Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐལ་དྲག་པའི་ཕེབས་བསུ།

Posted on 2018-12-11 By ཁ་བརྡ 7 Comments on ཐལ་དྲག་པའི་ཕེབས་བསུ།

གྲགས་པ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སངས་རྒྱས་མཆོག དེ་རིང་ཨོ་སི་ཊི་ལི་ཡ་ལ་ཕྱོགས་བསྐྱོད་བྱེད་པ་དེ་ཀུན་གྱིས་མཁྱེན་གསལ་རེད། གུས་པས་འདི་ནས་ཞུ་འདོད་པ་ནི་སྲིད་སྐྱོང་མཆོག་གི་ཕྱོགས་བསྐྱོད་ཀྱི་ནང་དོན་དང་། ས་གནས་སུ་བོད་རིགས་མཐུན་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ། དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱི་གནང་སྟངས་སོགས་སྙོག་འཛིང་ཅན་གྱི་ལས་དོན་དེ་འཚོ་གནས་སྐབས་བཞག་ནས། སྲིད་སྐྱོང་མཆོག་ལ་ཕེབས་བསུ་ཞུ་སྟངས་ཀྱི་རྣམ་པ་ལ་བསམ་ཚུལ་ཞིག་འདོན་འདོད་པ་དེ་ཡིན།

འདས་ཟིན་པའི་བཀའ་སྤྱིའི་འོས་བསྡུའི་སྐབས་ཆོལ་ཞེན་ཅན་གྱི་མི་བུ་ཀླད་གཏོང་མང་དག་ཅིག་གིས་ནགས་གསིང་གི་སྤྲེའུ་ནང་བཞིན་གནམ་ཐང་ཁག་ནས་རང་འཚང་ཕྱི་ལ་བསྟན་ནས་ཀི་དུར། འུར་ཟིང་རྒྱབ་པ་དེ་ཚོ་ནི་མཐོང་ཟིན་པ་རེད། ད་རེས་ཡིན་ནའང་འདས་ཟིན་པའི་བྱ་སྤྱོད་ངན་གོམས་དེ་རང་ཡིན་པ་གཞི་ལ་བཞག་ནས་ཕེབས་བསུ་བྱེད་པའི་རྣམ་པ་ཡོད་པ་གང་ཞིག་ལ། ཆེས་བློ་ལ་མི་འབབ་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཕྱག་ཟུང་ཐལ་མོ་སྦྱར་བ་དེ་ཚོ་བེད་སྤྱོད་བཏང་ནས་སྲིད་སྐྱོང་ལ་བསུ་མ་བྱེད་པ་ནི་ཐལ་དྲག་པ་ཞིག་རེད། སྲིད་སྐྱོང་ལ་ས་གནས་མི་མང་གིས་བསུ་མ་བྱས་པ་དེ་ལ་གང་ཡང་བཤད་ཀྱིན་མེད། ཕེབས་བསུ་བྱེད་ཀྱང་དགོས་ངེས་རེད། དེ་ལ་གང་ཡང་བསམ་འཆར་མེད།  འོན་ཀྱང་བསུ་མ་བྱེད་སྟངས་དེ་ལུགས་དང་མ་མཐུན་པ་ཞིག་རེད། ལྷག་པར་དུ་བོད་ཆོད་ལྡན་གྱི་ཞིང་འདིར་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ནི་བཅའ་ཁྲིམས་རིན་པོའི་དགོངས་དོན་གཞི་ལ་བཞག་ནས་བལྟས་ཀྱང་༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་ངོ་བོ་དང་མཚོན་རྟགས། བོད་མི་རིགས་ཀྱི་བླ་ན་མེད་པའི་མགོན་སྐྱབས་རེད། ཁོང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེས་གང་ཟག་བྱེ་བྲག་པ་ཞིག་ཕེབས་བསུ་བྱེད་ཀྱི་ལག་ཆ་ལྟ་བུ་བྱས་ནས། ལྷག་པར་དུ་བཙན་བྱོལ་ནང་ལ་དེ་འདྲའི་ངན་གོམས་ཤིག་ཡོད་པ་༸གོང་ས་མཆོག་དང་མཉམ་དུ་སྐུ་པར་སྒྲོན་པ་དེ་ལག་ཆ་བྱས་ནས་སྤྱི་ཚོགས་ནང་ལ་རང་གི་གཟི་བརྗིད་ངོམ་བྱེད་དང་། ༸གོང་ས་མཆོག་རང་ལ་ཐུགས་མཉེས་པོ་ཡོད་འདོག་བསྟན་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་རེད། འདི་ཚོའི་རིགས་ལ་དཔལ་ལྡན་སྲིད་སྐྱོང་གི་ངོས་ནས་ཀྱང་ལམ་སྟོན་དང་། གོ་སྐོན་སློབ་གསོ་བྱེད་རྒྱུ་ཕར་བཞག་ནས་རང་གི་གཟི་བརྗིད་ངོམ་བྱེད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་བཞིན་པ་ནི་མཛད་གཙོ་ཞིག་གི་ཕྱག་ལས་གནང་སྟངས་ཤིག་གཏན་ནས་མ་རེད་སྙམ། སྲིད་སྐྱོང་གི་ཕེབས་བསུ་ལ། ༸གོང་ས་མཆོག་གི་སྐུ་པར་གྱིས་ཕེབས་བསུ་བྱེད་བྱེད་ཀྱི་ལུགས་སྲོལ་འདི་ད་སྔར་མེད་པའི་ལུགས་སྲོལ་ཁྱད་མཚར་བོ་ཞིག་རེད།

མདོར་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བློ་གཟི་བོར་གནས་པའི་ཐོག་ནས་འདིའི་རིགས་ལ་བསམ་གཞིག་ནན་ཏན་བྱེད་དགོས་པའི་དུས་ལ་བབས་འདུག ཕྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༢ ཚེས་ ༤ ཉིན།

བསམ་ཚུལ།

Post navigation

Previous Post: གཡང་ཕྱུག་མཚོའི་གསང་དོར།                   
Next Post: ཕྱི་གླིང་དུ་ཕ་མ་གསར་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གསར་པ།

Comments (7) on “ཐལ་དྲག་པའི་ཕེབས་བསུ།”

  1. དམར་ཁ་ཚ། says:
    2018-12-12 at 1:36 am

    ཧཧཧ་བློན་རྟགས་སྟོན་མཁན་ཇེ་མང་རེད།

  2. དམར་ཁ་ཚ། says:
    2018-12-12 at 1:37 am

    བླུན་རྟགས

  3. བློ་བཟང་༡༩༩ says:
    2018-12-12 at 5:17 am

    འདི་ལ་ང་རྒྱབ་སྐྱོར་ཡོད། སྲིད་སྐྱོང་ཕེབས་པའི་སྐབས་སུ་གོང་ས་མཆོག་གི་སྐུ་པར་ཁྱེར་བ་དེས་ག་རེ་མཚོན་གྱི་ཡོད་བ་རེད། ཕེབས་བསུ་ལ་ཡོང་མཁན་གྱི་མི་དེས་ག་རེ་མཚོན་གྱི་ཡོད་པ་རེད་དེ་གཉིས་གཅིག་པ་རེད། རྒྱལ་བའི་སྐུ་པར་འཁྱེར་དགོས་ས་དང་མི་དགོས་ས་ཧ་མ་གོ་བ་རེད། སྲིད་སྐྱོང་ཕེབས་སྐབས་བདེ་བོ་མེད་མ་ཟད། གོང་ས་མཆོག་སྐུ་དངོས་ཕེབས་སྐབས་སྒོ་ཆེན་དེ་འདྲའི་སྟེང་དུ་གོང་ས་མཆོག་གི་སྐུ་པར་མཐོང་འགྲོལ་རིན་པོ་ཆེ་ཕྱག་གཉིས་ཐལ་མོ་སྦྱར་བ་དེ་འདྲ་འགོད་ནས་ [བྱོན་པ་ལེགས།] དེ་འདྲ་བྲིས་བ་མཇལ་དུས་ཚོར་བ་ཁྱན་ཚར་ཞིག་སླེབ་ཀྱི་འདུག སྐུ་པར་དང་ བྱོན་པ་ལེགས། གཉིས་ཀྱི་བར་ལ་འབྲེལ་ག་རེ་འདུག་བསམ་ད། དེ་ནི་རྒྱ་གར་གྱི་ཆ་སྲིད་མི་སྣ་བྱེད་ཀྱིན་ཡོད་པ་དེ་དཔེ་ལེན་པ་རེད། ཁོང་ཚོས་པར་སྦྱར་གྱི་རེད། ཁོང་ཚོ་མི་མང་གིས་ཧ་གོ་དགོས་ཀྱི་ཡོད་པ་རེད། ཁོང་ཚོས་ཁོ་རང་པར་སྦྱར་ནས་ཁོང་རང་གི་ལབ་རྒྱུ་དེ་ཡི་གེར་བྲི་གི་ཡོད་བ་རེད།

  4. རྫ་ཚེ་རིང་བཀྲ་ཤིས། says:
    2018-12-12 at 5:28 am

    ང་ནི་སིད་ནིས་ན་ཡོད་ཀྱང་ཕེབས་སུ་ལ་ནི་འགྲོ་མ་ཐུབ། ཡིན་ན་ཡང་། དྲང་མོ་བཤད་ན། ཀུ་འདེབས་པ་དེ་གནའ་པན་ཆེན་རིན་པོ་ཆེ་བྱོན་དུས་སོགས་ལ་བོད་ནང་ལ་དེ་འདྲ་མང་པོ་བྱས་འདུག དེ་བོད་ནང་ནས་ཁམས་དང་ཨ་མདོའི་ཕྱོགས་མང་པོ་ཞིག་ལ་དགའ་བསུའི་རྟགས་རེད། ཕྱི་གླིང་ལ་ཡང་དགའ་བསུའི་ཆེད་དུ་སྐད་ཅོར་ཆེན་པོ་རྒྱག་པ་དེ་འདྲ་གཞས་པ་གྲགས་ཅན་སོགས་ཀྱི་འཁྲབ་ར་ན་ཧ་ཅང་མང་མོད། འོན་ཀྱང་། གནམ་ཐང་དུ་དེ་ལྟར་བྱས་པ་དེ་ཅུང་ཟད་སྐབས་ཀྱི་ཁོར་ཡུག་གི་གནས་བབ་དང་མ་མཐུན་པ་ཞིག་ཆགས་ཀྱི་ཡོད་ས་རེད་དྲན། ཡིན་ན་ཡང་། གོང་ས་མཆོག་གི་སྐུ་པར་མ་ཁུར་ནས་བོད་ཀྱི་རྒྱལ་དར་དང་སྲིད་སྐྱོང་བློ་བཟང་སེང་གེའི་སྐུ་པར་ཙམ་ཁུར་ན་ནི་དེ་ལས་ཀྱང་ཞྭ་མོ་ཚབས་ཆེ་བ་ཞིག་གཡོགས་ངེས་ཡིན་ཏེ། སྐུ་པར་ཁུར་ཡོད་མེད་དང་བཤམས་ཡོད་མེད་དེ་མ་གཞི་ནས་ཚོར་བ་སྐྱེན་པའི་གནད་དོན་ཅིག་རེད། དེས་ན་ཁུར་འདུག་ལབ་ནས་བཀའ་བཀྱོན་གནང་ན་ཡང་། མ་ཁུར་བ་ལས་ཞྭ་མོ་དེ་ཚབས་ཆུང་བ་མེད་འགྲོ་དྲན། ཧཧཧབོད་ཀྱི་རྒྱལ་དར་ཁུར་བ་བཞིན་༧གོང་ས་མཆོག་གི་སྐུ་པར་ཁུར་བ་ནི་༧གོང་ས་མཆོག་ང་ཚོའི་ངོ་བོ་མཚོན་པའི་མཚོན་རྟགས་ཡིན་པའི་ཆ་ནས་ཡིན་པ་ལས་༧གོང་ས་མཆོག་ཕེབས་གསུ་ལ་གདན་དྲངས་པ་རང་མ་རེད་སྙམ། དེ་ང་རང་གི་ལྟ་ཚུལ་ཡིན། ལས་འགུལ་དང་སྐད་འབོད་སུམ་ཅུའི་དུས་དྲན་ཚང་མ་ལ་༧གོང་ས་མཆོག་གི་དཔར་ཁུར་བ་དེ་དོན་དེ་འདྲ་ཞིག་མིན་ནམ་སྙམ། གནམ་ཐང་དུ་ཡང་༧གོང་ས་མཆོག་གི་དཔར་མང་པོ་ཁུར་ནས་སྲིད་སྐྱོང་ཕེབས་གསུ་ཞུ་བ་དེ་ཆབ་སྲིད་ཀྱི་བརྡ་ལན་ཞིག་ནི་ཡིན་ངེས་ཅན་རེད། ཡིན་ན་ཡ་སྒྲིག་ལམ་དང་ཚུལ་མཐུན་དགོས་པ་ཨ་ཅང་ཅང་།

  5. བསམ་ཤེས། says:
    2018-12-12 at 10:33 am

    སྲིད་སྐྱོང་དེ་ངོ་མ་བཀྲ་མ་ཤིས་པ་ཞིག་རེད། གང་དུ་སོང་ཡང་ལྟས་ངན་དང་། འཁྲུག་རྩོད། མུ་གེ། ནད་ཡམས། གྱོད། ཁ་མཆུ།

    ལོ་གསར་པ་མ་འཆར་གོང་ལ་ལྟས་ངན་ཐམས་ཅད་འབྱུར་དེ་ཕྱིར་འབུད་གཏོང་དགོས་འདུག ཉེ་འཆར་བོད་ཀྱི་བུད་མེད་བདུན་ཙམ་གྱིས་སྲིད་སྐྱོང་ཁྲིམས་ལ་སྦྱར་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག ཁ་མཆུ་གཙོ་བོ་དེ་སྲིད་སྐྱོང་གིས་ཁོང་ཚོར་ཐུབ་ཚོད་དང་། བཙན་གཡེམ། མནར་གཅོད་གཏོང་བའི་སྐོར་རེད། མི་འགྱངས་པར་དེ་ཚོའི་སྐོར་ཞིབ་ཕྲ་ངོ་དེབ་ཐོག་གསལ་བསྒྲགས་སྤེལ་རྒྱུ་རེད་འདུག

  6. བསམ་ཤེས། says:
    2018-12-12 at 10:42 am

    གོང་ལ་བཤད་པའི་བོད་ཀྱི་བུད་མེད་ཀྱིས་སྲིད་སྐྱོང་ལ་ཁ་མཆུ་བཙུགས་པ་དེ། འདིར་ཀྱང་བཤད་འདུག

    https://www.youtube.com/watch?v=hwG1ekFlBA4

  7. དགོན་པ་ཚང་ དར་རྒྱས་ says:
    2018-12-13 at 2:39 pm

    བློ་སེང་གིས་བུད་མེད་ཁག་ཅིག་ལ་ཚུལ་མིན་ཁྲིག་སྤྱོད་བྱས་པའི་ཁོངས་ནས་བུད་མེད་རྒྱ་གར་རྦེང་ལོར་ནས་ཡིན་པ་ཞིག་གིས་དོན་ཚར་སོང་ཁོ་མོས་བཤད་ཡག་ལ་ཁོ་མོ་སྲིད་སྐྱོང་གཉམ་དུ་འཁྲིག་པ་སྤྱོད་རྒྱུ་མ་བྱུང་ལབ་མ་སོང་ཁོ་མོས་བཤད་ཡག་ལ་སྲིད་སྐྱོང་གིས་ཚུལ་མིན་འཁྲིག་སྤྱོད་སྐོར་བཤད་མཁན་མི་དེ་ལ་ཁུང་ལུང་འདྲི་འཕོས་མ་སོང་ ཁོ་མོས་མི་དེ་ཨ་རིའི་མཚོ་དམག་གི་དམག་མི་རེད་ལབ་སོང་མི་དེའི་སྐོར་ལ་ཁོ་མོར་རྒྱུས་མངའ་འདུག་ཁོ་མོས་མི་དེ་ཐང་ཐང་མ་རེད་ལབ་སོང་གལ་ཏེ་མི་དེ་ཐང་ཐང་མིན་ན་ཨ་རིའི་དམག་ཞབས་པ་བྱ་ཆོག་གི་མ་རེད་དེར་གཏན་བུས་མེད་དེ་དང་སྲིད་སྐྱོང་བློ་སེང་བར་ལ་ཚུལ་མིན་གབ་མཐུན་གྱི་འཁྲིག་སྤྱོད་བྱུང་པར་གོ་འཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme