Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་གྱའི་ཁྱུང་སྔོན་གྱི་རྔུལ་ཆུ་དང་ཚངས་སྲས་བུམ་པ་རྟགས་མའི་སྙན་ངག་འགྲན་བསྡུར་གླེང་བ།

Posted on 2018-12-062018-12-06 By ཡེ་ཤེས་ 1 Comment on ཁ་གྱའི་ཁྱུང་སྔོན་གྱི་རྔུལ་ཆུ་དང་ཚངས་སྲས་བུམ་པ་རྟགས་མའི་སྙན་ངག་འགྲན་བསྡུར་གླེང་བ།

ཀླུ་སྨྱོན་ཧེ་རུ་ཀ

གཉིས་པ།


ལོ་ཤས་སྔོན་ནས་དྲ་ལམ་རིག་གནས་ཀྱི་འཁོར་རྒྱུགས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ཏེ་བོད་ཀྱི་རྩོམ་རིག་སྤྱི་དང་ཁྱད་པར་དུ་སྙན་ངག་རིག་པའི་ཕྱོགས་སུ་སྣང་མེད་དུ་གཏོང་མི་ཐུབ་པའི་དོན་དག་མང་པོ་ཞིག་བྱུང་དང་འབྱུང་བཞིན་འདུག གཅིག་ནི་གལ་སྲིད་བོད་ཀྱི་སྙན་ངག་པ་ཞིག་གིས་སྙན་ངག་ཅིག་བྲིས་ཏེ་དྲ་ལམ་དུ་བཞག་མ་ཐག་སྐད་ཅིག་དེ་ཉིད་ལ་སྙན་ངག་དེས་ཤར་ནུབ་འཛམ་གླིང་ལ་དཀྲིས་བརྒྱབ་ནས་འགྲོ་བཞག་པ་དེ་རེད།

སྙན་ངག་པ་ཁ་གྱའི་ཁྱུང་སྔོན་གྱི་སྙན་ངག་དག་ཀྱང་ངས་བརྒྱུད་ལམ་འདི་འདྲ་ཞིག་ནས་ཡང་དང་སྐྱར་དུ་མཇལ་མྱོང་། ངས་རང་གིས་བརྒྱུད་མྱོང་བའི་རྩོམ་རིག་གསར་རྩོམ་གྱི་ལོ་ཟླ་དཀའ་སྡུག་ཅན་དེར་ཕྱིར་བལྟས་ཤིག་བྱས་ཚེ། གྲོགས་པོ་ཁྱུང་སྔོན་ལྟ་བུའི་རྩོམ་པ་པོ་དག་གི་ལས་དབང་ལ་ཡིད་སྨོན་སྐྱེ་དགོས་བྱུང་། དེ་ནི་ཁོང་ཚོར་རང་ཉིད་ལ་དབང་བའི་དྲ་ཚིག་དང་ཚོགས་པ་གང་འདོད་ཅིག་ཡོད་པས་ཡིན།
ལོ་འདི་དག་གི་རིང་རྒྱ་ནག་རྒྱལ་ཁབ་སྤྱི་དང་ཁྱད་པར་དུ་ང་རང་གི་ཕ་ས་ཕ་ཡུལ་བོད་གངས་ཅན་པའི་ཡུལ་དུ་ཡང་འགྱུར་ལྡོག་མང་པོ་ཞིག་བྱུང་ཟིན། དེ་ནི་འབྲོག་མོ་ཚོས་རང་རང་གི་རྐང་སྣམ་གྱི་ཁ་ལ་ཟྭ་བརྒྱབ་པ་དེ་མིན་ལ། དེ་ནི་ཕོ་གསར་ཚོས་རང་གི་འདོད་སྤྱོད་བརྙན་དུ་བླངས་ནས་དྲ་ལམ་དུ་བཞག་པ་དེ་བས་ཀྱང་མིན། དེ་ནི་རང་རེ་སྙན་ངག་པའི་སྡེ་ཡི་ཁྲོད་དུ་དཀའ་སྡུག་ལ་མགོ་མི་སྒུར་བའི་འཆི་ཕོད་རུ་ཁག་ཅིག་བྱུང་དང་འབྱུང་བཞིན་དེ་ཡིན། རུ་ཁག་དེའི་མགོ་ཁུངས་སམ་དར་འཕྱར་མཁན་དོན་གྲུབ་རྒྱལ་དང་ལྗང་བུ་སོགས་ལ་གཏུགས་དགོས་ཤིང་། རུ་ཁག་དེའི་རྔ་རྡུང་བ་སེང་རྡོར་དང་གཟི་མིག་གསུམ་པ་སོགས་ཀྱང་གླེང་དགོས་ལ། རུ་ཁག་དེའི་གདོང་མཆོང་བ་གྲོགས་ཁྱུང་སྔོན་སོགས་ངུར་སྨྲིག་སྐེད་པར་དཀྲིས་ནས་སྙན་ངག་གི་གཟུངས་སྔགས་གྱེར་མཁན་འདི་ཚོ་རེད།
གྲོགས་ཁྱུང་སྔོན་གྱིས་ཉེ་སྔོན་ཚངས་སྲས་བུམ་པ་རྟགས་མའི་སྙན་ངག་འགྲན་སྡུར་ཞིག་སྤེལ་ཞིང་། འགྲན་སྡུར་དེའི་ཁྲོད་དུ་མདོ་དབུས་ཁམས་གསུམ་གྱི་སྙན་ངག་པ་ལྔ་བརྒྱ་དང་དྲུག་ཅུ་ཡས་མས་ཀྱིས་སྙན་ངག་བསྐུར་ཡོད་ཅིང་། ཁོང་གིས་སྙན་ངག་དེ་དག་ལས་སྙན་ངག་བརྒྱད་ཅུ་བདམས་རྗེས་ཆེད་ཞུས་དཔྱད་འདེམས་པ་མི་བདུན་གདན་དྲངས་པ་ཚོས་མཇུག་མཐའི་སྙན་ངག་པ་བཅོ་ལྔའི་སྙན་ངག་ལ་བྱ་དགའ་བསྩལ་ཡོད།
སྙན་ངག་པ་ལྔ་བརྒྱ་དང་དྲུག་ཅུ་ཞེས་པའི་ཐ་སྙད་འདིས་ཅུང་མིན་ན་ངའི་མགོ་བོ་གཏོར་བཞག མི་ལྔ་བརྒྱ་དང་དྲུག་ཅུ་ནི་བོད་ལ་མཚོན་ན་དགོན་ཆེན་ཞིག་གི་གྲྭ་ཚང་མིན་ནམ། མི་ལྔ་བརྒྱ་དང་དྲུག་ཅུ་དུས་གཅིག་ཏུ་ཁྱེད་ཚང་ལ་ཐོན་ན་ཁྱོས་ཁོང་ཚོར་ཇ་འདྲེན་ཆང་བསུ་ཇི་ལྟར་བྱེད།
ཐེངས་འདིའི་སྙན་ངག་འགྲན་སྡུར་ཁྲོད་བོད་ཁམས་ན་གྲགས་ཆེ་བའི་སློབ་གསོ་བ་ཆེན་མོ་རྒན་ལྡོང་ཡོན་ཏན་དང་སྙན་ངག་པ་གཅན་རང་སད། བླ་ནག་པ་སྐལ་ལྡན་རྒྱ་མཚོ་དང་ཀ་རྒྱའི་འཕྲིན་ལས་རྒྱ་མཚོ་ལྡོང་སྲས་སོགས་ཀྱི་བརྗོད་བྱ་ཟབ་ཅིང་བརླིང་ལ་རྗོད་བྱེད་སྙན་ཞིང་འཇེབས་པའི་སྙན་ངག་དག་གིས་རྩོམ་པ་པོ་སོ་སོའི་རྣམ་དཔྱོད་ཀྱི་རང་མདངས་དང་མཛེས་དཔྱོད་ཀྱི་ཤེས་རབ་འབུར་དུ་ཐོན་པར་བྱས་འདུག
སྤྱིར་ན་ང་རང་ནུབ་གླིང་ཨ་མེ་རི་ཀར་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་སྤེལ་དང་རང་གི་ཉིན་རེའི་སྒོམ་སྒྲུབ་སོགས་ཀྱིས་བྲེལ་བ་ཅུང་ཆེ་མོད། མ་མཐོང་རྒྱང་གི་གྲོགས་པོ་ཁ་གྱའི་ཁྱུང་སྔོན་མཆོག་ནས་འདི་ལྟ་བུའི་ངལ་བ་ཁྱད་བསད་ཀྱིས་བོད་གངས་ཅན་པའི་སྙན་ངག་རིག་པ་དར་སྤེལ་གྱི་ཕྱག་ལས་གསེར་གྱི་གླེགས་བམ་དུ་དགོད་འོས་པ་ཞིག་བསྒྲུབས་པར་ཤ་མེད་ཀྱང་རུས་པའི་གསེང་ནས་རྗེས་སུ་ཡི་རང་དང་དགའ་བསུའི་ཐལ་མོ་ཞིག་ཅིས་ཀྱང་བརྡེབ་པར་འདོད།
ང་རང་ཉིད་ཀྱི་འདས་པའི་མི་ཚེའི་ལོ་ཟླ་རིང་མོའི་ནང་དུ་ཡང་སྙན་ངག་རིག་པའི་ཕྱོགས་སུ་རང་གི་དུས་སྐར་བཏང་བ་ཅུང་མང་ཙམ་འདུག་ཅིང་། ངའི་མི་རབས་དེའི་སྐབས་སུ་བོད་ཀྱི་སྙན་ངག་རིག་པ་འདི་གོག་ནུར་གྱི་སྐབས་ཤིག་ཡིན་མོད། ཁ་གྱའི་ཁྱུང་སྔོན་སོགས་ཀྱི་དུས་རབས་འདི་ནི་བོད་ཀྱི་སྙན་ངག་རིག་པ་མཆོང་རྒྱུག་བྱེད་བཞིན་པའི་སྐལ་བཟང་ཞིག་རེད། དེ་བས་གྲོགས་ལགས་ཀྱིས་ཐེངས་འདིར་སྤེལ་བའི་ཚངས་སྲས་བུམ་པ་རྟགས་མའི་སྙན་ངག་འགྲན་སྡུར་སྤེལ་བ་ལ་ཡང་གཡུར་དུ་ཟ་བའི་གྲུབ་འབྲས་སྨིན་པ་རེད།
མི་མང་པོ་ཞིག་གིས་ལོ་ན་རྒས་རིམ་བཞིན་སྙན་ངག་རིག་པར་བཅངས་པའི་བརྩེ་དུང་གི་མདུད་པ་ཡང་ཞིག་འགྲོ་བར་གླེང་མོད། ང་ལ་མཚོན་ན་དེ་ལས་ལྡོག་སྟེ་ལོ་ཟླའི་གཉེར་མ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་སྙན་ངག་རིག་པའི་དུང་བ་ཡང་ཇེ་ཟབ་ཏུ་འགྲོ་བཞིན་འདུག དེ་བས་ཁ་གྱའི་ཁྱུང་སྔོན་ལྟ་བུའི་བོད་ནང་དུ་བཞུགས་པའི་སྙན་ངག་པ་དག་ལ་སེམས་ཀྱི་འཐམ་འཁྱུད་དུས་ཀུན་ཏུ་བྱེད་བཞིན་ཡོད་པ་མ་ཟད། ཁོང་ཚོས་བྲིས་པའི་སྙན་ངག་དང་ཁོ་ཚོས་སྤེལ་བའི་སྙན་ངག་གི་བྱ་འགུལ་དག་ལ་ཡང་རྣམ་ཀུན་རྣ་ཅོར་ཅོར་གྱིས་ཉན་བཞིན་པ་དང་མིག་བགྲད་བགྲད་ཀྱིས་ལྟ་བཞིན་ཡོད།
ཐེངས་འདིའི་ཁ་གྱའི་ཁྱུང་སྔོན་གྱི་སྙན་ངག་འགྲན་བསྡུར་ལ་བར་ཆད་ཅི་ཡང་མ་བྱུང་བར་ལེགས་འགྲུབ་བྱུང་བ་འདི་ནི་རང་རེའི་སྔོན་བྱོན་སྙན་ངག་པ་གོང་མ་དག་གི་བྱིན་རླབས་དང་། ད་བཞུགས་བོད་ཀྱི་སྙན་ངག་པ་ཚོའི་སེམས་ཤུགས་ཀྱི་མེ་ལྕེ་དྲག་ཏུ་འབར་བ་ལས་བྱུང་བ་ཞིག་རེད། དེ་བས་ང་ཚོས་སྙན་ངག་གི་འདས་པའི་ཉམས་མྱོང་དང་སྙན་ངག་གི་ད་ལྟ་བའི་གསོན་ཤུགས་གཉིས་མཉམ་བསྲེས་ཀྱི་སྙན་ངག་གི་མ་འོངས་པའི་ཁྱིམ་གཞིས་ཤིག་འགྲུབ་པར་བྱེད་དགོས།

དཔྱད་རྩོམ།

Post navigation

Previous Post: ངའི་དྲན་ངོས་ཀྱི་ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས།
Next Post: མཚར་གཏམ། སྨན་པ་དང་ནད་པ།

Comments (1) on “ཁ་གྱའི་ཁྱུང་སྔོན་གྱི་རྔུལ་ཆུ་དང་ཚངས་སྲས་བུམ་པ་རྟགས་མའི་སྙན་ངག་འགྲན་བསྡུར་གླེང་བ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-06 at 10:20 pm

    སྙན་པོ་ཐམས་ཅད་སྙན་ངག་མིན།
    བརྡ་སྤྲོད་ཚིག་རྒྱན་འཛོམས་ན་སྙན་ངག་རེད།
    ཞིམ་པོ་ཐམས་ཅད་ཁ་ཟས་མིན།
    ཟས་བཅུད་འཛོམས་ན་ཁ་ཟས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme