འཕེལ་རྒྱས་ལ་འབད་བརྩོན་དང་། སྒྲུབ་པ་ཉམས་ལེན་བྱས་ན་སེམས་ཅན་ཐམས་ཅད་སངས་རྒྱ་བར་ཚིག་ཐག་བཅད་པ་དེའང་ལྷ་སྒྲུང་ཞིག་མིན་པའི་ངེས་པ་མི་སྟེར་རམ།

ཡང་ཁོང་གིས་སྲོག་ཆགས་རྣམས་ཀྱིས་རིམ་བཞིན་རང་ཉིད་རང་གི་ཁོར་ཡུག་དང་རན་པོ་བཟོས་པ་རེད་ཟེར། དཔེར་ན་དགུན་ཟླ་དང་འཁྱགས་རོམ་གྱིས་ཟིན་པའི་ས་ཆར་གནས་པའི་འདབ་ཆགས་དང་བྱོལ་སོང་དུད་འགྲོའི་རིགས་ཀྱི་སྤུ་མདོག་ཁ་བ་ལྟར་དཀར་པོ་ཡིན་ཞིང་། ལྗང་མདོག་གི་རྩི་ཤིང་དང་ལྗོན་ཤིང་མང་སའི་ཚ་བའི་ལུང་པར་གནས་པའི་སེམས་ཅན་དེ་དག་གི་སྤུ་མདོག་ལྗང་ཁུ་དང་རང་ཉིད་གནས་སའི་ཁོར་ཡུག་དང་རན་པོ་ཡོད། དེ་ནི་ཁོང་ཚོས་རང་ཉིད་རང་གི་ཁོར་ཡུག་དང་རན་པོ་བཟོས་པའི་དན་རྟགས་དང་། རང་ཉིད་དགྲ་ལས་སྲུང་སྐྱོབ་བྱེད་ཕྱིར་རང་གི་ཁ་དོག་ལ་འགྱུར་བ་བཏང་བ་རེད་ཅེས་བརྗོད་ཡོད།

མ་ཟད་ས་གཞི་འདི་དང་ཐོག་ནགས་ཚལ་འཐུག་པོ་ཞིག་དང་འབྲེལ་བའི་འདམ་རྫབ་ཅིག་གིས་ཡོངས་སུ་ཁྱབ་ཅིང་། དེའི་རྗེས་ས་སྒང་འདིའི་འགྱུར་ལྡོག་ལ་བརྟེན་ནས་ནགས་ཚལ་དེ་དག་རྡོ་འབོར་ཆེན་མང་པོས་གབ་པ་རེད་ཅེས་བརྗོད་ཡོད། དེའི་བདེན་དཔང་དུ་ང་ཚོས་གཏེར་ཁ་སྔོག་པ་ལས་རྡོ་སོལ་རག་པ་དང་། དེའང་སའི་གཏིང་ཟབ་ས་ནས་ཐོན་གྱི་ཡོད་ཅེས་བཀོད་ཡོད། དེ་དག་ཚང་མ་དོན་དངོས་དང་མཐུན་མིན་གང་ཡིན་ཡང་། ཡིད་ལ་འཛིན་སླ་བའི་དཔེར་མཚོན་དང་འགྲེལ་བཤད་ལྷུག་པོར་གནང་འདུག

2019/1/16ལ་རང་ཤག་ཏུ་བྲིས།

བསམ་ཚུལ།

Post navigation

Previous Post: བོད་ནང་ནས་ཨ་རིའི་དོན་གཅོད་ལ་ལན་འདི་བསྐུར་འདུག
Next Post: ཝཱ་ཎའི་སློབ་དཔོན་ཞིག་གི་བཀའ་ལ་གྱེན་ལོག

Comments (3) on “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།(5)”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-01-19 at 8:32 pm

    འཇིག་རྟེན་ས་གཞི་ཆགས་རབས་དང།
    སྲོག་ཆགས་སྐྱེ་འགྲོ་འཕེལ་རིམ་སོགས་།
    རིག་པས་དཔྱད་ན་དཔྱད་ལུགས་རེ།
    ནང་ཆོས་རིག་པས་བསྟན་པའི་བརྟེན་འབྱུང་ལྟ།
    ཚན་རྩལ་རིག་པས་བསྟན་པ་དངོས་གཙོ་གཉིས།
    དོན་དངོས་ཚོད་དཔག་བློ་ཡིས་དཔྱད་པ་ལས།
    གཅིག་ཏུ་ངེས་པའི་གནས་ལུགས་བར་ཐག་འགྱངས།

  2. འབྲོང་བུ་སོག་ཚ། says:
    2019-01-25 at 1:48 am

    བཞེས་ས་རྐང་ཆག་འདི་འདྲ་མ་བྲིས་ན་བཟང་། ཡབ་ཀྱིས་ཞེས་བྲིས་ཚར་བའི་རྗེས་ལ་བོུར་ཞེས་པའི་ཚབ་ལ། སྲས་མོར་ཞེས་བྲིས་ན། ཡབ་ཀྱིས་སྲས་མོར་ཕུལ་བའི་ཕྲིན་ཞེས་བྲིས་ན་ལེགས། དེ་མིན་ཕས་བོུར་སྤྲིངས་པའི་ཕྲིན་ཡིག་ཅེས་བྲིས་ན་ལེགས་ཤོས་སུ་མཐོང་།

  3. རྟ་དབྱངས། says:
    2019-01-25 at 11:43 am

    ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (5)
    དེའང་བཀླགས་ཚར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme