Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་གཅོད་མཚོ་སྒོ་ལྷག་པའི་གོང་ལ་དཔལ་འབྱོར་ཚེ་རིང་ཡོད།

Posted on 2019-01-12 By ཁ་བརྡ 8 Comments on དོན་གཅོད་མཚོ་སྒོ་ལྷག་པའི་གོང་ལ་དཔལ་འབྱོར་ཚེ་རིང་ཡོད།

བོད་པས་བྲིས།

ལབ་སྲོལ་དུ<སིད་ནེ་བོད་རིགས་མཐུན་ཚོགས>ཞེས་པའི་རྒྱུན་ལས་སྐབས་དགུ་པའི་དུས་སུ་དེབ་སྐྱེལ་བྱས་ཤིང་རྒན་རྡོ་རྗེ་ལགས་ཀྱིས་གཙོ་འཁན་འཁུར་པའི་<ཨོ་སི་ཀྲེ་ལེ་ཡའི་བོད་ཁང>འཛུགས་བསྐྲུན་བྱ་རྒྱུའི་ལས་མགོ་བཙུགས། གཞན་གྱི་ལས་བཟང་བསྒྲུབ་པར་ཕྲག་དོག་དང་ཕྱོགས་ལྷུང་། གཡོ་སྒྱུའི་སྡེར་མོ་སྤུ་གསེང་དུ་སྦོས་པའི་ཞེན་ཀོག་རྐམ་པོ་ཅན་ཚོས། འདི་གར་བོད་སྤྱི་བའི་བྱ་བ་གང་བྱས་ཀྱང་ <སིད་ནེ་བོད་རིགས་མཐུན་ཚོགས>ལས་གཞན་གང་གིས་བྱས་མི་ཆོག་པ། བོད་ཁང་ཡང་སྒེར་བ་ལ་བདག་འགྲོ་བ་སོགས་གླེང་ཕྱོགས་ཕྲུན་བུ་རེ་བཟོ་བཞིན་ཡོད། རྒྱུན་ལས་སྐབས་དགུ་པའི་ལས་ཡུན་ལོ་གཉིས་ཟིན་པ་དང་རྒྱུན་ལས་སྐབས་བཅུ་པ་གདམས། སྒྲིག་གཞི་ལྟར་ན་ཚོགས་གཙོ་རྒྱུན་ལས་ཚོས་འོས་འདེམས་བྱེད་དགོས་ཀྱང་། འཇིགས་མེད་རྡོ་རྗེ་ཡིས་ཁོ་རང་འོས་གྲངས་མཐོ་ཤོས་ཡིན་པས་ཚོགས་གཙོ་ཡིན་ཤག་གིས་རྒྱུན་ལས་རྣམས་ལ“ད་རེར་ཡང་མི་མང་གིས་ང་ཚོགས་གཙོར་གདམས་འདུག”ཅེས་ཁ་པར་བཏངས་ཏེ་ཚོགས་འདུ་བསྡུས་ནས་རྒྱུན་ལས་རྣམས་ལ་ལས་བགོས་བརྒྱབ།

བོད་ཁང་བཀགས་འགོག

གཡོ་སྒྱུའི་སྡེར་མོ་སྤུ་གསེང་དུ་སྦོས་པའི་ཞེན་ཀོག་རྐམ་པོ་ཅན་ཚོར་འདོད་པ་མེད་ཙང་། ཚོགས་གཙོ་འཇིགས་མེད་རྡོ་རྗེ་ཡིས་རང་ལ་ཡིད་ཆས་དང་བོད་རིགས་མཐུན་ཚོགས་ལ་གུས་བརྩི་ཡོད་པའི་ཕྱོགས་གཏོགས་ཁག་ཅིག་ལ་ཡང་འདོད་པ་མེད་པ་བཟོ་ཐུབ་རྗེས། ཚོགས་འདུ་ཞིག་གི་ཉིན་རྒན་རྡོ་རྗེ་མེད་པའི་བར་སྐབས་དང་བརྟུན་ནས་གློ་བུར་དུ་<ཨོ་སི་ཀྲེ་ལེ་ཡའི་བོད་ཁང>དགོས་མི་དགོས་ལག་པ་བཀྱག་ན་ཡག་པོ་འདུག་ཅེས་གློ་བུར་ལག་བཀྱག་ནས་ཐག་གཅོད་རྩིས་བྱེད་སྐབས། ཚོགས་མི་འགས་ཐོག་བརྒྱག་གོབ་བརྒྱག་འདི་འདྲས་དོན་ཆེན་ཐག་གཅོད་ག་ལ་འོས། མི་མང་པོས་འདིའི་སྐོར་ཡག་པོ་མཁྱེན་ཀྱི་ཡོད་ན། ང་ཡིས་ནི་ཧ་གོ་གི་མེད། མི་མང་ཡང་མང་པོ་འཛོམས་མེད་པ། རྗེས་སུ་སྔ་ས་ནས་འདིའི་ཐད་ཀྱི་ཚོགས་འདུ་བསྐོང་རྒྱུ་ཡིན་པའི་གསལ་བསྒྲག་བཏངས་ནས་ཚོགས་འདུ་ཚོགས་དགོས་པ་སོགས་ལབ་གླེང་སྣ་ཚོགས་ཀྱིས་ཉིན་དེར་ཐག་གཅོད་མ་ཐུབ་པར་ལུས།

རྗེས་སུ་རྦི་རོ་ཁུ་ཝེལ་ཉིན་སློབ་ནང་དུ་<ཨོ་སི་ཀྲེ་ལེ་ཡའི་བོད་ཁང>ཐད་ལ་ཚོགས་འདུ་ཞིག་ཚོགས། དེ་དུས་རྒན་རྡོ་རྗེ་ལགས་ཀྱིས་<ཨོ་སི་ཀྲེ་ལེ་ཡའི་བོད་ཁང>གི་འཆར་གཞི་ངོ་སྤྲོད་བྱས། དེའི་ཉིན་ཚོགས་གཙོ་འཇིགས་མེད་རྡོ་རྗེ་ཡིས་<ཨོ་སི་ཀྲེ་ལེ་ཡའི་བོད་ཁང>དགོས་པའི་ལྡོག་ཕྱོགས་ནས་ཅི་ཡང་བཤད་ཡ་མེད་སོང་པ་འམ་མ་ཕོད་པ་གང་ཡིན་ནམ་དགག་བྱ་འདྲ་བྱས་མ་སོང་། ཚོགས་ཆུང་བཞི་ལྔ་ཞིག་ཏུ་བགོས་ནས་གོ་བསྡུར་བྱས་འབྲས་སུ <ཨོ་སི་ཀྲེ་ལེ་ཡའི་བོད་ཁང>མི་དགོས་ཟེར་ཡ་ཕར་གཞག ཆ་ཤས་བླངས་ནས་ཡར་རྒྱས་སུ་གཏོང་ཐབས་རྐྱང་ཆགས་རེད། གནས་ཚུལ་དམིགས་བསལ་ཞིག་ནི་གཞོན་སྐྱེས་ལོ་ཉི་ཤུ་ཟིན་ལ་མ་ཟིན་ཚོའི་ཚོགས་ཆུང་གིས་འཛིན་གྲྭ་དགུ་བ་བཅུ་བ་འགྲིམས་བཞིན་པའི་སློབ་ཕྲུག་ཚོར། ཨང་རྩིས་དགེ་རྒན་བཙལ་ནས་དུས་རྒྱུན་འཚོག་བཞིན་པའི་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭའི་ཉིན། ཁོང་ཚོར་ཡང་འཛིན་གྲྭ་ཡོད་པའི་རེ་བ་བཏོན་ཡོད་ཅིང་། དེ་བཞིན་རྒན་རྡོ་རྗེ་ལགས་ཀྱིས་ཀྱང་ཟླ་ངོ་གཅིག་ཙམ་ཡང་མ་འགྱངས་པར་དགེ་རྒན་དབྱིན་ཇུ་བ་ཞིག་བཙལ་ནས་འཛིན་གྲྭ་འཚོག་བཞིན་སྡད་ཡོད་པ་རེད།
དགོངས་ཤོག་རྒྱུན་ལས་ལ་མ་སྤྲད་པར་མི་མང་ཚོགས་འདུ་ལ་སྤྲད་པ།

རྒྱུན་ལས་སྐབས་བཅུ་བའི་དུས་ཡུན་རྫོགས་པར་ཟླ་ངོ་བདུན་བརྒྱད་ལས་མེད་པའི་སྐབས་དེར་ཚོགས་གཙོ་འཇིགས་མེད་རྡོ་རྗེ་ཡིས་ཚོགས་པ་སྤྱིའི་འགྲོ་ལུགས་བཞིན། དགོངས་ཤོག་རྒྱུན་ལས་ལ་མ་སྤྲད་པར་མི་མང་ལ་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཏུ་དགོངས་ཤོག་དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ཐོོག་ཏུ་བཀྲམ་ཞིང་། ཁོ་རང་རྒྱུན་ལས་ནས་དགོངས་པ་ཞུ་དགོས་དོན་དྲན་སོས་ལྟར་ན་”་ངའི་བསམ་ཚུལ་ལ་ཚོགས་མི་མང་ཆེ་པས་རྒྱབ་སྐྱོར་ཐོབ་ཀྱི་མི་འདུག་པས་ཁོ་བོས་ཕན་ཐོག་གི་མེད་པར་སོང་ཙང”དགོངས་པ་ཞུ་ཡི་ཡོད་པ་བྲིས་ཡོད་སྙམ། གང་ལྟར་དོན་སྙིང་རྒན་རྡོ་རྗེས་ལགས་ཀྱིས་གཙོ་འགན་འཁུར་བའི་ཚོགས་པ་དེས་བོད་ཁང་འཛུག་རྒྱུར་འདོད་པ་མེད་པར་ནུས་པ་མ་ཐོབ་པ་དེ་རེད། སྐབསདེའི་ཚོགས་འདུ་ལ་མི་སུམ་ཅུ་བཞི་བཅུ་ཙམ་འཛོམས་ཡོད་ས་རེད། དེ་དུས་མི་མང་ནང་ནས་སུས་ཀྱང་དགག་བྱ་བྱས་མེད། དེ་རྗེས་རྒྱུན་ལས་ནང་གི་ཚོགས་གཙོར་འོས་ཤོས་ནི་རྒན་རྡོ་རྗེ་དང་ལུས་བཟང་ལགས་རྣམ་གཉིས་ཡིན་པས་རྒྱུན་ལས་ཚོས་ཁོང་གཉིས་ལ་རེ་བ་ཞུས་ཀྱང་ཞལ་བཞེས་མ་གནང་། ཐ་མ་ཚོགས་གཙོར་སྡད་མཁན་སུ་ཡང་མ་བྱུང་ཙང་རྒྱུན་ལས་གསར་འདེམས་གསལ་བསྒྲག་དང་ལྷན་རྒྱུན་ལས་འོས་མི་ཡང་གསལ་སྒྲག་བྱས།

དཔལ་འབྱོར་ཚེ་རིང་གིས་འོས་སྒམ་རྡོག་རྫིས་བཏངས་པར་ངོས་ལན་བྱས་པ།

དངོས་སུ་འོས་འཕེན་པའི་ཉིན་མི་ཧ་ཅང་མང་བོ་འཛོམས་པའི་སྐབས་སུ། དཔལ་འབྱོར་ཚེ་རིང་ཡར་ལང་ནས་འཇིགས་མེད་རྡོ་རྗེ་ལ་དགོངས་པ་སུས་སྤྲད་རེད། ཁོ་རང་འཇགས་ཚོགས་གཙོར་སྡོད་དགོས་ཡོད་ཅེས་སྐད་ཆེན་པོས་བཤད། སྐབས་དེར་གཙོ་སྐྱོང་གནང་མི་ལུས་བཟང་གིས་དང་ཐོག་འོས་བླུག དེ་ནས་གྲངས་ཀ་བརྒྱབ་དུས་མི་མང་ལ་བསམ་ཚུལ་བཤད་བཅུག་གི་ཡིན་ཞེས་ལབ་དུས། དཔལ་འབྱོར་ཚེ་རིང་གིས་སྐད་ཆེན་པོ་བརྒྱབ་བཞིན་ཕར་སོང་ནས་འོས་སྒམ་རྡོག་རྫིས་བཏངས་པ་རེད། དེ་མ་ཐག་མི་ཞིག་ཡར་ལངས་ནས་འོས་སྒམ་རྡོག་རྫིས་བཏངས་པར་དགག་པ་བྱེད་སྐབས། འཇིགས་མེད་རྡོ་རྗེ་ཡར་ལངས་ནས་”ཁྱེད་རང་ཚོ་མི་མང་གིས་ང་རང་རང་འཇགས་ཚོགས་གཙོར་སྡད་དགོས་ཡོད་ལབ་ཙང་ང་རང་འཇགས་ཚོགས་གཙོར་སྡད་ཀི་ཡིན”་ཞེས་དཔལ་འབྱོར་ཚེ་རིང་གི་བྱ་འགུལ་དང་ལེན་བྱས་པ་རེད། མི་མང་ཧོན་ཐོར་ནས་རང་རང་སར་ལོག་པ་རེད། དཔལ་འབྱོར་ཚེ་རིང་གིས་སྦྲིས་ཝ་ཡེ་མི་མང་གི་འོས་སྒམ་རྡོག་རྫིས་བཏངས་པ་རེད་ཅེས་མིང་ཆད་ངན་པ་ཡང་དེ་དུས་འཁུར་དགོས་བྱུང་པ་རེད། དཔལ་འབྱོར་ཚེ་རིང་ལ་མི་མང་གིས་ཁ་གཏད་མ་ཆོག་པ་རྩ་བ་ནས་མིན་ཀྱང་། འཇིགས་མེད་རྡོ་རྗེ་ཡིས་ཁོ་རང་འཇགས་ཚོགས་གཙོར་སྡད་ཀྱི་ཡིན་ཞེས་ཚོགས་འདུའི་ཁ་ཕྱོགས་བློ་བུར་བསྒྱུར་པས་རེད།

དཔལ་འཇིགས་ནུས་པ་མཉམ་སྤུངས།

བོད་ཁང་ལ་ཁ་གཡར་ནས་དཔལ་འབྱོར་ཚེ་རིང་དང་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་ནུས་པ་མཉམ་སྤུངས་བྱས་པར་དོག་པ་བྱེད་དོན་ག་རེ་རེད་ཟེར་ན། སྐབས་བཅུ་གཅིག་པའི་རྒྱུན་ལས་གསར་བར་ཁ་དག་གཡོག་པའི་མཛད་སྒོར་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་རྣམ་གཉིས་དངོས་སུ་ཕེབ་ཡོད་ཀྱང་ངོ་རྒོལ་ཟེང་ཟིང་གིས་ཁ་དག་བཏང་བཅུག་མེད། ཕྱི་སུ་རྒྱུན་ལས་གསར་བས་མིང་མང་གི་ཚོགས་འདུ་ཐོག་མ་དེ་ཡང་ཚོགས་བཅུག་མེད། དེ་དུས་དངོས་སུ་དཔལ་འབྱོར་ཚེ་རིང་དང་ལྷན་དུ་མི་ཚང་བཞི་ལྔ་ཙམ་ཡོད་ཀྱང་། མི་ཚང་བཞི་ལྔ་ཙམ་པོ་དེ་ཚོ་ནི་འཇིགས་མེད་རྡོ་རྗེ་ཡི་བསྒུལ་ཤུགས་རྐྱེན་ཁོ་ནས་མ་གཏོགས། དཔལ་འབྱོར་ཚེ་རིང་གིས་ཁོ་བའི་ཕྱོགས་སུ་འཁྲིད་ཐུབ་མཁན་དག་རྩ་ནས་མིན་པ་དེ་སྔའི་ཁོང་ཚོའི་བར་གྱི་འབྲེལ་བས་ཤེས་ནུས། ཕྱིས་སུ་ཡང་ཁོང་ཚོ་དཔལ་འབྱོར་ཚེར་དང་འབྲེལ་བ་ཆགས་མེད། མ་ཟད་འཇིགས་མེད་རྡོ་རྗེ་དང་འགལ་བ་ཆགས་ཡོད།

སྐབས་བཅུ་གཅིག་པའི་རྒྱུན་ལ་ངོ་རྒོལ་བྱེད་དགོས་དོན་ནི། སྒྲིག་གཞུ་རུ་རྒྱུན་ལས་ལ་བསྟུད་མུར་ཐེང་གཉིས་སྡད་མི་ཆོག་ཅེས་བཀོད་ཡོད་པའི་སྦིར་གྲགས་དེ་བདེན་པར་རློམས་ནས། རྗེས་མའི་རྒྱུན་ལས་ལ་་ཞེན་ཀོག་རྐམ་པོ་ཅན་་རང་ཚོའི་བཀོད་འདེམས་འོག་ལ་འགྲོ་ཐུབ་མཁན་ཞེ་གཅིག་གདམས་རྩིས་ཡོད་ཀྱང་། ཁོ་ཚོའི་་མངོན་འདོད་ལས་ཧ་ལོག་ནས་རྒྱུན་ལས་གདམས་ཐོན་བྱུང་སྟབས། ལྐོག་ནས་ཁ་མཐུན་བྱས་འདུག་ཟེར་ནས་རྙོག་དྲ་བཤད་པ་ཙམ་རེད།

ཡང་ཕྱིས་སུ་ཨོ་གླིང་རྒྱལ་ཡོངས་ཚོགས་གཙོ་མགོ་ཚང་ནེ་རྒན་གྱིས་བསྐོང་ཚོགས་བྱས་པའི་བོད་རིགས་ཚོགས་ཆེན་སྐབས། བརྗོད་གཞི་དཔལ་འབྱོར་ཚེ་རིང་གི་དོན་གནས་དང་འབྲེལ་སྐབས་དེར་དཔལ་འབྱོར་ཚེ་རིང་ཡང་ཚོགས་འདུར་ཞུགས་ཡོད་ཅིང་། མདོ་འཛིན་པས་བརྗོད་གཞི་སྒྲོག་སྦྱང་བྱེད་དུས་ཚང་མ་ཁུ་སུམ་མར་སྡད། མདོ་འཛིན་པས་ངས་བཤད་པ་གོ་མེད་ས་རེད་ཅེས་ཡང་སྐྱར་བརྗོད་གཞི་སྒྲོག་སྦྱང་བྱས། དེ་ནས་ལ་པ་བཀྱག་མཁན་མི་ཁ་ཤོས་བྱུང་བའི་ནང་གི་འཇིགས་མེད་རྡོ་རྗེ་ཡིས་སིད་ནེའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ནས་གདོང་ལན་བྱས་མ་སོང་ལབ་རེད། དེར་མདོ་འཛིན་པ་ཕུར་བུ་ཚེ་རིང་རླུང་ལང་ནས་སྐད་ཆ་བཤད་རེད། ལྷག་པར་ཏུ་ཚོགས་གཙོ་ཁང་གཉེར་ཚང་ཕུར་བུ་བཀྲིས་ལགས་ཀྱིས་འཇིགས་མེད་རྡོ་རྗེ་ཡི་མིང་བོས་ནས་སིད་ནེའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ནས་གདོང་ལན་ག་རེ་ག་རེ་བྱས་ཡོད་པ་རེ་རེ་བཤད་རེད། དེ་ནས་དཔལ་འབྱོར་ཚེ་རིང་ཟེར་བ་དེ་བོད་རིགས་མཐུན་ཚོགས་ཁག་གི་བྱེད་སྒོ་གང་ལ་ཡང་ཞུགས་མི་ཐུབ་བཟོས་ཡོད་རེད།

སྐབས་དེ་དུས་འཇིགས་མེད་རྡོ་རྗེ་ནི་སྐབས་བརྒྱད་པའི་ཚོགས་ཟུར་དང་ད་ལྟའི་ལས་ཐོག་པ། གསར་འབྱོར་ནང་གི་སྔ་ཤོས། ལྷག་པར་ཏུ་མི་གསར་བ་སླེབ་དུས་ཁོ་རང་དང་ཁོ་རང་གི་གཟའ་ཟླ་གཉིས་ཀྱིས་རོགས་བྱེད་པ་སོགས་མི་ཧ་ཅང་མང་པོར་འབྲེལ་འཛིན་ཅི་གནང་གི་རེད། ཡིན་ན་ཡང་རྒྱུན་མི་རིང་བར་འབྲེལ་བ་ཆད་འགྲོ་གི་འདུག་པའི་སྣང་བ་སྟེར། མ་ཟད་སྐུ་ཚབ་དོན་གཅོད་ཁང་ལ་ཡང་དེ་ཙམ་དགའ་མི་འདུག་སྙམ། ཚོགས་འདུ་ཞིག་ལ་དང་བླང་དཔྱ་དངུལ་དབུས་བོད་མིའི་སྒྲིག་འཛུག་ལ་འབྱོར་ཡོད་མེད་དོག་འདྲི་ཞིག་ལ་”ང་ཚོས་དོན་ཁང་ལ་བཏང་གཞག་ཡོད། དོན་ཁང་གིས་བཏང་ཡོད་མེད་སུས་ཀྱང་་ཤེས་ཀི་མེད”ཅེས་ལན་བཏབས། དེ་བཞིན་རྒན་རྡོ་རྗེ་ལགས་དང་རྡོ་རྗེ་སྒྲོལ་མ། བསྟན་འཛིན་སྐལ་ལྡན། རིག་འཛིན་བླ་མ། ཆོས་སྒྲོན། དགོ་ཚང་ནེ་རྒན་སོགས་ཤེས་ཡོན་དང་ནུས་པ་ཅན་ཚོར་མཐུན་པོ་མི་འདུག དེ་བས་ཀྱང་བཤད་མི་ཤེས་པ་ཞིག་པ་བོད་དོན་རྒྱབ་སྐྱོར་ཚོགས་པ(ATC) ཡི་ཚོགས་གཙོ་ལ་མི་དགའ་བ་བྱེད་ཀྱི་འདུག རྒྱུན་ལས་སྐབས་བརྒྱད་པའི་སྐབས་སུ་ཡང་རྒྱུན་ལས་ནང་ཁུལ་ལ་འགལ་ཟླ་བྱུང་ཡོད་འདུགལ། རང་གི་འདོད་པ་དང་མ་མཐུན་པས་རྒྱུན་ལས་ནས་སྤྱུགས་པའི་གནས་སྟངས་ཡང་བྱུང་ཡོད། གང་ལྟར་དེ་ནས་བཟུང་སྐབས་བཅུ་བཞི་པའི་བར་རྒྱུན་ལས་ལ་སླབ་ཐུབ་མེད།

བསམ་ཚུལ།

Post navigation

Previous Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། ( 3)
Next Post: བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་འགྱུར་རིག་པ་ ( MEDIA )ཉུང་བའི་སྐྱོན།

Comments (8) on “དོན་གཅོད་མཚོ་སྒོ་ལྷག་པའི་གོང་ལ་དཔལ་འབྱོར་ཚེ་རིང་ཡོད།”

  1. ཨ་ཤོ་ཀ། says:
    2019-01-13 at 5:00 am

    ཧཧཧཧ། ཆབ་སྲིད་བཙོན་ཟུར་བ་མིང་འཁྱེར་མཁན་ཚོས་་་རང་དབང་མང་གཙོ་ལུང་པར་བསླེབས་དུས་ཡང་ཕྲག་དོག་དང་ཕྱོགས་རེས་ཅང་བཟོ་ནས་དྲ་ལམ་བཀྲམ་་་་ངོ་མ་བོད་པ་སྦར་གང་མེད་པ་ཚོས་་་་དེ་འདྲ་གང་རེང། བོད་པ་དེ་ཚི་རྒྱ་དམར་་་འོག་འདུག་ན་ཡག་ཤོས་རེང། ཆོས་དད་རང་ངབང་གཅིག་པུ་སྤྲད་་་ཆབ་སྲིད་དེ་རྒྱ་དམར་འོག་ལ་འདུག་ན་ཡག་ས་མ་རེང་པས། ད་ལྟོས་དང་ཨ་རིའི་བོད་པ་ཚོས་ཞབས་འདྲེན་གང་འདྲ་བྱེད་བཞིན་འདུག་་་ད་ཨོ་སི་ཀྲོ་ལི་ལ་མགོ་ཚུགས་སོང་་་ཨ་ཙི་བོད་པ་དེ་ཚོ་་། མ་འོངས་་རྒྱ་གར་དུ་བཙན་བྱོལ་གཞུང་དེ་རྒྱ་བལ་འབྲུག་གསུམ་གཞི་ཆགསདང་བོད་ནས་ཡོང་བའི་བོད་དེར་སྡོད་མཁན་མ་གཏོགས་་་ཕྱི་རྒྱལ་ཀྱི་མི་སེར་ཡོད་མཁན་ཚོ་ལ་འོས་འཕེན་ཡག་ཐོབ་ཐང་ལ་ཉེན་ཁ་ཡོད་རེད་་རྒྱ་གར་གཞུང་གིས་གནས་ཚུལ་དེ་རིགས་ཡག་པོ་མོས་མཐུན་དཀའ་ངལ་རེད་ད།

  2. འཇམ་དཔལ་ཚུལ་ཁྲིམས says:
    2019-01-14 at 12:27 pm

    ངས་ནི་རྩོམ་འདིས་གང་ཞིག་བཤད་ཀྱིན་པ་ཡེ་ནས་ཤེས་རྟོགས་ཐུབ་མ་སོང་།

  3. བོད་ཁམས་སྡེ་ says:
    2019-01-14 at 5:56 pm

    དྲང་པོ་བཤད་ན་ང་ཚོ་བོད་པ་འདི་རྒྱག་ཉན་མེད་པའི་མི་རིགས་ཞིག་རེད་ དཔེར་ན་ཨ་རི་དང་ ཡུ་རབ་ ཨོ་སི་ཊོལ་ཅས་ལ་དཔལ་འབྱོལ་གྱི་གནས་སྟངས་གཏོག་ཙམ་བཟང་ས་ལ་འདི་ཚོས་མི་བྱེད་དགུ་བྱེད་ཤེས་ཀྱི་འདུག། དོན་ངོ་མའི་བོད་མི་རིགས་ཀྱི་རྩ་དོན་བོར་ནས་མི་སྒེར་གྱི་དབང་ཆ་ཐོབ་ཤོར་དང་གཡོ་ལེན་གྱི་དཔལ་འབྱོར་ཚོལ་སྒྲུབ་ཁོ་ན་ལ་མགོ་འཁོར་ནས་འདི་ངོ་ཚ་ཞིག་མེད་ངོ་མ་རེད།

  4. ཨ་ཤོ་ཀ། says:
    2019-01-14 at 7:25 pm

    བོད་ཁམས་སྡ་བ་ལགས་གསུངས་ལ་མོས་མཐུན་ཡོད། བཀྲིན་ཆེ། རེད་འདུག་བོད་པ་ཚོས་ཁ་ལ་མང་གཙོ་མང་གཙོ་ཟེར་ནས་ལྟོ་གོས་འགྲིག་ཙམ་རེད་་དུས་དེང་སང་ནུབ་ཕྱོགས་ལཡང་པ་ལ་བསྡད་མཁན་ཚོས་་་ཕྱུའི་ཡུལ་མི་ལག་འཁྱེར་དེ་ཡོད་་་དོལ་འབྱོར་ཏིག་ཙམ་་་ཡོད་དུས་་་ད་སྨྱོན་ོ་འདྲ་བོ་ཆགས་འདུག་བ་་་ད་ཨོ་སར་ཀྲིར་ལ་མགོ་འཛུག་ཚར་འདུག་་ལྟས་ངན་དེ་་་་ག་རེ་གི་ཚོགས་ོ་རེང་་་རྙོག་གྲ་ཅང་དྲ་ལམ་ནས་བཏང་་་། ལྟོས་དང་་་འབྲུག་རྒྱལ་ཁབ་གཙང་མ་ཅན་་་གང་འདྲ་འདུག་སུས་སུ་ལ་དྲ་ལམ་ནང་དུ་ཕྲག་དོག་དང་ངན་སེམས་བྱས་འངུག་གམ་་་བོད་པ་སྤྲང་པོ་ཚིས་འདི་མ་གཏོགས་ཅི་ཡོད་་་་འདི་མང་གཙོ་མ་རེད། ཕྲག་དོག་རེད། འངི་མང་གཙོ་སྨྲ་བརྗོད་མ་རེད། འགྲན་སེམས་རེད། འངི་མང་གཙོ་མ་རེད་བསམ་ངན་རེད། ད་དུང་བོད་པ་ཚོས་དབུ་མའི་ལམ་ངང་རང་བཙན་དགོས་ཟེར་ན་ཧཧཧཧཧཧ

  5. ཨ་ཤོ་ཀ། says:
    2019-01-14 at 7:31 pm

    བོད་ཁམས་སྡེ་བ་ལགས་གསུངས་ལ་མོས་མཐུན་ཡོད། བཀྲིན་ཆེ། རེད་འདུག་བོད་པ་ཚོས་ཁ་ལ་མང་གཙོ་མང་གཙོ་ཟེར་ནས་ལྟོ་གོས་འགྲིག་ཙམ་རེད་་དུས་དེང་སང་ནུབ་ཕྱོགས་ལུང་པ་ལ་བསྡད་མཁན་ཚོས་་་ཕྱུའི་ཡུལ་མིའི་ལག་འཁྱེར་དེ་ཡོད་་་དཔལ་འབྱོར་ཏོག་ཙམ་་་ཡོད་དུས་་་ད་སྨྱོན་པ་འདྲ་་བོ་ཆགས་འདུག་བ་་་ད་ཨོ་སར་ཀྲིར་ལ་ཡང་མགོ་འཛུག་ཚར་འདུག་་ལྟས་ངན་དེ་ཚོ་་་ག་རེ་གི་ཚོགས་པ་རེད་་་་རྙོག་གྲ་ཅང་ཅང་་དྲ་ལམ་ནས་བཏང་་་། ལྟོས་དང་་་འབྲུག་རྒྱལ་ཁབ་གཙང་མ་ཅན་་་གང་འདྲ་འདུག་སུས་སུ་ལ་དྲ་ལམ་ནང་དུ་ཕྲག་དོག་དང་ངན་སེམས་བྱས་འངུག་གམ་་་བོད་པ་སྤྲང་པོ་ཚོས་འདི་མ་གཏོགས་ཅི་ཡོད་་་་འདི་མང་གཙོ་མ་རེད། ཕྲག་དོག་རེད། འདི་མང་གཙོ་སྨྲ་བརྗོད་མ་རེད། འགྲན་སེམས་རེད། འདི་མང་གཙོ་མ་རེད་བསམ་ངན་རེད། ད་དུང་བོད་པ་ཚོས་དབུ་མའི་ལམ་ངང་རང་བཙན་དགོས་ཟེར་ན་ཧཧཧཧཧཧ། ངས་གོ་ཐོས་ལ་དེང་སང་ཨ་རི་དང་ཀེ་ན་ཌ་སོགས་བོད་པའི་ཆོས་ཚོགས་ནང་བོད་མི་ཡོང་བཅུག་མི་འདུག་ཟེར་་་ཆོས་ཚོགས་ཕལ་ཆེར་རྒྱ་རིགས་དང་མགོ་སེར་རེང་ཟེར་་་་ཁོང་ཚོ་ཟེར་དུས་བོད་པ་ཆབ་སྲིད་མ་གཏོགས་་་ཆོས་བྱེད་ཀྱི་མ་རེད་དེ་ནས་རྙོག་དྲ་བཟོ་ཡོང་གི་འདུག་ཟེར་ནས་ཁོང་ཚོས་བོད་པའི་མི་ལ་སྡང་པོ་འདུག་ཟེར་དོན་དག་འངི་འངྲ་རེང་ཞག་་་་

  6. བྱང་ཆུབ་ལོ་མ། says:
    2019-01-15 at 7:53 pm

    རྩོམ་པ་པོས་རྩོམ་ཡིག་འདིའི་ནང་དོན་ལྟེ་བ་ཅི་ཡིན་སྙིང་བསྡུས་ཤིག་བྱས་ནས་ངོ་སྤྲོད་ཡོང་བའི་རེ་བ་ཞུ།

  7. ཇོ་སྲས་ངག་དབང་། says:
    2019-01-15 at 10:35 pm

    མགོ་ནས་མཇུག་བར་བཀླགས་པ་ཡིན། བརྗོད་བྱའི་སྙིང་པོ་གང་ཡིན་གོ་མ་སོང་།

  8. ཨ་ཤོ་ཀ། says:
    2019-01-16 at 8:32 am

    འདི་རྩོམ་གྱི་དིན་དག་རྡོག་རྡོག་ནི། ཨོ་གླིང་ནང་དུ་བོད་ཀྱི་དོན་གཅོད་་་དང་་་ཡང་་་བོད་རིག་མཐུན་ཚོགས་པ་གཉིས་་་་ཕན་ཚུན་ཕྲག་དོག དམའ་འབེབ། གཅིག་གི་གཅིག་བཀའ་འོག་མི་བརྩི། ཐམས་ཅད་སོ་སོས་འབྱིན་རབ་དང་ཡག་རབ་བཤད་བཞག་ོ་ཅན་རྩོམ་ཡིག་རེད་འདུག་་་ཧཧཧཧཧ། བོད་པ་ནུབ་ཕྱོགས་ལུང་པར་ལྟོ་རྒྱགས་ན་་་་འདི་འངྲ་རེད་འདུག་བ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme