Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷད་མེད་པའི་བརྩེ་བ་བདག་སྐྱོང་གནང་དགོས།

Posted on 2019-01-02 By ཁ་བརྡ No Comments on ལྷད་མེད་པའི་བརྩེ་བ་བདག་སྐྱོང་གནང་དགོས།

རོང་པོ་བློ་བཟང་རིན་ཆེན།
 
ང་རང་ཨིན་གཞས་སྙན་མོ་ཞིག་ལོངས་སུ་སྤྱོད་བཞིན་ཁང་པའི་ཡང་ཐོག་ཏུ་ལྷོད་ཀྱིས་རྒྱང་ལྟ་བྱེད་སྐབས། རྒྱང་རིང་གི་མཚམས་སྤྲིན་གྱིས་ང་ལ་གྱེས་བརྡ་གནང་ཞོར་ཕྱིར་མིག་ཐེངས་གཅིག་བལྟས་ཏེ་ཡུན་གྱིས་བཞུད་སོང་། ཕྱི་ལོགས་སུ་མུན་པ་རིམ་གྱིས་འཐུག་པོ་འཐུག་པོར་གྱུར་ཏེ་འདུ་ཁང་གསར་པའི་རྒྱ་ཕིབས་ཀྱང་མི་མངོན་པར་གྱུར། དེ་རྗེས་ང་རང་གཅིག་པུ་བསམ་གཞིག་གི་ཀློང་ལ་འགྲིམས་ཏེ་འདི་ལྟར་བསམས་བྱུང་།

མི་ནི་ཇི་འདྲའི་མཚར་སྣང་ལྡན་པ་ཞིག་རེད། རང་ཉིད་ལ་ཁ་ཞེ་གཉིས་མེད་ཀྱིས་ལྷག་བསམ་རྣམ་དག་དང་། བདེན་པ་བདེན་ཐུབ་ཀྱི་སྐད་ཆ་བསྙད་ཀྱང་། རང་ནུས་གང་ལྕོགས་ཀྱིས་ཕན་པ་སྒྲུབ་མཁན་དག་ལ་སྣང་མེད་དང་གཡོ་ཟོལ་རྐྱང་རྐྱང་གིས་སྐྱེལ་ཅིང་། རང་ཉིད་ལ་ཕན་ཐོགས་སྣ་གཅིག་བསྒྲུབས་མ་མྱོང་ཞིང་། ལྷག་བསམ་འཁྱུག་ཙམ་ཡང་དཀར་མ་མྱོང་བའི་མིང་གྲགས་ཅན་རེ་མཐོང་མ་ཐག་གམ། ཡང་ན་གདོང་གི་སྐྱི་ལྤགས་བཟང་ས་ཞིིག་ལ་འཕྲད་ཚེ་ཁ་གདངས་ཤིང་མིག་ཅེར། ལུས་པོ་འཁུམས་ཤིང་མཆི་མ་ཤོར་ནས་སེམས་གཏམ་ལྷུག་ལྷུག་ཏུ་བརྗོད་ཀྱང་མགོ་བོ་བྱ་དེ་ལྟར་གཡུགས་པ་ནི་ཇི་འདྲའི་མཚར་སྣང་སྐྱེ་འོས་པ་ཞིག་མ་རེད་ཨང་།

མ་གཞི་དབང་ཆ་ཡོད་མེད་དང་། དབུལ་ཕྱུག་གང་ཡིན། མཛེས་སྡུག་ལྡན་མིན། མིང་གྲགས་ཡོད་མེད་སོགས་ཅི་ཡིན་ལ་མ་ལྟོས་པར་གཞན་ལ་གུས་བཀུར་དང་མཛའ་འབྲེལ། རྗེས་སུ་ཡི་རང་དང་གཏམ་བརྗོད། བཀའ་དྲིན་རྗེས་དྲན་དང་བརྩེ་སེམས་ཟོལ་མེད་བྱེད་པ་སོགས་ནི་མི་ཞིག་ལ་དགོས་ངེས་ཀྱི་ཡོན་ཏན་དང་། རིན་ཐང་གཞལ་དུ་མེད་པའི་མཛེས་རྒྱན་ཞིག་ཡིན་པར་གདོན་མི་ཟ། འོན་ཀྱང་གམ་གྱི་གྲོགས་དང་། བརྩེ་བའི་ནང་མི་སོགས། རང་ལ་བློ་སེམས་ཁ་བ་བཞིན་དཀར་བའི་མི་རྣམས་ལ་དེ་ལྟར་མི་བྱེད་པ་ནི་ཁྲེལ་རྒོད་རང་བཞིན་དུ་ཤོར་ཞིང་ཞེན་པ་གཏིང་ནས་ལོག་པའི་རང་བཞིན་ཞིག་མ་རེད་དམ།

ཁོ་བོས་འདི་ལྟར་བསམ་གཞིག་ཐར་ཐོར་ཞིག་བཏང་བ་འདི་འཚིག་ཇ་ཕོར་གང་འཐུང་ཞོར་ཡིག་གཟུགས་སུ་བརྩམས་ཏེ་བརྩེ་བའི་ཆོས་གྲོགས་ཤིག་ལ་ཡུན་རིང་མ་མཇལ་བས་ལེགས་སྐྱེས་སུ་ཕུལ་སྐབས། དཀར་གསལ་ཟླ་བ་ནམ་མཁའི་དཀྱིལ་ལ་སླེབས་ཤིང་། མཛེས་སྡུག་རྣམ་པར་བཀྲ་བའི་སྐར་ཚོགས་ཀྱིས་ང་ལ་དགའ་བའི་འཛུམ་མདངས་དཔག་ཏུ་མེད་པ་གནང་བྱུང་།

2018/12/29ཉིན་མགྲོན་ཁང་ཆུང་ཆུང་ཞིག་ཏུ་བྲིས།

ལྷུག་རྩོམ།

Post navigation

Previous Post: བྱང་ཨ་རིའི་དོན་གཅོད་དང་ཁྱི་སྤྲུལ་དབང་ཆེན་ཉི་མ་གཉིས་ཀྱི་དཔུང་སྒྲིག་དཔུང་ངོམ།
Next Post: ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཁྲི་རབས་གཉིས་པ་མངའ་གསོལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme